ཁྲི་ཀ་རྫོང་གིས་གད་སྙིགས་གཙང་སེལ་བྱ་འགུལ་སྤེལ་ཏེ་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་འགོག་སྲུང་བརྟན་པོར་བཏང་།
ཉེ་ཆར། དག་གཙང་མཚོ་ལྷོ་ཞེས་པའི་ས་ཁོངས་ཡོངས་སུ་གད་སྙིགས་མེད་པའི་ཕྱོགས་བསྡུས་བཅོས་སྐྱོང་གི་ཆེད་དོན་འགུལ་སྐྱོད་ལ་སྐུལ་འདེད་བྱེད་པའི་བརྒྱུད་རིམ་ཁྲོད་དུ། ཁྲི་ཀ་རྫོང་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་འགྱིག་ཤོག་གི་སྤགས་བཙོག་ལ་བཅོས་སྐྱོང་བྱེད་པའི་ལས་འགན་གཙོ་བོར་དམིགས་ནས། ལྗང་མདོག་འཚོ་བའི་གོམས་གཤིས་ཆགས་པར་སྐུལ་འདེད་གཏོང་བའི་ཆེད་དོན་བཅོས་སྐྱོང་བྱ་འགུལ་སྤེལ་ཏེ། གནད་འཁེལ་བཅོས་སྐྱོང་དང་དོ་དམ་ཚོད་འཛིན་རྒྱུན་འཁྱོངས་བྱས་ནས། མངའ་ཁུལ་གྱི་འགྱིག་རྫས་བདག་གཉེར་དང་བཀོལ་སྤྱོད་བྱེད་པའི་བྱ་སྤྱོད་མུ་མཐུད་དུ་ཚད་ལྡན་དུ་བཏང་སྟེ། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས་པ་རེད།
ཁྲི་ཀ་རྫོང་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་འགྱིག་ཤོག་གི་སྦགས་བཙོག་འབྱུང་སླ་བའི་གཙོ་གནད་ཁྱབ་ཁོངས་དང་གནད་འགག་གི་གོ་རིམ་ལ་དམིགས་ནས། གནད་འཁེལ་སྒོས་གྲལ་བཤེར་དང་བཅོས་སྐྱོང་བྱས་ཏེ། ཁྲོམ་ར་དང་གཅིག་བསྡུས་ཉོ་ཚོང་ཚོང་ར། ཟ་ཁང་། མྱུར་སྐྱེལ་དྲ་ཚིགས་བཅས་བཅོས་སྐྱོང་བྱ་ཡུལ་གཙོ་བོའི་གྲས་སུ་བཞག་པ་དང་། འབེབས་འབྱེད་མི་ཐུབ་པའི་འགྱིག་ཁུག་དང་གཅིག་གཅོད་འགྱིག་རྫས།འགྱིག་ཐུམ་དངོས་པོ་བཅས་སྒྲིག་འགལ་གྱིས་ཕྱིར་འཚོང་དང་བཀོལ་སྤྱོད་བྱེད་པ་སོགས་ཀྱི་གནད་དོན་གཙོར་བཟུང་སྟེ་གྲལ་བཤེར་བྱས་ཤིང་། དུས་རྒྱུན་དུ་སྐོར་ཞིབ་དང་ལྟ་སྐུལ།བཅོས་སྐྱོང་བཅས་བྱེད་པའི་བྱ་བའི་ལམ་ལུགས་ལག་བསྟར་བྱས་ནས། འགྱིག་རྫས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་སྒྲིག་འགལ་བྱ་སྤྱོད་ལ་རྩད་གཅོད་ནན་མོ་བྱས་ཏེ། འགྱིག་རྫས་ཀྱི་སྦགས་བཙོག་གཏན་འགོག་བྱས་ནས། གཙང་ཞིང་གྲལ་དག་ལ། སྐྱེ་ཁམས་གཏན་སྡོད་ཀྱི་མི་སྡོད་ཁོར་ཡུག་ཅིག་བསྐྲུན་པ་རེད།