གནས་ཚུལ། 详情

ཐུན་ཏེ་རྫོང་ཐང་མགོ་གྲོང་བརྡལ་གསེར་ཐང་སྡེ་བས་ནས་ཀྱི་ཡོང་འབབ་བགོ་བཤའ་བརྒྱབ།

 ད་ལོ་ནས་བཟུང་ཐུན་ཏེ་རྫོང་ཐང་མགོ་གྲོང་བརྡལ་གསེར་ཐང་སྡེ་བའི་ཏང་ཀྲི་པུའུ་ཡིས་ཁུལ་ཨུ་དང་རྫོང་ཨུའི་ཅན་བཅུའི་ཏང་འཛུགས་སྐྱོང་བྱ་བའི་བླང་བྱར་དམ་པོར་དམིགས་ནས། ཏང་འཛུགས་སྐྱོང་གི་དགེ་མཚན་དེ་ཐོན་ལས་འཕེལ་རྒྱས་ཀྱི་དགེ་མཚན་དུ་བསྒྱུར་ཏེ་ཏང་ཀྲི་པུའུ་དང་མཉམ་ལས་ཁང་། ཞིང་བའི་ཁྱིམ་ཚང་བཅས་ཟུང་འབྲེལ་གྱི་ཐབས་ལམ་སྤྱད་དེ་ཁྱད་ལྡན་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་སུ་བཏང་ཞིང་། མིག་སྔར་ནས་ལ་ལོ་ལེགས་བྱུང་བ་དང་སྡེ་མི་ཚོར་ཐོན་ལས་ཀྱི་ཡོང་འབབ་ཐོབ་པས་གདོང་ལ་བདེ་སྐྱིད་ཀྱི་འཛུམ་མདངས་མངོན་ཡོད།

 གསེར་མདོག་གི་སྟོན་དུས་འདིར་ཐུན་ཏེ་རྫོང་ཐང་མགོ་གྲོང་བརྡལ་གསེར་ཐང་སྡེ་བར་ལོ་ལེགས་ཀྱི་འབྲས་བཟང་སྨིན་ཡོད་པའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།  བགོ་བཤའ་རྒྱག་པའི་ཡུལ་དངོས་སུ་སྡེ་མི་ཚོས་ནས་ཀྱི་ཁུག་མ་རེ་རེ་ཡར་བཀྱགས་ཏེ་དགའ་སྤྲོའི་ངང་རང་གི་རླངས་འཁོར་དུ་བརྩིགས་བཞིན་འདུག  ནས་འབྲུའི་ཁུག་མ་དག་ཧ་ཅང་ལྕི་བས་རླངས་འཁོར་གྱི་འཁོར་ལོ་མནན་ཡང་སྡེ་མི་ཚོའི་གདོང་ལ་འཛུམ་གྱིས་ཁེངས་འདུག  

ད་ལོར་གསེར་ཐང་སྡེ་བས་སྡེ་བའི་ཐུན་མོང་དཔལ་འབྱོར་མཉམ་ལས་ཁང་ལ་བརྟེན་ནས་ས་ཞིང་ཐོན་ཁུངས་བསྡུ་སྒྲིག་བྱས་ཏེ་གཅིག་གྱུར་རྨོ་འདེབས་དང་གཅིག་གྱུར་དོ་དམ། གཅིག་གྱུར་ཕྱིར་འཚོང་བཅས་བྱས་ཤིང་། སྡེ་མི་ཚོས་རང་རང་ས་ནས་ལས་ཀ་བསྒྲུབ་པའི་རྣམ་པ་ནས་མཉམ་ལས་ཕྱོགས་སུ་འཕེལ་རྒྱས་སུ་བཏང་བས་འདེབས་འཛུགས་ཀྱི་མ་རྩ་ཆུང་དུ་ཕྱིན་པ་དང་། ཐོན་ཚད་དང་ཕན་འབྲས་ཆེ་རུ་ཕྱིན་ཡོད། སྡེ་དམངས་ཨུ་ཡོན་ལྷན་ཁང་གཉིས་དང་ཏང་ཡོན་གྱིས་སྣེ་ཁྲིད་དེ་ཁྲོམ་རར་ཕྱོགས་པའི་ཐབས་ལམ་བཏོད་ནས་ཅན་བཅུའི་ཏང་འཛུགས་སྐྱོང་དེ་ཞིང་ཁར་དོན་འཁྱོལ་ཐུབ་པར་བྱས། ད་ལོར་སྡེ་བ་ཡོངས་ཀྱི་ཁྱིམ་ཚང178ལ་ཆ་སྙོམས་ཀྱིས་སྒོར་སྟོང་གཅིག་ཡན་གྱི་ཡོང་འབབ་ཐོབ་ཡོད། རུ་ཁག་བཞི་ཡིས་འགན་གཙང་ལེན་བྱས་པའི་ཞིང་ཁྱིམ་རེའི་ཡོང་འབབ་སྒོར2400རུ་འཕར་ཡོད། སྡེ་མི་ཚོས་རེ་སྒུག་བྱེད་ས་གཞན་ཞིག་ཡོད་པ་ནི་ཡུག་པོའི་ཐོན་འབབ་ད་དུང་རྩིས་རྒྱག་ཐུབ་མེད་པ་དང་ལོ་ལེགས་རྩིས་ཐོ་དེ་མུ་མཐུད་དུ་ཇེ་མང་དུ་གཏོང་རྒྱུ་ཡིན་པ་དེ་རེད།

 

热门新闻

热门图库

热门排行