གནད་བསྡུས། 详情

མཚོ་ལྷོ་ཁུལ་གྱི་དྲིལ་བསྒྲགས་བསམ་བློའི་རིག་གནས་ཁོངས་གཏོགས་ཀྱི་འཆད་ཁྲིད་བྱེད་མགོ་བརྩམས་པ།

ཟླ11པའི་ཚེས23ཉིན། མཚོ་ལྷོ་ཁུལ་གྱི་དྲིལ་བསྒྲགས་བསམ་བློའི་རིག་གནས་ཁོངས་གཏོགས་ཀྱི་འཆད་ཁྲིད་སློབ་ཐུན་དང་པོའི་གཅིག་སྡུད་སློབ་སྦྱོང་བདེ་བླག་ངང་བྱེད་མགོ་བརྩམས་པ་དང་། ཁུལ་ཐད་གཏོགས་དྲིལ་བསྒྲགས་བསམ་བློའི་རིག་གནས་དང་བཟོ་ཚོགས་ཁོངས་གཏོགས་ཀྱི་ལས་བྱེད་པ་ཡོངས་སློབ་སྦྱོང་ལ་ཞུགས་པ་དང་། ཐེངས་འདིའི་འཆད་ཁྲིད་ཆེན་མོར་སློབ་སྦྱོང་གི་སྤྱོད་ཚུལ་ལེགས་པ་དང་སློབ་ལ་བརྩོན་ཞིང་བསམ་གཞིགས་ལ་མཁས་པ་ཞེས་པའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས། འཆད་ཁྲིད་ལས་དཔེ་ཀློག་དང་སློབ་སྦྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་བློ་མཐུན་མའོ་ཙེ་ཏུང་གི་གསུང་རབ《ང་ཚོའི་སློབ་སྦྱོང་གི་སྒྱུར་བཀོད》ཅེས་པ་ཡིག་ཐོག་ནས་བརྒྱུད་བསྒྲགས་བྱས་པ་དང་། དེ་མིན་དངོས་མཚོན་གློག་བརྙན《དཔེ་ཀློག་གི་སྟོབས་ཤུགས》ཞེས་པར་བལྟས་ནས་མ་ཡིག་ཞིབ་འཇུག་སློབ་སྦྱོང་དང་། གསུང་རབ་བསྐྱར་དྲན། གཟུགས་བརྙན་སློབ་ཁྲིད་བཅས་ཟུང་འབྲེལ་གྱི་རྣམ་པ་བརྒྱུད་ནས་སློབ་སྦྱོང་བྱས་ཏེ། ཁུལ་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་བྱ་བ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བསམབློའི་རྨང་གཞི་ཇེ་བརྟན་དུ་བཏང་།

གཞུང་དངོས། དངོས་མཚོན་གློག་བརྙན《དཔེ་ཀློག་གི་སྟོབས་ཤུགས》ཞེས་པ་དེས་ལོ་རྒྱུས་ཀྱི་ཟུར་ཆེན་པོའི་ཐད་ནས་ཤེས་དཔལ་རྒྱུན་འཛིན་དང་བསམ་བློའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལ་སྤྱི་སྡོམ་བྱས་ཏེ། དཔེ་ཀློག་ཤེས་བརྩོན་གྱིས་མི་སྒེར་གྱི་འཚར་ལོངས་དང་སྤྱི་ཚོགས་ཡར་ཐོན་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཚུལ་གསོན་ཉམས་ལྡན་པའི་མངོན་པར་བྱས་ཡོད། བསམ་བློ་དང་རིག་གནས་དྲིལ་བསྒྲགས་ཀྱི་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ངོས་ནས་དཔེ་ཀློག་དང་སློབ་སྦྱོང་བྱ་རྒྱུ་དེ་གལ་ཆེའི་གནས་བབ་ཁྲོད་བཞག་ནས། དཔེ་ཀློག་ལ་བརྒྱུད་དེ་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། དཔེ་ཀློག་ལ་བརྒྱུད་ནས་ཤེས་རྟོགས་དང་མཐོང་རྒྱ་ཆེ་རུ་གཏོང་བ། དཔེ་དེབ་ཁྲོད་ལས་སྒྲུབ་ལས་སྐྲུན་གྱི་བསམ་བློའི་ཉིང་བཅུད་ལེན་པ། བསམ་བློའི་འཆིང་རྒྱ་གྲོལ་ནས་ནུས་པ་ཞན་པའི་དོན་དངོས་ཀྱི་གནད་དོན་ཁྱད་གསོད་བྱ་དགོས།བསམ་བློ་དང་རིག་གནས་དྲིལ་བསྒྲགས་ཁོངས་གཏོགས་ཀྱི་འཆད་ཁྲིད་ལེགས་པོ་བྱ་རྒྱུ་ནི་ལས་བྱེད་པས་རིགས་པའི་གཞུང་ལུགས་ལ་གོ་བ་གཏིང་ཟབ་བླངས་ནས། དྲིལ་བསྒྲགས་དཔུང་ཁག་གི་སྦྱོང་བརྡར་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་ཡིན་པས། བསམ་བློ་དང་རིག་གནས་དྲིལ་བསྒྲགས་ཐད་ཀྱི་ལས་བྱེད་པས་རིགས་པའི་གཞུང་ལུགས་དྲིལ་བསྒྲགས་དང་། གླེང་ཕྱོགས་ཁྲིད་སྟོན། རིག་གནས་ཁྱབ་སྤེལ་བཅས་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་འཁུར་དགོས། དུས་བབ་གསར་པ་དང་ལས་འགན་གསར་པའི་མདུན་དུ་ངེས་པར་དུ་དཔེ་དེབ་ཀློག་རྒྱུར་དགའ་བ་དང་། དཔེ་དེབ་ལེགས་པོ་ཀློག་པ། དཔེ་དེབ་ཀློག་མཁས་པ་བཅས་བྱ་རྒྱུ་དེ་འགན་འཁྲི་སྒྲུབ་པར་ངེས་པར་དུ་སྦྱོང་དགོས་པའི་བྱ་བ་གལ་ཆེན་དུ་བརྩི་དགོས། འཆད་ཁྲིད་ཁང་དུ་གཅིག་སྡུད་སློབ་སྦྱོང་བྱས་པ་བརྒྱུད་ལས་བྱེད་པའི་ཚེ་གང་བོར་སློབ་སྦྱོང་བྱེད་པའི་འདུ་ཤེས་འཛིན་པ་དང་། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སྤྱོད་ཚུལ་བཟང་པོ་ལག་ལེན་དུ་བསྟར་བ། སྦྱོང་སྤྱོད་ཁ་བྲལ་དང་སྦྱངས་ཡུན་མི་བརྟན་པའི་ཕྱོགས་ལྷུང་ངན་པ་སྤང་གང་ཐུབ་བྱེད་པ། རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་རྒྱུ་དེ་འབྲོག་ཁུལ་དང་གྲོང་གསེབ་ཀྱི་དྲིལ་བསྒྲགས་བྱ་བ་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་བཅས་བྱས་ནས། སྦྱངས་པའི་བསམ་བློ་དེ་གནད་དོན་ལྟ་ཞིབ་དང་གནད་དོན་དབྱེ་ཞིབ། གནད་དོན་ཐག་གཅོད་བཅས་ཀྱི་བྱ་བའི་ནུས་པ་ཞིག་ཏུ་འགྱུར་བར་ཁྲིད་སྟོན་བྱ་རྒྱུའི་བསམ་ཚུལ་བསྟན།

  རྗེས་མར་འཆར་ཁྲིད་ཆེན་མོས་རྒྱུན་རྣམ་ཅན་གྱི་སློབ་སྦྱོང་སྟེགས་བུའི་ནུས་པ་མུ་མཐུད་དུ་འདོན་སྤེལ་བྱས་ནས། བྱ་བའི་དོན་དངོས་ལ་གཞི་ཚུགས་ཏེ་ཚན་རིག་དང་མཐུན་པའི་ངང་སློབ་སྦྱོང་གི་ཆེད་དོན་བཀོད་སྒྲིག་བྱེད་པ་དང་། སློབ་སྦྱོང་གི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། སློབ་སྦྱོང་དོ་དམ་འཐུས་སྒོ་ཇེ་ཚང་དུ་གཏོང་བ་བཅས་བྱས་ནས་སློབ་སྦྱོང་ལ་འབད་བརྩོན་དང་བསམ་བློ་གཏོང་མཁས་པའི་རྣམ་པ་བཟང་བོ་གཏོད་རྒྱུ་རེད། ལས་བྱེད་པ་ཡོངས་ཀྱིས་ཐེངས་འདིའི་སློབ་སྦྱོང་གོ་སྐབས་སུ་བཟུང་སྟེ་དཔེ་ཀློག་དང་སློབ་སྦྱོང་གི་ཕན་འབྲས་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བའི་དྲིལ་བསྒྲགས་དང་། གཞི་རིམ་གྱི་རིགས་པའི་གཞུང་ལུགས་འགྲེལ་བཤད། གསར་འགྱུར་གླེང་ཕྱོགས་ལ་ཁྲིད་སྟོན། རིག་གནས་སྲུང་སྐྱོང་རྒྱུན་འཛིན་སོགས་ཀྱི་བྱ་བའི་ཕན་འབྲས་དངོས་སུ་འགྱུར་བར་བྱས་ནས།མཚོ་ལྷོའི་མི་རིགས་མཐུན་སྒྲིལ་དང་སྐྱེ་ཁམས་གཙོར་འཛིན་པ།གྲོང་གསེབ་དར་སྤེལ་བཅས་ཀྱི་གསོན་ཉམས་ལྡན་པའི་གཏམ་རྒྱུད་ལེགས་པར་འཆད་ནས། ཁུལ་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་བྱ་བར་གྲུབ་འབྲས་གསར་བ་ཞིག་ལེན་པར་སྐུལ་འདེད་གཏང་རྒྱུ་རེད།


热门新闻

热门图库

热门排行