ཁྲི་ཀ་རྫོང་གིས་ཁོར་སྲུང་མི་སྣར་བརྩེ་སེམས་ཕུལ་བ
ཉེ་ཆར་ཁྲི་ཀ་རྫོང་རྒྱ་གྲམ་དམར་པོ་ཚོགས་པས་ཀྲུང་གོ་ཞིང་ལས་དངུལ་ཁང་ཁྲི་ཀ་རྫོང་ཡན་ལག་དངུལ་ཁང་དང་མཉམ་འབྲེལ་བྱས་ཏེ་ཁོར་སྲུང་མི་སྣར་སྒོར་ཁྲི20ཡི་དགུན་ལྭ་བྱིན།
དགུན་ཚུགས་པ་ནས་བཟུང་དྲོད་གྲང་བསྟུད་མར་མར་ཆག་ནས་གྲང་རླུང་གིས་ཕྱི་རོལ་གྱི་ཁོར་སྲུང་མི་སྣའི་ལས་སྒྲུབ་ལ་དཀའ་ཁག་མང་པོ་བཟོས་ཡོད་ལ། ཡུལ་དངོས་ཀྱི་གནས་ཚུལ་རྒྱུས་ལོན་བྱུང་རྗེས། ཀྲུང་གོ་ཞིང་ལས་དངུལ་ཁང་ཁྲི་ཀ་རྫོང་ཡན་ལག་དངུལ་ཁང་གིས་སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་གིས་བསྒྲུབས་ནས་མ་དངུལ་སྒོར་ཁྲི20ཡི་ཞལ་འདེབས་ཕུལ་ཏེ། ཆེད་དུ་ཁོར་སྲུང་མི་སྣ་ཡོངས་ལ་དགུན་ལྭ་ཉོས་པ་རེད། བྱ་འགུལ་གྱི་ཡུལ་དངོས་སུ་ཁོར་སྲུང་མི་སྣའི་འཐུས་ཚབ་པ80ཡིས་དགུན་ལྭ་བླངས་པ་དང་། བརྩེ་སེམས་མཚོན་པའི་ལེགས་སྐྱེས་རེ་རེ་ལས་བྱམས་ལྡན་ཁེ་ལས་ཀྱི་ཐུགས་ཁུར་མཚོན་པ་རེད།
ཁོར་སྲུང་མི་སྣ་ཁུང་ཀྲན་མའེ་ཡིས་བཤད་རྒྱུར། ཀྲུང་གོ་ཞིང་ལས་དངུལ་ཁང་གིས་ང་ཚོར་ཁོར་སྲུང་མི་སྣར་དགུན་ལྭ་གནང་བར་ཐུགས་རྗེ་ཆེ་ཞུས་པ་ཡིན། ཐུགས་ཁུར་འདིས་ང་ཚོའི་སེམས་ལ་དྲོལ་ཁོལ་སྦྱིན་སོང་ཟེར།
ཀྲུང་གོ་ཞིང་ལས་དངུལ་ཁང་ཁྲི་ཀ་རྫོང་ཡན་ལག་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅིའམ་མགོ་གཙོ་ཀྲང་ཙེ་ཅུན་གྱིས་བཤད་རྒྱུར། ཅན་བཅུའི་ཏང་འཛུགས་བྱ་བའི་བླང་བྱ་ཧུར་ཐག་སྒོས་ལག་ལེན་དུ་བསྟར་བ་དང་། ས་གནས་ཀྱི་འཕེལ་རྒྱས་ཁྲོད་རང་འགུལ་ངང་ཞུགས་ནས་དམངས་ཚིས་ཞབས་ཞུ་ལེགས་པོར་བསྒྲུབ་རྒྱུ་ཡིན་ཟེར།