ཁྲི་ཀ་རྫོང་གི་མཐོ་སྒང་ཤ་མོའི་རིགས་ཀྱི་ཚོད་ལྟའི་འདེབས་འཛུགས་ཐད་ལ་གྲུབ་འབྲས་གསར་པ་བླངས་ཡོད།
ཉེ་བའི་ལོ་འགའི་རིང་ལ། ཁྲི་ཀ་རྫོང་གིས་མཐོ་སྒང་གི་ཤ་མོའི་རིགས་དང་ལྗང་མདོག་ཨང་རྟགས་དང་པོའི་ཤ་མོའི་རིགས་ཀྱི་འཚམ་མིན་རང་བཞིན་དང་དགུན་དུས་ས་བོན་སྲུང་སྐྱོང་བྱེད་པའི་ཚོད་ལྟའི་བྱ་བ་སྤེལ་ནས། གྲང་ངར་ཆེ་བའི་ས་ཁུལ་གྱི་སྤུས་ལེགས་གཟན་རྩྭའི་མཁོ་སྤྲོད་མི་འདང་པ་དང་གཟན་རྩྭའི་དགུན་སྐྱེལ་དཀའ་བ་སོགས་ཀྱི་གནད་དོན་ཐག་བཅད་དེ། ཁུལ་ཡོངས་ཀྱི་གཟན་རྩྭའི་ཐོན་ལས་སྤུས་འདེགས་རིམ་སྤར་ཡོང་བར་ཚན་རྩལ་གྱི་འདེགས་སྐྱོར་འདོན་སྤྲོད་བྱས་པ་རེད།
གཞུང་དངོས། ཚོད་ལྟའི་གཞི་གྲངས་ལས་མངོན་པ་ལྟར་ན། ཁྲི་ཀ་རྫོང་གི་ཤ་མོའི་རིགས་ཀྱི་སྐྱེ་སྟོབས་བཟང་ཞིང་། ཆ་སྙོམས་མུའུ་རེ་ནས་ཏུན12.8ཐོན་སྐྱེད་བྱེད་ཐུབ་པ་དང་། ཆེས་མཐོ་ཤོས་སུ་མུའུ་རེ་ནས་ཏུན16.24ཐོན་སྐྱེད་བྱེད་ཐུབ། ཆ་སྙོམས་ཀྱི་གཞུང་རྟའི་མཐོ་ཚད་རྨིད3.57ཡིན། ལྗང་མདོག་ཨང་རྟགས་དང་པོའི་ཤ་མོའི་རིགས་ཆ་སྙོམས་མུའུ་རེ་ནས་ཏུན2.71ཐོན་སྐྱེད་བྱེད་ཐུབ་པ་དང་། ཆེས་མཐོ་ཤོས་སུ་མུའུ་རེ་ནས་ཏུན5.66ཐོན་སྐྱེད་བྱེད་ཐུབ། ཆ་སྙོམས་ཀྱི་གཞུང་རྟའི་མཐོ་ཚད་རྨིད2.65ཡིན།
ཤ་མོའི་རིགས་ཀྱི་སྐྱེ་སྟོབས་བཟང་ལ་ས་ཞིང་སྲུང་སྐྱོང་དང་སྐྱེ་ཁམས་སླར་གསོའི་ནུས་པའང་ཧ་ཅང་ལེགས་པས། ཤ་མོའི་རིགས་ཀྱི་འདེབས་འཛུགས་ཁྱབ་གདལ་དུ་བཏང་ན། ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཐུབ་པ་མ་ཟད། ཐོན་ལས་ཀྱི་སྦྲེལ་ཐག་རྒྱ་བསྐྱེད་དེ་རོང་འབྲོག་པའི་འབབ་འཕར་ལ་སྐུལ་ཁྲིད་ཀྱང་བྱེད་ཐུབ་པས། སྐྱེ་ཁམས་དང་དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ཕན་འབྲས་གཅིག་གྱུར་ཡོང་ཐུབ།