སྲིད་དོན། 详情

ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་བསྡུས་པ།

ཉེ་སྔོན་ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཡིས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་མགོ་འཛིན་གནང་ནས་བསྡུས་ཏེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པར་མ་ཟད། རང་ཁུལ་གྱིས་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བྱེད་པ་བཅས་ཀྱི་བྱ་བ་བཀོད་སྒྲིག་བྱས།

ཚོགས་འདུ་ལས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་ནི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གཏིང་ཟབ་བྱེད་པའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཀྲུང་གུང་ཀྲུང་དབྱང་གི་རྒྱུན་འཁྱོངས་ལྷོད་མེད་སྒོས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའི་སྐོར་གྱི་གཏན་འབེབས་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་བསམ་འཆར་ཅེས་པར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། དེ་ནི་ཞིང་ཆེན་ཡོངས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་སྤྱོད་ཀྱི་གཞི་འཛིན་ས་ཡིན་ལ། ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད་ཅིང་། ང་ཚོས་རྒྱུན་འཁྱོངས་ལྷོད་མེད་སྒོས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་དཔྱད་གཞི་ཡིན་པས། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་བྱ་བའི་བཀོད་སྒྲིག་གཞིར་བཟུང་སྟེ། ཚིག་རྐང་རེ་རེ་བཞིན་ཞིབ་བསྡུར་དང་དོན་ཚན་རེ་རེ་བཞིན་དོན་འཁྱོལ་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཚོགས་འདུ་ལས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་གཉིས་ཟུང་འབྲེལ་བྱས་ཏེ་གཅིག་གྱུར་གྱིས་སློབ་སྦྱོང་དང་ཤེས་རྟོགས་བྱེད་པ་དང་། གཅིག་གྱུར་གྱིས་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས། རིམ་པ་ཁག་གི་མགོ་ཁྲིད་ལས་བྱེད་པས་སྔོན་ལ་སློབ་སྦྱོང་བྱེད་པ་དང་གོ་བ་གཏིང་ཟབ་བླངས་ནས་བརྗོད་བྱའི་སྙིང་བོ་ཁོང་དུ་ཆུད་པར་བྱས་ཏེ། སློབ་སྦྱོང་ལག་བསྟར་དང་སྒྲོག་འགྲེལ་གཏིང་ཟབ་བྱེད་པར་སྣེ་ཁྲིད་དེ། གསལ་འགྲེལ་འཆད་འགྲེལ་དང་རིམ་དབྱེ་རིགས་དབྱེའི་གསོ་སྦྱོང་ཡག་པོ་སྤེལ་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྒྲིག་སྲོལ་དང་སྒྲིག་ཁྲིམས་ལྟར་འགན་འཁྲི་གཙང་སྒྲུབ་བྱ་རྒྱུར་སྐུལ་ཁྲིད་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་བཏང་སྟེ་ཁ་ཕྱོགས་བརྟན་པོ་དང་བྱེད་ཐབས་ནན་མོ། རྣམ་པ་གཟབ་ནན་བཅས་མཐའ་འཁྱོངས་བྱ་དགོས། གཞི་རིམ་གཙོར་འཛིན་པའི་ཁྲིད་ཕྱོགས་གསལ་བོར་དམ་འཛིན་བྱེད་པ་དང་། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་གཏིང་ཟབ་བྱེད་པ། ཅན་བཅུའི་ཏང་འཛུགས་སྐྱོང་གི་ཆེད་དོན་ལས་དོན་ཚོགས་ཆུང་གི་ནུས་པ་འདོན་སྤེལ་བྱེད་པ། གཞི་རིམ་གྱི་སྒྲོག་འགྲེལ་སྟོབས་ཤུགས་ཆེ་རུ་གཏོང་བ། དྲ་ལམ་དང་ཡུལ་དངོས་ཀྱི་བྱེད་ཐབས་ཟུང་འབྲེལ་གང་ལེགས་བཅས་བྱས་ནས་སློབ་སྦྱོང་གི་རྣམ་པ་བཟང་བོ་གཏོད་དགོས་ཞེས་ནན་གྱིས་བསྟན།

ཚོགས་འདུ་ལས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དེ་མིག་སྔའི་བྱ་བ་ལེགས་པོར་བསྒྲུབ་རྒྱུར་ཟུང་འབྲེལ་དམ་པོ་བྱ་དགོས། ལོ་རེའི་དམིགས་འབེན་ལེགས་འགྲུབ་འབྱུང་བར་དམ་པོར་དམིགས་ཏེ་སྤྱི་འདོམས་བཀོད་གཏོང་དང་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་ནས་དཔལ་འབྱོར་འཁོར་རྒྱུག་དང་རྒྱུན་རྣམ་ཅན་གྱི་རོགས་སྐྱོར། དགུན་དུས་ཡུལ་སྐོར་སོགས་ཀྱི་གཙོ་གནད་དམིགས་ཚད་ལས་འགན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་གྲུབ་འབྲས་བཟང་པོར་བརྩོན་ལེན་བྱ་དགོས། དམངས་ཚིས་འགན་སྲུང་དང་བདེ་འཇགས་བརྟན་བརླིང་ལ་དམ་པོར་དམིགས་ཏེ་མང་ཚོགས་ལ་དོ་ཁུར་རོགས་སྐྱོར་དང་། བྱུར་རྐྱེན་གྲལ་བཤེར། ཁྲིམས་ལུགས་ཁྱབ་གདལ་དང་དྲིལ་བསྒྲགས། ཞོར་ལས་པའི་གླ་ཆ་ཆད་པ། འགལ་ཟླ་དང་རྩོད་གཞི་འདུམ་འགྲིག མཁར་གྲོང་གི་དྲོད་རླངས་མཁོ་འདོན། གནོད་འགོག་རྒུད་སྐྱོབ་སོགས་གཙོ་གནད་བྱ་བ་ཏན་ཏིག་བསྒྲུབས་ནས་བདེ་འཇགས་ཐོན་སྐྱེད་དང་སྤྱི་ཚོགས་གཏན་འཇགས་ཡོང་བར་བྱ་དགོས། ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་པའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དུ་གཏོང་བ་དང་། ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་དང་སྐོར་ཞིབ། རྩིས་བཤེར་སོགས་ཀྱི་ཐད་བཏོན་པའི་གནད་དོན་སྣ་ཚོགས་ཀྱི་དག་ཐེར་ལ་དམ་པོར་དམིགས་ཏེ། གསར་བསྐོས་མགོ་ཁྲིད་ཀྱིས་སྔོན་ཆད་ཀྱི་དོན་དག་དང་དུ་ལེན་པ་རྒྱུན་འཁྱོངས་བྱས་ནས་མགྱོགས་མྱུར་ངང་གནད་དོན་ཐག་གཅོད་བྱ་དགོས། ད་ལོའི་ལོ་མཇུག་དང་སང་ལོའི་ལོ་མགོའི་འགག་རྩའི་དུས་མཚམས་ལ་དམ་པོར་དམིགས་ཏེ། སང་ལོའི་བྱ་བར་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱེད་པ་དང་། ཧུར་ཐག་སྒོས་ལས་གཞི་བརྩོན་ལེན་བྱས་ནས་སང་ལོའི་བྱ་བའི་མགོ་ཡག་པོ་ཞིག་རྩོམ་པར་སྐུལ་འདེད་བཏང་སྟེ་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ཕན་འབྲས་དེ་བྱ་བར་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་སུ་བསྒྱུར་དགོས་ཞེས་ནན་གྱིས་བསྟན།


热门新闻

热门图库

热门排行