ཁུལ་སྲིད་གཞུང་གིས་ཏང་ཙུའུ་ཚོགས་འདུ་དང་རྒྱུན་ལས་ཚོགས་འདུ་བསྡུས།
ཟླ11པའི་ཚེས25ཉིན།ཁུལ་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཁུལ་དཔོན་དོན་གྲུབ་ཀྱིས་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཚོགས་འདུ་དང་རྒྱུན་ལས་ཚོགས་འདུར་མགོ་འཛིན་མཛད་ནས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་ཆར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་བཅས་ཀྱི་འབྲེལ་ཡོད་ཚོགས་འདུ་དང་ཡིག་ཆའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པ་མ་ཟད།འབྲེལ་ཡོད་བྱ་བའི་སྙན་ཞུར་ཉན་ནས།འབྲེལ་ཡོད་ཡིག་ཆ་དང་ཆེད་དོན་འཆར་འགོད་ལ་གྲོས་ཞིབ་དང་ཉེ་ཆར་གྱི་གཙོ་གནད་བྱ་བ་བཀོད་སྒྲིག་བྱས།
ཁུལ་སྲིད་གཞུང་གི་ཏང་ཙུའུ་ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་སྐུ་ཞབས་སུན་ཀྲུང་ཧྲན་སྐུ་འཁྲུངས་ནས་ལོ་འཁོར160ལོན་པར་རྗེས་དྲན་ཞུ་བའི་ཚོགས་ཆེན། དེ་མིན་ཀོང་ཏུང་ཀྲུང་ཧྲན་དུ་རྟོག་ཞིབ་གནང་སྐབས་སུ་བཏོན་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་དང་ཧྲུའུ་ཅི་ལུའོ་ཏུང་ཁྲོན་གྱི་གཏམ་བཤད་ཀྱི་དགོངས་དོན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཚོགས་འདུ་དང་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་དགོངས་དོན་བཅས་ལ་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས།ཚོགས་འདུ་ལས་གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་སྲུང་སྐྱོང་གཉིས་སྒྲུབ་ཐུབ་པར་བྱས་ཏེ། ཆོད་སེམས་ཇེ་བརྟན་དང་འབད་བརྩོན་ལྷོད་མེད་སྒོས།སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པ་དང་ནུས་ཁུངས་གཙང་མར་བརྟེན་ནས་ཁུལ་སྟོབས་ཆེར་གཏོང་བ། ཞིང་ཕྱུགས་ལ་བརྟེན་ནས་ཁུལ་བརྟན་པོར་གཏོང་བ། རིག་གནས་ཡུལ་སྐོར་ལ་བརྟེན་ནས་ཁུལ་དར་རྒྱས་སུ་གཏོང་བ་བཅས་ཀྱི་འཐབ་ཇུས་ལག་བསྟར་ནན་མོ་བྱས་ཏེ།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོ་གསར་པ་བསྐྲུན་པར་འབད་པ་བྱ་དགོས། རྒྱུན་འཁྱོངས་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བར་སྐུལ་འདེད་བྱས་ཏེ། སྤྱོད་གཙང་དྲང་བཞག་གི་དེང་རབས་ཅན་གྱི་ཞབས་ཞུའི་རྣམ་པའི་སྲིད་གཞུང་ཞིག་བསྐྲུན་པར་ནུས་ཤུགས་འདོན་དགོས་ཞེས་ནན་གྱིས་བསྟན།
ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་དབང་ཁེ་ལས་ཀྱི་ཏང་གི་འཛུགས་སྐྱོང་བྱ་བའི་ཐད་ཀྱི་མཛུབ་སྟོན་གལ་ཆེན་དང་།མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་ཏེ། རྒྱལ་དབང་ཁེ་ལས་ཀྱི་བཅོས་སྒྱུར་འཕེལ་རྒྱས་ཀྱི་བདག་གཉེར་དང་ལོ་རེའི་སྐྱེ་ཁམས་ཁོར་སྲུང་གི་འགན་འཁྲི་ལག་བསྟར་བྱས་པའི་གནས་ཚུལ་གྱི་སྙན་ཞུར་ཉན་པ་དང་།ཚོགས་འདུ་ལས་རྒྱལ་དབང་ཁེ་ལས་ཀྱི་ཏང་གི་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དང་བཅོས་སྒྱུར་བསྐྱར་སྒྲིག་མགྱོགས་པོར་གཏོང་བ། སྦྲེལ་ཐག་ཧྲིལ་བོའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བཅས་བྱས་ཏེ། རྒྱལ་དབང་ཁེ་ལས་སྤུས་མཐོའི་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འཆར་ཅན་ལྟ་ཞིབ་ལྡོག་འདྲེན་གནད་དོན་གྱི་བཅོས་སྐྱོང་དམ་འཛིན་བྱེད་པ་དང་། ས་ཁོངས་ཡོངས་སུ་གད་སྙིགས་མེད་པའི་ཕྱོགས་བསྡུས་བཅོས་སྐྱོང་གི་ལོ་གསུམ་འགུལ་སྐྱོད་སྐུལ་འདེད་གང་ལེགས་བྱས་ཏེ། ལྗང་མདོག་འཕེལ་རྒྱས་ཀྱི་རྨང་གཞི་མུ་མཐུད་དུ་བརྟན་པོར་གཏོང་དགོས་ཞེས་ནན་གྱིས་བསྟན།
ཚོགས་འདུ་ལས་ཟླ11པའི་ཚེས23ཉིན་གྱི་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཚོགས་འདུ་དང་ཞིང་ཆེན་ཡོངས་ཀྱི་དུས་ཚིགས་བཞི་པའི་གཙོ་གནད་མངའ་ཁོངས་ཀྱི་འཁོར་སྐྱོད་བཀོད་གཏོང་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བརྒྱུད་བསྒྲགས་བྱས་ཤིང་། ཚོགས་འདུ་ལས་སྐྱེ་ཁམས་གཙོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། ཐོན་ལས་རིམ་སྤར་ལ་སྐུལ་འདེད་གཏོང་བ་དང་། ནུས་ཁུངས་གཙང་མ་དང་ལྗང་མདོག་རྩིས་ཤུགས། སྐྱེ་ལྡན་ཞིང་ཕྱུགས། སྐྱེ་ཁམས་རིག་གནས་ཡུལ་སྐོར་སོགས་ཀྱི་ཐོན་ལས་མུ་མཐུད་དུ་སྟོབས་ཆེར་བཏང་ནས། བདེ་འཇགས་ཐོན་སྐྱེད་དང་གནོད་འགོག་ཕྱུགས་སྐྱོབ། སྤྱི་ཚོགས་གཏན་འཇགས་བཅས་ཀྱི་འགོག་སྲུང་བརྟན་པོར་བཏང་སྟེ། བྱ་བ་སོ་སོ་བདེ་བླག་ངང་མཇུག་སྒྲིལ་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
རྒྱུན་ལས་ཚོགས་འདུ་ལས་ཟླ11པའི་ཚེས23ཉིན་གྱི་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བརྒྱུད་བསྒྲགས་བྱས་པ་དང་། འཕྲོད་བསྟེན་སྡེ་ཁག་ཅང་སུའུ་རུ་བསྐྱོད་དེ་ཁ་གཏད་རོགས་སྐྱོར་དང་ལྗང་མདོག་ཐོན་ལས་གླིང་ཁུལ་གྱི་དམངས་གཉེར་དཔལ་འབྱོར་གྱི་བཞུགས་མོལ་ཚོགས་འདུའི་སྟེང་གྲོས་ཐག་བཅད་པའི་དོན་ཚན་ལག་བསྟར་བྱས་པའི་གནས་ཚུལ། ལྗང་མདོག་དཔལ་འབྱོར་གསར་སྤེལ་ཁུལ་གྱི་སྙན་སེང་ཞུ་བ་སོགས་ཀྱི་ཡར་ཞུར་ཉན། ཚོགས་འདུ་ལས་སྤུས་ལེགས་ལས་གཞིའི་གྲབས་གསོག་བྱ་བ་ལེགས་པོར་བསྒྲུབ་པ་དང་གོ་རིམ་ཅན་གྱི་རྣམ་པ་ཆགས་ནས།ལས་གཞིའི་རྒྱབ་རྟེན་དང་རྨང་གཞི་བརྟན་པོར་གཏོང་དགོས། ཞིང་སྡེ་དང་འབྲོག་ཁུལ་གྱི་ཆུ་འདོན་ལེགས་སྒྱུར་མཐོར་གཏོང་གི་བཅོས་སྐྱོང་གྲུབ་འབྲས་སྲ་བརྟན་དུ་བཏང་ནས། རོང་འབྲོག་པའི་འཐུང་ཆུའི་བདེ་འཇགས་འགན་ལེན་བྱ་དགོས། དུག་འགོག་ལ་རྡུང་རྡེག་བྱེད་པའི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཚོགས་གཏན་འཇགས་ཀྱི་འགོག་སྲུང་མུ་མཐུད་དུ་བརྟན་པོར་གཏོང་དགོས། ཅང་སུའུ་ཡི་འབྲེལ་མཐུད་གྲུབ་འབྲས་ལེགས་བསྒྱུར་ལ་དམ་འཛིན་གང་ལེགས་བྱས་ཏེ། ཀ་རིམ་པ་གསུམ་པའི་གསར་སྐྲུན་བྱ་བར་སྐུལ་འདེད་གཏོང་བ་དང་། སྨན་བཅོས་དང་ཁམས་གསོའི་རྣམ་པ་ཇེ་ལེགས་སུ་བཏང་སྟེ། གཙོ་གནད་དང་ཁྱད་ལྡན་ཆེད་ལས་ཚན་ཁག་གི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་སྤེལ་བྱ་དགོས། སྡེ་ཁག་དབར་གྱི་མཐུན་སྦྱོར་ལ་ཤུགས་བསྣན་ནས་དུས་བཅད་ལྟར་ལྗང་མདོག་དཔལ་འབྱོར་གསར་སྤེལ་ཁུལ་གྱི་སྙན་སེང་བྱ་བའི་སྐུལ་འདེད་ལ་དམ་པོར་དམིགས་ཏེ། ཚོང་གཉེར་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་གཏོང་བ་དང་། གནད་འཁེལ་ཚོང་འགུག་དང་ཐོན་ལས་སྦྲེལ་ཐག་གི་ཚོང་འགུག་ལ་དམ་འཛིན་ཡག་པོ་བྱས་ནས། ཁེ་ལས་ཀྱི་དཀའ་ངལ་སེལ་བའི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་མུ་མཐུད་དུ་གཅིག་སྒྲིལ་བྱ་དགོས་ཞེས་ནན་གྱིས་བསྟན།