གནད་བསྡུས། 详情

གུང་ཧོ་རྫོང་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་ལ་རྒྱལ་ཁབ་ཀྱི་དུས་འབྲིང་དཔྱད་དཔོག་ཐོབ་པ།

2023-07-24 11:26:11 来源: 作者: 编辑:超级管理员

ཀྲུང་གོ་བོད་ཀྱི་དྲ་བ། ཚེ་རིང་རྒྱ་མཚོས་བསྒྱུར། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས13ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་དང་ཞིང་སྡེ་ཐིང་ནས་ཤེས་གསལ་ལྟར་ན།    ཉེ་ལམ།    ཞིང་ལས་ཞིང་སྡེའི་པུའུ་དང་ནོར་སྲིད་པུའུ་ཡིས་2022ལོར་ཆོག་མཆན་བཀོད་ནས་བསྐྲུན་པའི་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང50ཡི་དུས་འབྲིང་གི་གྲུབ་འབྲས་དཔྱད་དཔོག་བྱས་པ་དང་།     མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་ལ་དཔྱད་དཔོག་ཐོབ།

རྒྱུས་ལོན་པ་ལྟར་ན།    རྒྱལ་ཁབ་ཀྱི་དུས་འབྲིང་གི་དཔྱད་དཔོག་ནང་ཐོན་ལས་མཉམ་འདྲེས་དང་ལག་རྩལ་སྒྲིག་ཆས།    ལྗང་མདོག་འཕེལ་རྒྱས།    ཞིང་འབྲེལ་ཞིང་འཕེལ།    རྒྱུ་རྐྱེན་གཅིག་སྡུད།    མ་དངུལ་བེད་སྤྱོད།    རྩ་འཛུགས་དོ་དམ།    དཔེ་དབྱིབས་འཚོལ་ཞིབ་དང་རྒྱུ་ཆའི་ཆ་ཚང་རང་བཞིན་སོགས་ནང་དོན་དགུ་ལ་གཙོ་གནད་ཞིབ་དཔྱད་བྱས་པ་དང་།  ཆེད་མཁས་པས་ཞིབ་དཔྱད་བྱས་པ་བརྒྱུད་གུང་ཧོ་རྫོང་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་གཏོད་པའི་གྲུབ་འབྲས་ཚང་མ་འབྲེལ་ཡོད་དཔྱད་ཞིབ་ཀྱི་བླང་བྱའི་ཚད་གཞིར་སླེབས་ཡོད། 

རྗེས་མར་ཞིང་ལས་དང་ཞིང་སྡེ་པུའུ་དང་ནོར་སྲིད་པུའུ་ཡིས་ཐེངས་འདིའི་དཔྱད་དཔོག་ཐོབ་པའི་ཐོན་ལས་གླིང་ལ་མུ་མཐུད་དུ་ཀྲུང་དབྱང་ནོར་སྲིད་ཀྱི་བྱ་དགའ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར0.4སྤྲོད་རྒྱུ་ཡིན་པ་དང་།  གུང་ཧོ་རྫོང་སྲིད་གཞུང་གིས་ཀྲུང་དབྱང་ནོར་སྲིད་ཀྱི་བྱ་དགའི་ཁ་གསབ་མ་དངུལ་དང་།    ཀྲུང་དབྱང་གི་ཆེད་སྤྱོད་མ་དངུལ།    ཞིང་ཆེན་རིམ་པའི་ནོར་སྲིད་ཀྱི་ཞིང་སྐྱོར་མ་དངུལ་དང་གྲོང་གསེབ་དར་སྤེལ་བཅས་ཕན་འབྲས་ཡོད་པའི་སྒོ་ནས་སྦྲེལ་མཐུད་བྱས་ཏེ། མ་དངུལ་གཅིག་སྡུད་ཐོག་བསྡུ་སྒྲིལ་བྱས་པ་བརྒྱུད། དཔྱད་ཞིབ་དོ་དམ་བྱ་ཐབས་བཟོས་ཏེ་དེང་རབས་ཞིང་ལས་ཐོན་ལས་གླིང་དེ་རྫོང་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་གསར་པ་ཞིག་ཏུ་གསར་སྐྲུན་བྱ་རྒྱུ་རེད།  །


热门新闻

热门图库

热门排行