གཙོ་གནད།2 详情

ཞུང་ཡོན་ལའེ་ཡིས་ཐུན་ཏེ་རྫོང་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་དང་བྱ་བར་རྟོག་ཞིབ་གནང་བ།

ཟླ11པའི་ཚེས24ཉིན་ནས་ཚེས25ཉིན། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཐུན་ཏེ་རྫོང་རྨ་བྱང་ཤང་དང་གཙང་དགོན་པར་སོང་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་མ་ཟད། གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་དང་། ཅན་བཅུའི་ཏང་འཛུགས་དང་གཞི་རིམ་བཅོས་སྐྱོང་། དག་གཙང་མཚོ་ལྷོ། རྒྱུན་རྣམ་ཅན་གྱི་རོགས་སྐྱོར། ཐོན་ལས་འཕེལ་རྒྱས།དགོན་པའི་དོ་དམ་སོགས་ཀྱི་གཙོ་གནད་བྱ་བར་རྟོག་ཞིབ་བྱས་པ་དང་། ཁོས་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་ལག་ལེན་མཐར་ཕྱིན་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་སོ་སོའི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས། གཞི་རིམ་དམ་འཛིན་གྱི་ཁྲིད་ཕྱོགས་བརྟན་པོར་བཙུགས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་གྲུབ་འབྲས་དེ་མང་ཚོགས་ལ་ཞབས་ཞུ་དང་དམངས་སེམས་གཅིག་སྒྲིལ་བྱེད་པའི་གྲུབ་འབྲས་དངོས་སུ་བསྒྱུར་དགོས་ཞེས་ནན་གྱིས་བསྟན།

རྨ་བྱང་ཤང་དུ་ཞུང་ཡོན་ལའེ་ཡིས་རྫོང་དང་ཤང་། སྡེ་བ་བཅས་ཀྱི་ལས་བྱེད་པར་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས་པ་མ་ཟད། བཞུགས་མོལ་གྲོས་ཚོགས་བསྡུས་ཏེ་ཚང་མ་དང་མཉམ་དུ་གླེང་མོལ་བྱས་ནས།ཅན་བཅུའི་ཏང་འཛུགས་བྱ་བའི་གྲུབ་འབྲས་ལ་རྒྱུས་ལོན་བྱས་པ་དང་། བྱ་བའི་གནད་དོན་གཙོ་བོ་བཙལ་ནས་བསམ་ཕྱོགས་དང་བྱེད་ཐབས་བཏོན། ཁོས་ཅན་བཅུའི་ཏང་འཛུགས་བྱ་བར་སྐུལ་འདེད་བྱས་ཏེ་བྱ་བའི་ལམ་ལུགས་འཐུས་ཚང་དང་། དངོས་འབྲས་དཔྱད་ཞིབ་ལ་ཤུགས་སྣོན། གཞི་རིམ་གྱི་དཀའ་ངལ་སྡེ་ཁག་གིས་དུས་ཐོག་ཏུ་ཐག་གཅོད་པའི་ལམ་ལུགས་ལག་བསྟར་ནན་མོ་བྱས་ནས། སྡེ་བ་རིམ་པའི་ཐོན་ལས་འཕེལ་རྒྱས་དང་མང་ཚོགས་ཀྱིས་ལས་ཀ་གཉེར་ནས་ཡོང་འབབ་འཕར་བ། མི་སྡོད་ཁོར་ཡུག་བཅོས་སྐྱོང་སོགས་ཀྱི་བྱ་བ་མུ་མཐུད་དུ་དམ་འཛིན་བྱས་ཏེ། བྱ་དགའི་རྣམ་པས་ཁ་གསབ་བྱེད་པའི་དྲང་ཕྱོགས་ཀྱི་སྐུལ་ལྕག་གཏོང་བ་བརྒྱུད་དེ། ལོ་གཅིག་གི་ནང་དུ་རྨང་གཞི་འཇོག་པ་དང་ལོ་གཉིས་ཀྱི་ནང་དུ་གྲུབ་འབྲས་ཐོབ་པར་བྱ་དགོས། མང་ཚོགས་ཀྱི་འཚོ་བ་རོལ་སྟངས་བསྒྱུར་བར་སྣེ་ཁྲིད་དེ་ནུས་རྩལ་གསོ་སྦྱོང་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་དང་ཡི་གེར་སློབ་སྦྱོང་ཡག་པོ་བྱས་ནས། དཀའ་ངལ་ཚོགས་ཁག་ལ་ལྟ་རྟོག་དང་རོགས་རམ་གང་ལེགས་བྱ་དགོས། དམངས་གཙོ་དར་སྤེལ་བྱས་ཏེ། མང་ཚོགས་ལ་བརྟེན་ནས་སྡེ་སྲོལ་དམངས་ཆིངས་བཟོ་བཅོས་དང་ལག་བསྟར་བྱེད་པ་དང་། སྐར་བསགས་ཚོང་རའི་དངོས་རྫས་ཀྱི་རིགས་སྣ་མང་དུ་བཏང་སྟེ། ངལ་རྩོལ་ལ་བརྟེན་ནས་སྐར་མ་གསོག་པ་དང་འཛད་སྤྱོད་ལ་སྐུལ་འདེད། གསོན་ཤུགས་སྐུལ་སློང་བཅས་བྱ་དགོས། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་བསྐྱོད་དེ། དམངས་ལ་བཅངས་པའི་བརྩེ་བ་དང་འགན་འཁྲིས་གཞི་རིམ་གྱི་བྱ་བ་ལེགས་པོར་བསྒྲུབ་པ་དང་ནུས་པ་མཐོར་འདེགས་སུ་བཏང་སྟེ། ཞིང་སྡེ་དང་འབྲོག་ཁུལ་གྱི་ཏང་གི་སྲིད་སྐྱོང་རྨང་གཞི་མུ་མཐུད་དུ་བརྟན་པོར་གཏོང་དགོས་ཞེས་ནན་གྱིས་བསྟན།

གཙང་དགོན་པ་རུ། ཞུང་ཡོན་ལའེ་ཡིས་དགོན་སྡོད་ལས་བྱེད་པ་དང་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཁོངས་མི། གྲྭ་བཙུན་བཅས་དང་མཉམ་དུ་བྱམས་བརྩེའི་གླེང་མོལ་བྱས་ཏེ།དགོན་པའི་དོ་དམ་གྱི་གནས་ཚུལ་དང་འཚོ་བའི་ཁྲོད་དུ་གནས་པའི་དཀའ་ངལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས། ཁོས་བསམ་བློའི་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་བསྣན་ཏེ། སེམས་ཞིབ་མོས་གླེང་མོལ་བྱེད་པ་དང་། རྒྱ་ཆེའི་གྲྭ་བཙུན་རྣམས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་ཁར་ཉན་པ། ཏང་གི་རྗེས་སུ་འབྲངས་པ་བཅས་ལ་ཁྲིད་སྟོན་གང་ལེགས་བྱེད་དགོས་པ་དང་། ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་སྒོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མུ་མཐུད་དུ་བརྟན་པོར་གཏོང་དགོས། ཆེད་དོན་བྱ་བའི་ཚན་ཁག་གི་འགན་སྒྲུབ་ནུས་པ་འཐུས་ཚང་དུ་བཏང་སྟེ། དགོན་སྡོད་ལས་བྱེད་པའི་བྱ་བའི་རྩིས་ཐོའི་དོ་དམ་ལ་ཤུགས་སྣོན་དང་དམིགས་འབེན་འོས་འགན་གཏན་འཁེལ། ལྟ་སྐུལ་འདྲི་རྩད་དམ་འཛིན་བཅས་བྱས་ནས། བྱ་བ་སོ་སོ་ལག་བསྟར་བྱས་ནས་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་དགོས། ཁྲིམས་ལྟར་ཚད་ལྡན་དུ་གཏོང་བ་དང་ཞབས་ཞུ་ལེགས་པོ་སྒྲུབ་པ་གཉིས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། དགོན་པའི་དོ་དམ་ལ་ཤུགས་སྣོན་དང་སྡོམ་ཁྲིམས་གཟབ་ནན་ཏུ་བཏང་སྟེ། དོ་དམ་ལམ་ལུགས་སོ་སོ་ལག་བསྟར་ནན་མོ་བྱ་དགོས། དགོན་པའི་འཕེལ་རྒྱས་དང་གྲྭ་བཙུན་གྱི་འཚོ་བར་ཐུགས་ཁུར་བྱས་ཏེ། འཆམ་མཐུན་གྱི་དགོན་པ་བསྐྲུན་པར་འབད་པ་བྱས་ནས། ཆོས་ལུགས་མངའ་ཁོངས་འཆམ་མཐུན་གཏན་འཇགས་ཡོང་བར་སྲུང་སྐྱོབ་གང་ལེགས་བྱ་དགོས་ཞེས་ནན་གྱིས་བསྟན།

   རྟོག་ཞིབ་སྐབས་སུ་ཞུང་ཡོན་ལའེ་ཁྱིམ་ཚང་ཁ་ཤས་སུ་སོང་ནས་ཡུལ་དངོས་སུ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་རྒྱུས་ལོན་དང་། རྨ་བྱང་ཤང་གསེར་ཐང་གཅིག་བསྡུས་ས་ཁུལ་གྱི་ཚུན་ཧྥུའུ་སྒོ་རྩིས་ཚོང་ཁང་གི་སྐར་བསགས་ལམ་ལུགས་ཀྱི་དོ་དམ་འཁོར་སྐྱོད་གནས་ཚུལ་ལ་ལྟ་ཞིབ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཞི་རིམ་དུ་ལག་བསྟར་བྱས་ནས་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་།

     ཁུལ་གྱི་མགོ་ཁྲིད་ཀང་ཧྥུའུ་དང་ཏུང་ཝེ་རྟོག་ཞིབ་ལ་ཞུགས།།


热门新闻

热门图库

热门排行