གནས་ཚུལ། 详情

གུང་ཧོའི་གྱོད་དཔེ་གཅིག2026ལོའི་འཛམ་གླིང་ཡོངས་ཀྱི་དབུལ་སེལ་གྱོད་དཔེའི་ཁྲོད་ཚུད།

ཟླ11པའི་ཚེས11ཉིན། པེ་ཅིང་དུ་བསྡུས་པའི2026ལོའི་དབུལ་སེལ་རོགས་ཟླའི་བགྲོ་གླེང་ཚོགས་འདུའི་སྟེང་སྐབས་བདུན་པའི་འཛམ་གླིང་ཡོངས་ཀྱི་དབུལ་སེལ་གྱོད་དཔེ་བསྡུ་རུབ་བྱེད་སྒོའི་མཇུག་འབྲས་ཡོངས་བསྒྲགས་བྱས་ཤིང་། གུང་ཧོ་རྫོང་གིས་ཡར་ཞུ་བྱས་པའི་ཕྱུགས་འོད་གསབ་རེས་དང་འཁྱག་ཆུའི་ཉ་ལ་བརྟེན་ནས་འཚོ་ཐབས་སྣ་མང་ཅན་ལ་སྐུལ་འདེད་གཏོང་བ་ཞེས་པའི་གྱོད་དཔེ་དེ་དེའི་ཁྲོད་བདམས་ནས་2026ལོའི་འཛམ་གླིང་ཡོངས་ཀྱི་དབུལ་སེལ་གྱོད་དཔེའི་ཁྲོད་ཚུད།

ཉེ་བའི་ལོ་ཤས་རིང་། གུང་ཧོ་རྫོང་གིས་ཤེལ་ལེབ་ལ་བརྟེན་ནས་གློག་འདོན་པ་དང་ཤེལ་ལེབ་འོག་ཕྱུགས་འཚོ་སྐྱོང་གི་རྣམ་པ་ཁྱབ་གདལ་དུ་བཏང་སྟེ། ཤེལ་ལེབ་འོག་གི་སྔོ་ཁེབས་སླར་གསོ་ཡོང་བར་སྐུལ་འདེད་བཏང་བ་རེད།

མིག་སྔར་འོད་ནུས་སྐྱེ་ཁམས་ཕྱུགས་ར19བསྐྲུན་ནས་ལོ་རེའི་འོད་ནུས་ལུག་ཁྲི2ཡན་གསོ་སྤེལ་བྱས་པས་སྡེ་བའི་ཐུན་མོང་དཔལ་འབྱོར་མཉམ་ལས་ཁང19ལ་འབབ་འཕར་བརྟན་པོ་ཡོང་བར་སྐུལ་ཁྲིད་བྱས། དུས་མཚུངས་སུ་ཚལ་རྔ་འགག་ཆུ་མཛོད་ཀྱི་སྤུས་ལེགས་ཆུའི་ཐོན་ཁུངས་ལ་བརྟེན་ནས་དངུལ་ཉ་ཆུང་ངུ་འཛིན་པ་དང་ལས་སྣོན། ཕྱིར་འཚོང་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་སྦྲེལ་ཐག་ལ་བརྟེན་ནས་ཚལ་རྔ་གྲུ་ཚོན་དང་ཁྱད་ལྡནIPབཏོད་དེ་ཉ་ལས་རིག་གནས་དང་དམངས་སྲོལ་ཉམས་ལེན། ཉ་ལས་ཞིབ་འཇུག་སློབ་སྦྱོང་སོགས་ལས་རྣམ་དར་སྤེལ་དུ་བཏང་ནས། ཆུ་མཛོད་ཁུལ་གྱི་ཁྱིམ་ཚང2260ཡི་མང་ཚོགས4500ཐོན་ལས་འཕེལ་རྒྱས་ཁྲོད་ཟབ་ཞུགས་ཐུབ་པར་སྐུལ་ཁྲིད་བྱས། མཐོ་སྒང་གི་ཉ་སལ་མོན་གསོ་སྤེལ་ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་སུ་བཏང་བས། གསོ་སྤེལ་དང་ལས་སྣོན། ཕྱིར་འཚོང་། ཕྱིར་གཏོང་བཅས་ཀྱི་ཐོན་ལས་འབྲེལ་ཐག་ཆགས་ཡོད་ལ། ཐོན་རྫས་དེ་རྒྱལ་ཁབ་དང་ས་ཁུལ10ལྷག་ཙམ་ལ་ཕྱིར་འཚོང་བྱས་པ་དང་ལས་ཞུགས་ལས་གནས450ལྷག་ཙམ་ཐག་གཅོད་བྱས་པ་རེད། 


热门新闻

热门图库

热门排行