རྒྱལ་ནང་། 详情

2026ལོའི་ཟླ10པར་རྒྱལ་ཡོངས་སུ་བསྡོམས་པས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན28934ཞིབ་བཤེར་ཐག་གཅོད་བྱས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས24ཉིན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་རྒྱལ་ཁབ་ལྟ་སྐུལ་ཨུ་ལྷན་གྱིས2026ལོའི་ཟླ10པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཞིབ་བཤེར་གནས་ཚུལ་སྤྱི་བསྒྲགས་བྱས། ཟླ་བ་དེར་རྒྱལ་ཡོངས་སུ་ཁྱོན་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན28934ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི35193(དེའི་ནང་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ2དང་ས་ཁུལ་དང་ཐིན་རིམ་པའི་ལས་བྱེད་པ98ཚུད)ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་པ་དང་། མི23996ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་ཡོད། 

ཞིབ་བཤེར་ཐག་གཅོད་བྱས་པའི་གནད་དོན་གྱི་རིགས་ལ་བལྟས་ན། ཟླ10པར་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན15414རྩད་ཆོད་པ་དང་། མི19619ལ་སྐྱོན་བརྗོད་སློབ་གསོ་དང་ཆད་གཅོད་བྱས་ཡོད། དེའི་ནང་འགན་འཁྲི་སྒྲུབ་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་ཞུ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཞབས་འདེགས་ཞུ་བའི་ཐད་འགན་འཁྲི་མི་འཁུར་བ་དང་། བྱ་བ་མི་སྒྲུབ་པ། བྱ་བ་གང་བྱུང་དུ་སྒྲུབ་པ། བྱ་བ་རྫུན་མ་སྒྲུབ་པ་བཅས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་པའི་ཐད་ཀྱི་གནད་དོན་ཆེས་མང་ལ། བསྡོམས་པས་གནད་དོན13020ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི13020ལ་སྐྱོན་བརྗོད་སློབ་གསོ་དང་ཆད་གཅོད་བྱས་ཡོད། 

སྤྱི་བསྒྲགས་ལྟར་ན། ཟླ10པར་རྒྱལ་ཡོངས་སུ་སྐྱིད་འདོད་རིང་ལུགས་དང་རྒྱས་སྤྲོས་སྤྱོད་ངན་གྱི་གནད་དོན13520རྩད་ཆོད་པ་དང་། བསྡོམས་པས་མི15574ལ་སྐྱོན་བརྗོད་སློབ་གསོ་དང་ཆད་གཅོད་བྱས། དེའི་ནང་སྒྲིག་འགལ་ངང་མིང་གྲགས་ཁྱད་ཐོན་དང་ལེགས་སྐྱེས་དངུལ་སྨར་སྤྲོད་ལེན་བྱས་པའི་གནད་དོན8614དང་། སྒྲིག་འགལ་ངང་ཁ་གསབ་དང་ཕན་བདེ་བྱིན་པའི་གནད་དོན1539། སྒྲིག་འགལ་ངང་བཟའ་བཏུང་བྱས་པའི་གནད་དོན2310བཅས་རྩད་ཆོད་ཡོད། །

热门新闻

热门图库

热门排行