གཙོ་གནད། 详情

ཞི་ཅིན་ཕིང་གིས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་བྱ་བར་མཛུབ་སྟོན་གལ་ཆེན་གནང་བ།

ཞི་ཅིན་ཕིང་གིས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་བྱ་བར་མཛུབ་སྟོན་གལ་ཆེན་གནང་ནས་ནན་གྱིས་བསྟན་དོན། སྒྲིག་སྲོལ་ལྟར་ཏང་བཅོས་སྐྱོང་རྒྱུན་འཁྱོངས་བྱེད་པ་དེ་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་གཞི་རྩའི་བྱེད་ཐབས་སུ་བརྩིས་ནས། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་ལ་རྒྱུན་མཐུད་དང་སྤུས་ཚད་མཐོ་བའི་སྒོས་སྐུལ་འདེད་གཏོང་དགོས། ཚའེ་ཆི་རྒྱལ་ཡོངས་ཀྱི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་བྱ་བའི་གྲོས་ཚོགས་ལ་ཞུགས་ཤིང་གསུང་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ལམ་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་བྱ་བར་མཛུབ་སྟོན་གལ་ཆེན་གནང་ནས་ནན་གྱིས་བསྟན་དོན། ལོ་ལྔའི་རིང་ལ། ཏང་ཀྲུང་དབྱང་གིས་སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་སྒྲིག་སྲོལ་ལྟར་ཏང་བཅོས་སྐྱོང་ལ་ཇུས་འགོད་དང་སྐུལ་འདེད་བཏང་ཞིང་། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་ཏན་ཏིག་ནུས་ལྡན་དང་ཕན་འབྲས་མངོན་གསལ་ཐོབ་ཡོད། འཐབ་ལམ་གསར་པའི་སྟེང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་ནན་ཏན་བྱེད་པ། སྒྲིག་སྲོལ་ལྟར་ཏང་བཅོས་སྐྱོང་བྱེད་པ་དེ་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་གཞི་རྩའི་བྱེད་ཐབས་སུ་བརྩི་བ་རྒྱུན་འཁྱོངས་བྱེད་པ། ཏང་གི་མགོ་ཁྲིད་དང་ཏང་འཛུགས་སྐྲུན་ལ་ཤུགས་སྣོན་པར་དམ་པོར་དམིགས་པ། ཞན་ཆ་གསབ་པ་དང་ཉམས་ཞན་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་ལ་རྒྱུན་མཐུད་དང་སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་གཏོང་དགོས། ལམ་ལུགས་མ་ལག་འདུས་གྲུབ་ལ་དེ་བས་གཙིགས་འཛིན་དང་ལམ་ལུགས་སློབ་སྦྱོང་དང་སློབ་གསོར་དེ་བས་གཙིགས་འཛིན་། ལམ་ལུགས་ལག་བསྟར་ལ་དེ་བས་གཙིགས་འཛིན་། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་སྦྲེལ་མཐུད་དང་མཐུན་སྦྱོར་ལ་དེ་བས་གཙིགས་འཛིན་བཅས་བྱས་ཏེ། ཏང་ཕྱོགས་ཡོངས་ནས་ནན་གྱིས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བ་དང་། ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་སྲོག་ཤིང་དུ་འགྱུར་བར་ཁག་ཐེག་བྱ་ཆེད་དེ་བས་ནུས་ལྡན་གྱི་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས།

རྒྱལ་ཡོངས་ཀྱི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་བྱ་བའི་གྲོས་ཚོགས་ཚེས24ནས25ཉིན་བར་པེ་ཅིན་དུ་འཚོགས། གྲོས་ཚོགས་སྟེང་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་སྒྲོག་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་གྲོས་ཚོགས་ལ་ཞུགས་ཤིང་གསུང་བཤད་གནང་བ་རེད།

ཟླ11པའི་ཚེས24ཉིན་ནས་ཚེས25ཉིན་བར། རྒྱལ་ཡོངས་ཀྱི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་གནང་།

ཚའེ་ཆི་ཡིས་གསུང་བཤད་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དེ་གཟིགས་རྒྱང་རིང་བ་དང་ནང་དོན་ཕུན་སུམ་ཚོགས། ཆབ་སྲིད་རང་བཞིན་དང་མཛུབ་སྟོན་རང་བཞིན། དམིགས་གཏད་རང་བཞིན་བཅས་ལྡན་པས། འཐབ་ལམ་གསར་པའི་སྟེང་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་བྱ་བ་སྔར་བས་ལེགས་པོར་བསྒྲུབ་པར་ཁ་ཕྱོགས་གསལ་པོར་བསྟན་ཡོད།  ང་ཚོས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱེད་དགོས། 

ཚའེ་ཆི་ཡིས་བསྟན་དོན། ལམ་ལུགས་ལ་བརྟེན་ནས་ཏང་བཅོས་སྐྱོང་དང་སྒྲིག་སྲོལ་ལྟར་ཏང་བཅོས་སྐྱོང་རྒྱུན་འཁྱོངས་བྱེད་པ་ནི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྲུན་དགོངས་པའི་ལྟེ་བའི་དོན་གནད་ཀྱི་གྲས་ཤིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལམ་ལུགས་ལ་བརྟེན་ནས་ཏང་བཅོས་སྐྱོང་དང་སྒྲིག་སྲོལ་ལ་བརྟེན་ནས་ཏང་བཅོས་སྐྱོང་བྱེད་པའི་སྐོར་ལ་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་གནང་སྟེ། སྒྲིག་སྲོལ་ལྟར་ཏང་བཅོས་སྐྱོང་རྒྱུན་འཁྱོངས་བྱེད་དགོས་དོན་གང་ཡིན་པ་དང་། སྒྲིག་སྲོལ་ལྟར་ཏང་བཅོས་སྐྱོང་ཇི་ལྟར་རྒྱུན་འཁྱོངས་བྱེད་དགོས་པ་སོགས་ཀྱི་གནད་དོན་གལ་ཆེན་ལ་ལན་གསལ་པོ་བཏབ་ཡོད་པས། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་བྱ་བ་ཡག་པོར་སྒྲུབ་པར་གཞི་འཛིན་ས་གལ་ཆེན་འདོན་སྤྲོད་བྱས་ཡོད།

ཚའེ་ཆི་ཡིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་ཏང་འཛུགས་སྐྲུན་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་ནན་ཏན་བྱེད་པ། ལམ་ལུགས་ལ་བརྟེན་ནས་ཏང་བཅོས་སྐྱོང་དང་སྒྲིག་སྲོལ་ལ་བརྟེན་ནས་ཏང་བཅོས་སྐྱོང་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ། སྒྲིག་སྲོལ་ལ་བརྟེན་ནས་ཏང་བཅོས་སྐྱོང་གི་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་བྱེད་པར་སྐུལ་འདེད་གཏོང་དགོས། གཙོ་གནད་འབུར་དུ་དོད་ནས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་བྱ་བའི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་མཐོར་འདེགས་ལ་སྐུལ་འདེད་གཏོང་བ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ། ཏང་གི་ཁྱོན་ཡོངས་ཀྱི་མགོ་ཁྲིད་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ། ཏང་ཕྱོགས་ཡོངས་ནས་ནན་གྱིས་སྐྱོང་བའི་མ་ལག་འཐུས་ཚང་དུ་འགྲོ་བར་སྐུལ་འདེད་གཏོང་བ་བཅས་ཀྱིས་དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་དོན་འཁྱོལ་ལ་འགན་ལེན་བྱེད་དགོས། ཡང་དག་པའི་སྲིད་འབྲས་ལྟ་བར་བརྟེན་ནས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་བྱ་བ་ལེགས་པོར་བསྒྲུབ་པ་དང་། གནད་ཁེལ་དོན་གཉེར་གྱིས་སྒྲིག་སྲོལ་དང་ལམ་ལུགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། མ་ལག་འཐུས་ཚང་དང་ཚན་རིག་ཚད་ལྡན་ཡིན་པ། འཁོར་སྐྱོད་ནུས་ལྡན་བཅས་ཀྱི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་ཀྱི་མ་ལག་ལ་བརྟེན་ནས་ལས་ཀའི་ཕན་ནུས་ཆེ་རུ་གཏོང་དགོས། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་ཀྱི་འགྱུར་མེད་རང་བཞིན་གྱི་གཅུན་འདོམས་ཆེ་རུ་གཏོང་བ་དང་། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་ཀྱི་སློབ་སྦྱོང་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་བ། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལག་བསྟར་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་མོ་བཅས་བྱས་ཏེ། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལག་བསྟར་གྱི་དངོས་ཕན་ཆེ་རུ་གཏོང་དགོས།

ཧྲི་ཐའེ་ཧྥེང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་། ལི་ཀན་ཅེ་དང་ལི་ཧྲུའུ་ལའེ་གྲོས་ཚོགས་ལ་ཞུགས་ཡོད།

འབྲེལ་ཡོད་སྡེ་ཁག་དང་ས་གནས་ཀྱི་འགན་འཁུར་བློ་མཐུན་གྱིས་བསམ་བློ་བརྗེ་རེས་གཏམ་བཤད་གནང་།

ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་སོ་སོ་དང། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི་ཏང་ཨུ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག འབྲེལ་ཡོད་མི་དམངས་ཚོགས་པ། ཀྲུང་དབྱང་གིས་དོ་དམ་བྱེད་པའི་དངུལ་རྩའི་ཁེ་ལས་དང་ཀྲུང་དབྱང་གི་ཁེ་ལས་སྐོར་ཅིག འབྲེལ་ཡོད་མཐོ་རིམ་སློབ་གྲྭ། ཀྲུང་དབྱང་དམག་ཨུའི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་སོགས་གྲོགས་ཚོགས་ལ་ཞུགས་ཡོད། ། 

热门新闻

热门图库

热门排行