མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་རྒྱལ་ཡོངས་ཀྱིA5མཛེས་ལྗོངས་ཁུལ་གྱི་ཟོང་རྟགས་ཤུགས་རྐྱེན་བརྒྱ་ཅན་གྱི་གྲས་སུ་ཚུད་པ།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས19ཉིན་ནས21ཉིན་བར། ཀྲེ་ཅང་རིག་གནས་ཡུལ་སྐོར་གསར་གཏོད་འགྲེམས་སྟོན་གྱི་མགོ་ཚུགས་མཛད་སྒོ་དང་། སྐབས་དྲུག་པའི་རྒྱལ་ཡོངས་རིག་གནས་ཡུལ་སྐོར་མཛེས་ལྗོངས་ཁུལ་གཉེར་སྐྱོང་གི་མཛད་སྒོ་དེ་ཧང་ཀྲོའུ་རུ་གཟབ་རྒྱས་ངང་འཚོགས་པ་དང་། 2026ལོའི་ལོ་འཁོར་གཅིག་གི་རྒྱལ་ཁབ་ཀྱིA5རིམ་པའི་ཡུལ་སྐོར་ལྗོངས་ཁུལ་གྱི་ཤུགས་རྐྱེན་ཆེན་པོ100ཡི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱི་ཕྱོགས་བསྡུས་སྟོབས་ཤུགས་དང་ཟོང་རྟགས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་མིང་ཐོ་དེའི་ནང་ཚུད་ཡོད།
2026ལོ་ནས་བཟུང་། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱི་ཟོང་རྟགས་འཛུགས་སྐྱོང་གིས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཤིང་། སྔ་གཞུག་ཏུ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི “རྒྱལ་ནང་ཆུ་ལམ་གྱི་ཡུལ་སྐོར་འགྲུལ་སྐྱེལ་ལམ་ཐིག་སྤུས་ལེགས་དཔེ་གཞི”དང་། ཞིན་ཧྭ་དྲ་བའི“2026ལོའི་འགུག་ཤུགས་ཆེ་བའི་མཛེས་ལྗོངས་ཁུལ་ཡག་ཤོས་བཅུ”ཀྲུང་གོ་ཡུལ་སྐོར་ཚགས་པར་ཁང་གི “རྒྱལ་ཡོངས་ཀྱི་ཚ་གཡོལ་སྤྲོ་གསེང་ཡུལ་སྐོར་ཕུལ་བྱུང་དཔེ་གཞི”སོགས་རྒྱལ་ཁབ་རིམ་པའི་གཟེངས་རྟགས་ཐོབ་ཡོད་པ་དེ། རྒྱལ་ནང་གི་ས་མཐོའི་སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་པའི་ཡུལ་སྐོར་དམིགས་ཡུལ་དུ་གྱུར་ཡོད།
མཚོ་སྔོན་ཞིང་ཆེན་མཚོ་སྔོན་པོའི་ཡུལ་སྐོར་འཕེལ་རྒྱས་ཚོགས་པ་ཚད་ཡོད་ཀུང་སིས“ཞབས་ཞུ་སྟོབས་ཆེར་གཏོང་བ་དང་། ཟོང་རྟགས་གཏོད་པ། ཕན་འབྲས་འཕར་སྣོན”བཅས་ཀྱི་ལྟེ་བའི་ལས་འགན་ལ་དམ་དུ་དམིགས་ཤིང་། སྐྱེ་ཁམས་སྔོན་ལ་འཇོག་པ་དང་། ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། སྲུང་སྐྱོང་དང་གཉེར་སྐྱོང་གི་ལས་དོན་ཁག་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ། རྨང་གཞིའི་སྒྲིག་བཀོད་དང་ཞབས་ཞུའི་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དུ་གཏོང་བ། མཚོ་སྔོན་པོ་སྐོར་བའི་ ཡུལ་སྐོར་བའི་ཞབས་ཞུའི་བཀོད་པ་སྔར་བས་ལེགས་སུ་གཏོང་བ་བཅས་བྱས་ཏེ། སྤུས་ཚད་མཐོར་འདེགས་ཀྱི་རྣམ་གྲངས་ཁག་གཅིག་དོན་འཁྱོལ་བྱས།
རིག་གནས་ཡུལ་སྐོར་གྱི་ཐོན་རྫས་དང་ལས་རྣམ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། དུས་ཚིགས་བཞི་ཡི་ཁྱད་ཆོས་ལ་གཞིགས་ནས་མུ་འབྲེལ་བརྗོད་དོན་བྱེད་སྒོ་སྤེལ། སྣ་མང་མཉམ་འགུལ་ཅན་གྱི་ཁོར་ཡུག་དང་ལམ་ཐིག་རྩེ་གྲ་བཏོད་དེ། འགྲུལ་བའི་གྲུབ་ཆ་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་ཞིང་། མིང་རྟགས་བརྒྱུད་སྤེལ་གྱི་ནུས་པ་རྒྱུན་མཐུད་ངང་ཇེ་ཆེར་བཏང་།
ཞབས་ཞུའི་འགན་ལེན་དང་རིག་ནུས་མཛེས་ལྗོངས་ཁུལ་འཛུགས་སྐྲུན་གྱི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཇེ་ཚང་དུ་བཏང་བ་དང་། གཉེར་སྐྱོང་དང་འཕྲལ་བསྟུན་འགན་ལེན་ནུས་པ་རྒྱུན་མཐུད་ངང་ཇེ་ཆེར་བཏང་། སྐྱེ་ཁམས་དྲིལ་བསྒྲགས་སློབ་གསོ་དང་དཔལ་ཡོན་ཡུལ་སྐོར་གྱི་སྣེ་ཁྲིད་ཕན་འབྲས་མངོན་གསལ་ཐོན་ཡོད། གྲངས་འཛིན་ཅན་གྱི་ཞབས་ཞུ་དེ་བརྒྱུད་རིམ་ཡོངས་ལ་ཁྱབ་པ་དང་། ཡུལ་སྐོར་བའི་ཉམས་ལེན་དང་ཕྱོགས་བསྡུས་བློ་ཡིད་ཚིམ་ཚད་གཏན་འཇགས་ངང་ཇེ་མཐོར་ཕྱིན་ཡོད། །