གཙོ་གནད།2 详情

ཞུང་ཡོན་ལའེ་ཡིས་གུང་ཧོ་རྫོང་རྟ་ནག་མ་གྲོང་བརྡལ་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་བཤད་དང་བྱ་བར་རྟོག་ཞིབ་བྱས།

།ཟླ11པའི་ཚེས12ཉིན། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་གུང་ཧོ་རྫོང་རྟ་ནག་མ་གྲོང་བརྡལ་དུ་སོང་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་བཤད་དང་བྱ་བར་རྟོག་ཞིབ་བྱས་པ་མ་ཟད།གཞི་རིམ་ཀྱི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་།ཁོས་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པར་སློབ་སྦྱོང་ལག་ལེན་གཏིང་ཟབ་བྱས་ཏེ།ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་།གཞི་རིམ་དམ་འཛིན་བྱེད་པའི་ཁ་ཕྱོགས་བརྟན་པོར་བཙུགས་ཏེ།སྔར་ལས་ལྷག་པའི་སྒོ་ནས་ཅན་བཅུའི་ཏང་འཛུགས་བྱ་བ་ལེགས་པོར་བསྒྲུབ་པ་དང་།ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་གཞི་རིམ་དུ་རྒྱ་བསྐྱེད་པར་སྐུལ་འདེད་སྒོས།ཏང་ལ་དོ་དམ་དང་ཏང་སྐྱོང་བའི་གྲུབ་འབྲས་གསར་པར་བརྟེན་ནས་མཚོ་ལྷོའི་བྱ་བའི་སྣང་ཚུལ་གསར་པ་བསྐྲུན་དགོས་ཞེས་ནན་གྱིས་བསྟན།

རྟ་ནག་མ་གྲོང་བརྡལ་གྱི་སྲིད་གཞུང་དུ་ཞུང་ཡོན་ལའེ་ཡིས་ཅན་བཅུའི་ཏང་འཛུགས་དང་ཐོན་ལས་འཕེལ་རྒྱས།འགལ་ཟླ་འདུམ་འགྲིག དམངས་ཚིས་འགན་སྲུང་།རུལ་སུངས་བཅོས་སྐྱོང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་མ་ཟད།ལས་བྱེད་པ་དང་ལས་བཟོ་བའི་གཞུང་སྒྲུབ་དང་འཚོ་བའི་ཁོར་ཡུག་ལ་བལྟས་ཏེ།གྲོང་བརྡལ་དང་སྡེ་བའི་ལས་བྱེད་པ་དང་ཏང་ཡོན།སྡེ་སྡོད་བྱ་བའི་རུ་ཁག་གི་མི་སྣ་བཅས་དང་མཉམ་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་སློབ་སྦྱོང་བྱས་པའི་མྱོང་ཚོར་གླེང་།ཁོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ནི་རང་རྒྱལ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཀྱི་ལམ་བུ་གསར་པའི་སྟེང་བསྐྱོད་པའི་གནད་འགག་གི་དུས་སྐབས་སུ་བསྡུས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་པས།ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་དང་གཞི་རིམ་སྲིད་སྐྱོང་རྨང་གཞི་བརྟན་པོར་གཏོང་བར་བཀོད་སྒྲིག་བྱས་ཏེ།གཞི་རིམ་གྱི་བྱ་བ་སོ་སོ་ལེགས་པོར་བསྒྲུབ་པར་གཞི་རྩའི་རྩ་དོན་དང་འགུལ་སྐྱོད་ཀྱི་ཁ་ཕྱོགས་འདོན་སྤྲོད་བྱས་ཡོད་ཅེས་བསྟན།

ཁོས་ལམ་བུ་གསར་པར་བསྐྱོད་ན་མཚོ་ལྷོས་རྒྱལ་ཡོངས་དང་དུས་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་ཡོང་བའི་འོས་འགན་དེ་བས་ཀྱང་དཀའ་ཚེགས་ཆེ་ཞིང་།རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་བསམ་བློའི་འདུ་ཤེས་དང་ནུས་པའི་བྱང་ཚད།སྤྱོད་ལམ་གྱི་སྣང་བརྙན་བཅས་ལ་སྔར་ལས་མཐོ་བའི་རེ་བ་བཏོན་ཡོད་པས།རྒྱ་ཆེའི་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན།ལས་བྱེད་པ་བཅས་ཀྱིས་ནན་ཏན་གྱིས་སློབ་སྦྱོང་དང་ཐོས་བསམ་མྱོང་རྟོགས་སྒོས།བསམ་བློ་དང་འགུལ་སྐྱོད་དེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་ཡོང་བར་བྱས་ཏེ།ལྷག་བསམ་བློ་དཀར་གྱིས་ཏང་གཤིས་ཇེ་དྲག་ཏུ་བཏང་སྟེ།ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ།ཁུལ་ཨུ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་སོ་སོ་དོན་འཁྱོལ་ནན་མོ་བྱེད་པ་དང་།དམངས་གཙོའི་གཅིག་བསྡུས་ལམ་ལུགས་ལག་བསྟར་བྱས་ནས།གཞི་རིམ་ཏང་རྩ་འཛུགས་ཀྱི་བྱེད་ནུས་གཉིས་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་དགོས།ཅན་བཅུའི་ཏང་འཛུགས་ཐད་སྤུས་འདེགས་ནུས་མཐོ་ཡོང་བར་སྐུལ་འདེད་བྱས་ཏེ།སྔར་ལས་ལྷག་པའི་སྒོ་ནས་ཆེད་དོན་བྱ་བའི་ཚན་ཁག་སོ་སོའི་འགན་འཁྲི་འཐུས་ཚང་དུ་གཏོང་བ་དང་།གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་ཆད་ལྷག་གསབ་སྣོན་བྱ་དགོས།ལས་བྱེད་པའི་བྱ་བའི་སྤྱོད་ཚུལ་ལེགས་སྒྱུར་བྱས་ཏེ།དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་བསྐྱོད་དགོས་པ་དང་།སྡེ་བའི་ཁྱིམ་ཚང་རེ་རེར་སོང་ནས་མཉམ་བཟའ་མཉམ་སྡོད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ།མང་ཚོགས་ཀྱི་བསམ་ཚུལ་དང་འདོད་བློར་རྒྱུས་ལོན་ཞིབ་མོ་བྱས་ནས།དམངས་ལ་ཞབས་འདེགས་ཞུ་བའི་ཁྲོད་ཀྱི་འགན་སྒྲུབ་ནུས་པ་ཆེ་རུ་བཏང་སྟེ།ལས་བྱེད་པའི་བྱ་བ་བསྒྲུབ་པའི་བློ་སྤོབས་དང་ཚུལ་ལྡན་གྱི་སྤྱོད་ལམ་ལ་བརྟེན་ནས་མི་སེམས་འགུག་དགོས། མཉམ་སྐྲུན་མཉམ་སྐྱོང་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་མང་ཚོགས་ཀྱི་གོ་གནས་གཙོ་བོ་འབུར་ཐོན་ཡོང་བར་བྱ་རྒྱུ་དང་།མང་ཚོགས་ཀྱིས་རི་ཆུར་སྲུང་སྐྱོང་དང་།ཁྱད་ལྡན་ཐོན་ལས་དར་སྤེལ།མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་སྐྲུན།ཤེས་དཔལ་སྲོལ་གསར་མཉམ་འཛུགས།མི་རིགས་མཐུན་སྒྲིལ་མཉམ་སྐྲུན།གཞི་རིམ་བཅོས་སྐྱོང་མཉམ་འཛིན་བཅས་བྱེད་པར་སྣེ་ཁྲིད་བྱས་ཏེ་རོང་འབྲོག་ཁུལ་དུ་ཏང་གི་སྲིད་སྐྱོང་རྨང་གཞི་རྒྱུན་མཐུད་ངང་བརྟན་དུ་གཏོང་དགོས་ཞེས་ནན་གྱིས་བསྟན།    

སྒྲོག་བཤད་ཀྱི་སྔོན་ལ་ཞུང་ཡོན་ལའེ་སྡེ་བའི་བཞིའི་ཐུན་མོང་དཔལ་འབྱོར་ཐོན་ལས་གླིང་དང་རྒྱབ་ལུང་སྡེ་བའི་འཆམ་མཐུན་གྲོང་གསེབ་འཛུགས་སྐྲུན་ལས་གཞིའི་ཡུལ་དངོས།གྲོང་བརྡལ་འཕྲོད་བསྟེན་ཁང་བཅས་སུ་བསྐྱོད་དེ་སྡེ་བ་རིམ་པའི་ཐོན་ལས་གསོ་སྐྱོང་དང་འཆམ་མཐུན་གྲོང་གསེབ་འཛུགས་སྐྲུན། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་འགན་ལེན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། ཞན་ཆར་དབྱེ་ཞིབ་དང་བྱ་བར་བླང་བྱ་ཡང་བཏོན།  ཁོས་གྲོང་བརྡལ་གྱི་འཆར་འགོད་ཞིབ་ཚགས་བཟོས་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་དང་གཞི་རིམ་གྱི་འཕྲོད་བསྟེན་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་རྒྱུར་གཅིག་གྱུར་སྒོས་སྐུལ་འདེད་གཏོང་བ་དང་། རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་རྣམ་པ་རྒྱུན་མཐུད་ངང་ཕུན་སུམ་ཚོགས་པོར་གཏོང་བ་དང་། སྣ་མང་མཁོ་སྤྲོད། སྤུས་ལེགས་ཞབས་ཞུས་ཡུལ་སྐོར་བ་འགུག་པ།  དགའ་བསུ་ཐོབ་པ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་གྲོང་བརྡལ་གསར་སྤེལ་དང།གྲོང་གསེབ་འཛུགས་སྐྲུན། དམངས་ཚིས་འགན་ལེན། ཐོན་ལས་གསོ་སྐྱོང་བཅས་ཀྱི་ཕན་འབྲས་མཉམ་དུ་ཆེ་རུ་གཏོང་དགོས་ཞེས་བསྟན།   

ཁུལ་གྱི་མགོ་ཁྲིད་ཀྲང་ཅུན་ལུའུ་དང་ཏེང་ཧྲེང་ཕེང་གཉིས་རྟོག་ཞིབ་བྱ་བར་ཞུགས།


热门新闻

热门图库

热门排行