གནད་བསྡུས། 详情

“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་པའི་ཞིབ་འཇུག་གསོ་སྦྱོང་འཆར་གཞི་ལག་བསྟར་ཇུས་གཞི་དཔར་འགྲེམ་བྱས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་རིག་གནས་དང་ཡུལ་སྐོར་པུའུ་དང་སློབ་གསོ་པུས《ཀྲུང་གོའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་པའི་ཞིབ་འཇུག་གསོ་སྦྱོང་འཆར་གཞིའི་ལག་བསྟར་ཇུས་གཞི(2026-2030)》ཁྱབ་བསྒྲགས་བྱས། 

ལག་བསྟར་ཇུས་གཞིའི་ནང་། 2030ལོར་བསླེབས་སྐབས་རིག་གནས་དང་ཡུལ་སྐོར་པུའུ་དང་སློབ་གསོ་པུས་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ལ་དམིགས་ནས་དུས་ཐེངས600ལས་མི་ཉུང་བའི་ཞིབ་འཇུག་གསོ་སྦྱོང་རྣམ་གྲངས་སྒྲིག་འཛུགས་དང་ལག་བསྟར་བྱས་ནས། གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་པ་མི་ཐེངས་ཁྲི1ལས་མི་ཉུང་བ་གསོ་སྦྱོང་བྱ་རྒྱུ་ཡིན་པ་རེད། 

ལག་བསྟར་ཇུས་གཞིའི་ནང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་གི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཀྱི་གཙོ་གནད་ལས་དོན་ལ་གཞིགས་ནས། ས་གནས་ཁག་གི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་ལས་ཀའི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ། སྲོལ་རྒྱུན་གྱི་བཟོ་རྩལ་དང་སྲོལ་རྒྱུན་གྱི་འཁྲབ་སྟོན་སྒྱུ་རྩལ། དམངས་ཁྲོད་རྩོམ་རིག དམངས་སྲོལ་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་རྣམ་གྲངས་ཀྱི་ཞིབ་འཇུག་ཟབ་སྦྱོང་གསོ་སྦྱོང་བྱས་ནས། སྲོལ་རྒྱུན་གྱི་གསོ་རིག་དང་སྲོལ་རྒྱུན་ལུས་རྩལ། རོལ་རྩེད་དང་རྩལ་རྩེད་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་རྣམ་གྲངས་ཀྱི་ཚོད་ལྟའི་ལས་དོན་འཚོལ་ཞིབ་བྱ་རྒྱུ་ཡིན་པ་རེད། གཟུགས་འདས་ཤུལ་བཞག་རིག་གནས་བཟོ་ཁང་གི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་གཏོང་བ་དང་། ན་གཞོན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་པ་གསོ་སྐྱོང་། གཟུགས་འདས་ཤུལ་བཞག་རིག་གནས་དང་དངོས་པོའི་རིག་གནས་ཤུལ་བཞག་མཉམ་དུ་སྲུང་སྐྱོང་། གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་ཉམས་ལེན་གྱི་རྣམ་པ་གསར་པ་འཛུགས་སྐྲུན། གཟུགས་འདས་ཤུལ་བཞག་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་གཏོང་བ། ཚན་རྩལ་ལ་བརྟེན་ནས་གཟུགས་འདས་ཤུལ་བཞག་རིག་གནས་ཁྱབ་གདལ་དང་འགྲེམས་སྟོན་སོགས་ཀྱི་ལས་འགན་གཙོ་བོར་དམིགས་ཏེ། ཆེད་དོན་རང་བཞིན་དང་སྒྲིག་གཞི་འཐུས་ཚང་གི་ཞིབ་འཇུག་དང་གསོ་སྦྱོང་བྱེད་དགོས་པའི་སྐུལ་ལྕག་བྱ་རྒྱུ་ཡིན་པ་གསལ་བོར་བསྟན་ཡོད།

ལག་བསྟར་ཇུས་གཞི་གཞིར་བཟུང་། ཞིབ་འཇུག་གསོ་སྦྱོང་འཆར་གཞི་དེ་གཙོ་བོ་རིམ་པ་སོ་སོའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་དང་ཁོང་ཚོའི་དགེ་ཕྲུག་དང་དེ་བཞིན་འབྲེལ་ཡོད་རྣམ་གྲངས་ཀྱི་རྩལ་ནུས་ཁོང་དུ་ཆུད་པའི་ལས་ཞུགས་མི་སྣར་ཕྱོགས་རྒྱུ་ཡིན་པ་རེད། ཞིབ་འཇུག་གསོ་སྦྱོང་བྱ་ཡུལ་ནང་གཟུགས་འདས་ཤུལ་བཞག་རིག་གནས་ལ་དགའ་པོ་བྱེད་མཁན་ཚུད་མེད། ཞིབ་འཇུག་དང་གསོ་སྦྱོང་གི་འཆར་གཞིའི་ནང་ཞུགས་མཁན་ལས་ཁུངས་ནང་དངོས་གཞིའི་ཚན་ཁག་གི་མཐོ་སློབ་དཀྱུས་མ་དང་ལས་རིགས་སློབ་གྲྭ(ལག་རྩལ་བཟོ་པའི་སློབ་གྲྭ་ཚུད་པ)ཚུད་ཡོད། 

ལག་བསྟར་ཇུས་གཞིས་སློབ་ཁྲིད་དང་ཕྱི་རོལ་བརྟག་དཔྱད། བཟོ་ཁང་། མཉམ་གཏོད་སྒར་གཞིས། དྲ་ཐོག་གི་སྤྱི་ཚོགས་ཚོགས་པ་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་ཐོག་སྤྱད་དེ། སློབ་མ་ཞུགས་ཚད་དང་ཐོབ་སྣང་ཆེ་རུ་གཏོང་རྒྱུའི་སྐུལ་ལྕག་བྱས་ཡོད། ཆེད་ལས་སྒྲིག་གཞི་དང་མཉམ་དུ་གསར་གཏོད་ཇུས་འགོད་དང་ཚན་རྩལ་གྱི་ནུས་པ་འདོན་སྤྲོད། སྨྱན་སྦྱོར་གསར་པའི་ལས་གཉེར། རྒྱལ་སྤྱི་ཅན་གྱི་ཁྱབ་སྤེལ། ཤེས་བྱའི་ཐོན་དབང་སྲུང་སྐྱོང་སོགས་ཆེད་དོན་ཞིབ་འཇུག་གསོ་སྦྱོང་རྣམ་གྲངས་གཉེར་རྒྱུར་སྐུལ་མ་བཏང་ནས། རྒྱུན་འཛིན་པའི་རིག་གནས་འཆད་འགྲེལ་དང་། གསར་གཏོད་མངོན་མཚོན། ཁྲོམ་ར་འབྲེལ་མཐུད་བཅས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་རེད། སློབ་ཆེན་དང་སློབ་གླིང་གིས་ཞིབ་འཇུག་གསོ་སྦྱོང་སློབ་མ་ཐོན་སློབ་ཞིབ་གསུམ་མཉམ་ལས་ནང་ཞུགས་པར་རྒྱབ་སྐྱོར་བྱས་ནས། ཞིབ་འཇུག་གསོ་སྦྱོང་གི་གྲུབ་འབྲས་དངོས་བསྒྱུར་དང་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་རྒྱུ་རེད། །

热门新闻

热门图库

热门排行