ཞུང་ཡོན་ལའེ་ཡིས་ཁུལ་ཨུའི་རྒྱུན་ལས་ཚོགས་འདུར་མགོ་འཛིན་བྱས་པ།
ཟླ11པའིཚེས13ཉིན།ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཡིས་ཁུལ་ཨུའི་རྒྱུན་ལས་ཚོགས་འདུར་མགོ་འཛིན་གནང་སྟེ།སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།དེ་མིན་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་ནས།རང་ཁུལ་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས།ལག་བསྟར་བཅས་བྱེད་པར་ཡང་བསྐྱར་བཀོད་སྒྲིག་བྱས་པ་རེད།
གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས།རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ཏེ།ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་བརྟན་པོར་འཛུགས་པ་དང་ལག་བསྟར་བྱེད་པ།གཞན་དབང་ལ་ཁ་གཏད་བྱེད་སྟངས་སྔོན་འགོག་གང་ཐུབ་བྱེད་པ་དང་།རང་འགུལ་གྱི་བྱ་སྤྱོད་ལ་ཤུགས་སྣོན་བསྣན་ནས།ཧུར་ཐག་གིས་འགན་འཁྲི་འཁུར་ནས་བྱས་རྗེས་འཇོག་པ་དང་།དོན་འཁྱོལ་ནུས་ལྡན་ཡོང་བར་བརྩོན་ལེན་བཅས་བྱས་ནས།བསམ་བློ་དང་བྱ་སྤྱོད་གཅིག་གྱུར་ཡོང་བར་བྱེད་པ་དང་།ཏང་ཡོན་མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཏང་གཤིས་ཤུགས་ཆེར་གཏོང་བ།དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་པ།གྲོས་གཞི་ཐབས་ཇུས་ཧུར་ཐག་གིས་འདོན་པ།བློ་རྒྱ་ཆེ་བ་དང་ལངས་ཕྱོགས་གསལ་པོ་བྱས་ནས།བྱ་བ་བསྒྲུབ་པའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བར་བྱ་དགོས།སྒྲིག་ལམ་དང་སྒྲིག་སྲོལ་ནན་སྲུང་དང་ཐབས་ཇུས་དབང་གྲགས་ལ་མཉམ་དུ་སྲུང་སྐྱོང་བརྟན་པོ་བྱེད་པ།ཁ་ཞེ་མི་མཚུངས་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་དང་།ཕན་ཚུན་རྒྱབ་སྐྱོར་དང་མཐུན་སྒྲིལ་མཉམ་ལས་བྱེད་པ།བསམ་བློ་གཅིག་མཐུན་དང་སྟོབས་ཤུགས་གཅིག་བསྡུས་ཀྱིས་བྱ་བ་བསྒྲུབ་པའི་ཁོར་ཡུག་བཟང་པོ་ཞིག་མཉམ་དུ་བཏོད་དགོས།ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ཏང་འཛུགས་སྐྱོང་བྱ་བའི་འགན་འཁྲི་དོན་འཁྱོལ་བྱེད་པ།གཞི་རིམ་མང་ཚོགས་ཀྱི་སྟོབས་ཤུགས་གཅིག་གྱུར་འཆར་འགོད་དང་སྐུལ་སློང་།མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་གི་གནད་དོན་ལ་དམིགས་ཏེ།སྡེ་བ་རིམ་པའི་ཐོན་ལས་སྟོབས་ཆེར་གཏོང་བ་དང་།མི་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་བ།མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་དགོས།ལོ་ཧྲིལ་པོའི་མཇུག་བསྡུའི་ལས་འགན་ཁག་ལ་དམ་འཛིན་དང་དམིགས་ཚད་འགན་འཁྲིའི་དཔྱད་ཞིབ།རྩིས་བཤེར་ལེགས་བཅོས།རྒྱུན་རྣམ་ཅན་གྱི་རོགས་སྐྱོར།ཞིང་ཆེན་རིམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འཆར་ཅན་ལྟ་ཞིབ་སོགས་གཙོ་གནད་བྱ་བར་གཞིགས་ཏེ།ལོ་ལྔའི་འཆར་གཞི་བཅོ་ལྔ་པ་མགོ་ཡག་པོ་ཞིག་རྩོམ་ཐུབ་པར་འགན་ལེན་བྱ་དགོས་ཞེས་ནན་གྱིས་བསྟན།
ཚོགས་འདུ་ལས་རང་ཁུལ་གྱི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་གྱི་བྱ་བའི་བཀོད་སྒྲིག་དང་།དེ་མིན་སྒྲོག་འགྲེལ་སོགས་ཀྱི་བྱ་བའི་ཇུས་གཞི་ལའང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།
ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་བསྒྲགས།ལག་བསྟར་བཅས་བྱ་རྒྱུ་དེ་མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས།བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱ་དགོས་པ་དང་།ཞིབ་འཇུག་དང་གསོ་སྦྱོང་སྒྲིག་འཛུགས་ཞིབ་ཚགས་བྱེད་པ་དང་།ལས་བྱེད་པ་ཡོངས་རེས་སྐོར་གསོ་སྦྱོང་བྱས་ནས་གཞི་རིམ་ཏང་ཡོན་དང་།ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ། གསར་པ་གཉིས་ཀྱི་རྩ་འཛུགས་ཀྱི་ཏང་ཡོན་བཅས་ལ་སློབ་སྦྱོང་བྱེད་དུ་འཇུག་དགོས།གཞི་རིམ་ལ་ཕྱོགས་ནས་རྒྱ་ཁྱབ་ངང་སྒྲོག་འགྲེལ་བྱེད་པ་དང་།ཁུལ་རིམ་པའི་མགོ་ཁྲིད་ཀྱིས་སྣེ་ཁྲིད་ནས་སློབ་སྦྱོང་གཏིང་ཟབ་བྱེད་པ་རྒྱུན་འཁྱོངས་བྱས་ནས།འབྲེལ་གཏུག་བྱ་ཡུལ་གྱི་ཤང་དང་གྲོང་བརྡལ་དང་།སྡེ(སྡེ་ཁུལ)བ་དང་དགོན་སྡེ་བཅས་སུ་སོང་ནས་གོ་སླ་བའི་ལམ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་དང་གསལ་བཤད་བྱ་དགོས།གཅིག་གྱུར་འཆར་འགོད་སྒོས་གསར་འགྱུར་དྲིལ་སྒྲོག་ལ་སྐུལ་འདེད་གཏོང་བ་དང་།སྨྱན་སྦྱོར་སོགས་སྟེགས་བུ་བེད་སྤྱོད་གང་ལེགས་བྱེད་པ་དང་།མཚོ་ལྷོའི་གཏམ་རྒྱུད་ཡག་པོར་བཤད་ནས།ཅན་བཅུའི་ཏང་འཛུགས་སྐྱོང་གི་ཆེད་དོན་བྱ་བའི་ཚན་ཆུང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཞི་རིམ་དུ་དོན་འཁྱོལ་དང་མི་སེམས་ལ་འཇགས་པར་བྱེད་པ་དང་།རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་སློབ་སྦྱོང་གི་གྲུབ་འབྲས་དེ་བྱ་བའི་གསར་གཏོད་ཀྱི་བྱ་སྤྱོད་དངོས་ལ་འགྱུར་བར་བྱས་ནས།དེང་རབས་ཅན་གྱི་མཚོ་ལྷོ་གསར་པ་འཛུགས་སྐྲུན་བྱ་ཆེད་མཉམ་ཤུགས་གཅིག་བསྒྲིལ་བྱ་དགོས་ཞེས་ནན་གྱིས་བསྟན།
ཚོགས་འདུ་ལས་ད་དུང་དོན་ཚན་གཞན་དག་ལའང་ཞིབ་འཇུག་བྱས།