རྒྱལ་སྤྱི། 详情

ཞི་ཅིན་ཕིང་གིས་སིང་ག་ཕོར་གྱི་ཙུང་ལི་ཧོང་ཞོན་ཚའེ་ལ་ཐུག་འཕྲད་གནང་བ།

ཟླ11པའི་ཚེས20ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲེན་ཀྲེན་དུ་ཀྲུང་གོར་ཕེབས་ཏེ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཞུགས་པའི་སིང་ག་ཕོར་གྱི་ཙུང་ལི་ཧོང་ཞོན་ཚའེ་དང་ཐུག་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས20ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲེན་ཀྲེན་དུ་ཀྲུང་གོར་ཕེབས་ཏེ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཞུགས་པའི་སིང་ག་ཕོར་གྱི་ཙུང་ལི་ཧོང་ཞོན་ཚའེ་དང་ཐུག་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་སིང་ག་ཕོར་ནི་མཛའ་མཐུན་གྱི་ཁྱིམ་མཚེས་རྒྱལ་ཁབ་དང་འཕེལ་རྒྱས་ཀྱི་གྲོགས་པོ་གལ་ཆེན་ཞིག་ཡིན་ལ། ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ཐད་གཡུར་ཟའི་གྲུབ་འབྲས་བླངས་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དངོས་གནས་དྲང་གནས་ཀྱི་ཕན་ཁེ་བསྐྲུན་ཡོད། འཛམ་གླིང་གི་ལོ་བརྒྱའི་འཕོ་འགྱུར་གྱི་འཕེལ་རིམ་ཇེ་མགྱོགས་སུ་འགྲོ་བའི་མདུན་དུ། ཀྲུང་གོ་དང་སིང་ག་ཕོར་ཕྱོགས་གཉིས་ཀྱིས་དུས་རབས་ཀྱི་རླབས་རྒྱུན་ཁོང་དུ་ཆུད་པ་དང་འཐབ་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་པ། མཐུན་སྒྲིལ་རོགས་ལས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་དང་སིང་ག་ཕོར་བར་ཕྱོགས་ཡོངས་དང་སྤུས་ཚད་མཐོ་བའི་སྔོན་དཔག་རང་བཞིན་གྱི་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བ་དང་། རང་སའི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྔར་ལས་ལེགས་པར་ཞབས་འདེགས་ཞུས་ཏེ་རྒྱལ་སྤྱི་དང་ས་ཁུལ་གྱི་དར་རྒྱས་བརྟན་བརླིང་ལ་ཧུར་ཐག་གིས་བྱས་རྗེས་འཇོག་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་སིང་ག་ཕོར་གཉིས་ནི་ཕན་ཚུན་ཡིད་ཆེས་བྱེད་པའི་བློས་ཐུབ་ཀྱི་གྲོགས་པོ་བྱ་དགོས་ཤིང་། ཆབ་སྲིད་ཐད་ཕན་ཚུན་ལ་ཡིད་ཆེས་བརྟན་པོ་བྱེད་པ་དང་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བྱེད་པ། ཕན་ཚུན་ལ་རྒྱབ་སྐྱོར་བྱས་ཏེ་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་བུར་ཡག་པོར་བསྐྱོད་དགོས། གསར་གཏོད་ལ་སྣེ་ཁྲིད་བྱེད་པའི་འཕེལ་རྒྱས་ཀྱི་གྲོགས་པོ་བྱེད་དགོས་ཤིང་། མུ་མཐུད་དུ་སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ་དང་། ཆུ་ཚད་མཐོ་བའི་སྒོ་ནས་མཉམ་ལས་ཀྱི་ལས་གཞི་གལ་ཆེན་གཉེར་སྐྱོང་བྱེད་པ། རང་མོས་ཉོ་ཚོང་གི་ཆོད་དོན་པར་གཞི་4.0གྲོས་མོལ་བྱེད་འགོ་བརྩམས་ཏེ། གྲངས་འཛིན་དཔལ་འབྱོར་དང་། ལྗང་མདོག་འཕེལ་རྒྱས། མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་སུ་མཚོན་རྟགས་རང་བཞིན་གྱི་མཉམ་ལས་གྲུབ་འབྲས་བསྐྲུན་དགོས་ལ། ཕྱོགས་གཉིས་ཀྱི་མཉམ་ལས་དེ་གསར་པ་དང་རིག་ནུས། ལྗང་མདོག་བཅས་སུ་ཚུལ་བསྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པའི་མཛའ་མཐུན་གྱི་ཁྱིམ་མཚེས་རྒྱལ་ཁབ་བྱ་དགོས་ཤིང་། རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་དང་ཏང་བར་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། མི་ཚུལ་རིག་གནས་སྤེལ་རེས་ཤུགས་ཆེ་རུ་བཏང་སྟེ། ཀྲུང་གོ་དང་སིང་ག་ཕོར་བར་གྱི་མཛའ་མཐུན་དམངས་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་བ་བཅས་བྱེད་དགོས། རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་ལ་སྲུང་སྐྱོང་བྱེད་པའི་ཡར་ཐོན་གྱི་སྟོབས་ཤུགས་སུ་འགྱུར་བར་བྱེད་པ་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་དང་། ཀྲུང་གོ་དང་ཨེ་ཤ་ཡའི་ཤར་ལྷོའི་མནའ་འབྲེལ་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་མཐུན་སྦྱོར་དང་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་སྟེ། ཨེ་ཤ་ཡ་ཤར་རྒྱུད་ས་ཁུལ་གྱི་ཡང་དག་པའི་མཉམ་ལས་ཁ་ཕྱོགས་སྟངས་འཛིན་བྱེད་པ་དང་། ས་ཁུལ་གྱི་ཞི་བདེ་བརྟན་བརླིང་ལ་སྲུང་སྐྱོབ་བྱས་ནས་ཐུན་མོང་གིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་གཅིག་མཐུན་ཚོགས་པ་དང་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་དགོས།

ཟླ11པའི་ཚེས20ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲེན་ཀྲེན་དུ་ཀྲུང་གོར་ཕེབས་ཏེ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཞུགས་པའི་སིང་ག་ཕོར་གྱི་ཙུང་ལི་ཧོང་ཞོན་ཚའེ་དང་ཐུག་འཕྲད་གནང་།

ཧོང་ཞོན་ཚའེ་ཡིས་བསྟན་དོན། སིང་ག་ཕོར་དང་ཀྲུང་གོའི་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་པ་དང་ཕྱོགས་ཡོངས་ཀྱི་གྲོགས་པོའི་འབྲེལ་བར་ངར་ཤུགས་ཆེན་པོ་ལྡན། སིང་ག་ཕོར་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་བྱས་ནས་ཐའེ་ཝན་རང་བཙན་ལ་ངོ་རྒོལ་བྱེད། སིང་ག་ཕོར་ཕྱོགས་ཀྱིས་སིང་ག་ཕོར་དང་ཀྲུང་གོའི་གྲོགས་པོའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིམ་པ་ཁག་གི་འགྲོ་འོང་དང་ཉོ་ཚོང་། ཐོན་ལས་མུ་ཕྲེང་དང་མཁོ་སྤྲོད་མུ་ཕྲེང་། མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ། མི་ཚུལ་རིག་གནས་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྲེན་ཀྲེན་དུ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་བདེ་བླག་ངང་ཚོགས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་དར་སྤེལ་བཏང་བའི་སྒོ་འབྱེད་དང་གསར་གཏོད། མཉམ་ལས་བཅས་ཀྱི་འདུ་ཤེས་དེ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་འཕེལ་རྒྱས་དགོས་མཁོ་དང་མཐུན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཨུ་རུ་སུ། ཨ་རི་བཅས་རྒྱལ་ཁབ་གསུམ་གྱི་གཙོ་འཛིན་ཞལ་འཛོམས་གྲོས་མོལ་གནང་བར་རྟེན་འབྲེལ་ཞུ་བ་དང་། འདི་ནི་དེང་སྐབས་ཟང་ཟིང་དུ་གྱུར་བའི་རྒྱལ་སྤྱིའི་གནས་བབ་འོག་དོན་སྙིང་གལ་ཆེན་ལྡན་ཡོད་ལ། འཛམ་གླིང་གི་ཞི་བདེ་བརྟན་བརླིང་ལ་སྲུང་སྐྱོབ་བྱེད་པར་ཕན་ཐོགས་ཡོད། སིང་ག་ཕོར་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་ལས་དོན་ཐད་འབྲེལ་འདྲིས་དང་མཉམ་ལས་བྱེད་པར་ཤུགས་བསྣན་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་གདོང་གཏོད་འདོད་ཡོད།

ཚའེ་ཆི་དང་ཝང་དབྱི། ཧོང་ཁུན་མིང་སོགས་ཐུག་འཕྲད་ལ་ཞུགས། །

热门新闻

热门图库

热门排行