པར་རིས་གསལ་བཤད། 详情

མཚོལྷོ་ཁུལ་གྱིས་སློབ་གྲྭ་ཆུང་འབྲིང་དང་བུ་བཅོལ་ཁང་གི་ཟ་ཁང་སྤུས་ཚད་མཐོར་འདེགས་བཏང་བ།

ད་ལོའི་ཚུན་ལ། རང་ཁུལ་གྱིས་སློབ་གྲྭ་ཆུང་འབྲིང་དང་བུ་བཅོལ་ཁང་གི་ཟ་ཁང་སྤུས་ཚད་མཐོར་འདེགས་བྱ་བར་མུ་མཐུད་ཤུགས་བཏོན་ནས། སློབ་གྲྭའི་བཟའ་བཏུང་འགན་ལེན་གྱི་སྤུས་ཚད་མཐོ་རུ་བཏང་སྟེ།དགེ་རྒན་དང་ཁྱིམ་བདག་གིས་ཟ་མ་མཉམ་ཟ་བྱེད་པའི་ལམ་ལུགས་ལག་བསྟར་ནན་མོ་བྱས། ལམ་ལུགས་ཀྱི་བླང་བྱ་ལྟར། སློབ་གཙོས་ཉིན་ལྟར་ཟ་མ་མཉམ་ཟ་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། ཁྱིམ་བདག་གི་འཐུས་མིས་ཟླ་རེར་སློབ་གྲྭར་བསྐྱོད་དེ་ཟ་མ་མཉམ་ཟ་བྱེད་པར་ཞུགས་ནས། ཡུལ་དངོས་སུ་ཟ་མའི་གནས་ཚུལ་ལ་ལྟ་སྐུལ་བྱས།

སློབ་གྲྭ་སོ་སོས་ཚན་རིག་དང་མཐུན་པའི་སྒོ་ནས་ཚད་འཇལ་ཐུབ་པའི་ཟས་ཐོ་བཟོས་པ་དང་། ཤ་དང་སྔོ་ཚལ་སྡེབ་སྦྱོར་ལུགས་མཐུན་ཡོང་བར་དོ་སྣང་ཆེན་པོ་བྱས་ཤིང་། སྣུམ་ཚྭ་ཉུང་དུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་རྒྱུན་དུ་སིལ་ཏོག་མཁོ་སྤྲོད་བྱས་ཏེ། སློབ་མ་རྣམས་ཀྱི་ཁ་ཟས་ལྟོ་བ་རྒྱགས་པ་ཙམ་ནས་འཚོ་བཅུད་ལྡན་པ་དང་བདེ་ཐང་ཡིན་པའི་ཕྱོགས་སུ་བསྒྱུར་བར་འབད་པ་བྱས་ཡོད། དུས་མཚུངས་སུ། སློབ་གྲྭ་སོ་སོས་ཟས་བཅུད་ལྟ་སྐུལ་གྱི་ཁྱིམ་བདག་ཨུ་ཡོན་ལྷན་ཚོགས་བཙུགས་ཏེ་བསམ་འཆར་བསྡུ་ལེན་དང་ཞུ་གཏུག་གི་ཐབས་ལམ་སྤྱད་དེ། ཁྱིམ་ཚང་དང་སློབ་གྲྭ་མཉམ་འབྲེལ་བཅོས་སྐྱོང་གི་ལམ་སྲོལ་བཏོད་ནས་སློབ་རའི་ཟས་རིགས་བདེ་འཇགས་འགོག་སྲུང་བརྟན་པོ་བཟོས་པ་རེད། པར་འདི་ནི་ཟླ11ཚེས19ཉིན། གུང་ཧོ་རྫོང་མཚོ་སྔོན་པོ་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་མ་རྣམས་ཀྱིས་འཚོ་བཅུད་ལྡན་པའི་ཟ་མ་ཟ་བཞིན་པའི་ཚུལ་རེད།


热门新闻

热门图库

热门排行