དོན་གྲུབ་ཀྱིས་གུང་ཧོ་རྫོང་རིག་སྨོན་གྲོང་བརྡལ་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་བྱས།
ཟླ11པའི་ཚེས12ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་དོན་གྲུབ་ཀྱིས་གུང་ཧོ་རྫོང་རིག་སྨོན་གྲོང་བརྡལ་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པར་མ་ཟད། གྲོང་བརྡལ་དང་སྡེ་བ། སྡེ་ཁུལ་བཅས་ཀྱི་རིམ་པ་གཉིས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི་དང་བཞུགས་མོལ་སྤེལ་རེས་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཞི་རིམ་དུ་ལག་བསྟར་དོན་འཁྱོལ་དང་མིའི་སེམས་ལ་འཇགས་པར་སྐུལ་འདེད་བཏང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་།རྒྱུན་སྲིང་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་གཟབ་ནན་སྒོས་སྐྱོང་བའི་བླང་བྱ་དེ་ཤང་གྲོང་དང་།སྡེ་བ་། སྡེ་ཁུལ་བཅས་ཀྱི་བྱ་བའི་ཁྲོད་ཁྱབ་པར་བྱས་ཏེ། ཅན་བཅུའི་ཏང་འཛུགས་སྐྱོང་དམ་འཛིན་བྱ་རྒྱུར་རྒྱུན་འཁྱོངས་བྱེད་པ་དང་། རྩ་འཛུགས་ཀྱི་སྒྲིག་ལམ་ནན་མོར་བརྟེན་ནས་རྨང་གཞི་བརྟན་པོར་གཏོང་བ་དང་། སྤྱོད་ཚུལ་ནན་མོར་བརྟེན་ནས་ལས་སྒྲུབ་ལས་གཏོད་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་།ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་བྱ་བའི་བླང་བྱ་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་འགན་ལེན་བྱ་དགོས་ཞེས་ནན་གྱིས་བསྟན།
དོན་གྲུབ་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཕྱོགས་ཡོངས་ནས་ཏང་གཟབ་ནན་སྒོས་སྐྱོང་བའི་གྲུབ་འབྲས་ལ་བརྒྱུད་རིམ་ལྡན་པས་ཕྱོགས་སྡོམ་དང་།ཏང་གི་རང་ངོས་གསར་བརྗེའི་ཆོས་ཉིད་གསལ་སྟོན་གཏིང་ཟབ།ཚན་རིག་དང་མཐུན་པའི་ངང་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ལས་འགན་གལ་ཆེན་བཀོད་སྒྲིག་བཅས་བྱས་ནས་ཏང་ཡོངས་ཀྱིས་རྒྱུན་སྲིང་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་གཟབ་ནན་སྒོས་སྐྱོང་རྒྱུར་སྐུལ་འདེད་གཏོང་ཆེད་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་ལ། གཞི་རིམ་ཏང་རྩ་འཛུགས་ནི་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་འཐབ་ཕྱོགས་དང་པོར་གནས་ཡོད་པས།ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་བསྒྲགས།ལག་བསྟར་བཅས་བྱ་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བརྩིས་ནས། ཏང་བཅོས་སྐྱོང་བྱེད་དགོས་དོན་གང་ཡིན་པ་དང་།ཕྱོགས་ཡོངས་ནས་བཅོས་སྐྱོང་བྱེད་དགོས་དོན་གང་ཡིན་པ།ངེས་པར་དུ་ནན་སྐྱོང་བྱེད་དགོས་དོན་གང་ཡིན་པ་བཅས་ཀྱི་རྩ་བའི་གཏན་ཚིགས་ལ་གོ་བ་གཏིང་ཟབ་ལེན་པ་དང་།དུས་རབས་གསར་པའི་ཕྱོགས་ཡོངས་ནས་ཏང་གཟབ་ནན་སྒོས་སྐྱོང་བའི་ལག་ལེན་གྱི་ཐབས་ལམ་དང་།ནང་དོན་གཙོ་བོ།དམིགས་ཚད་གཉེར་ཕྱོགས་བཅས་ཁོང་དུ་ཡང་དག་ཆུད་པར་བྱེད་པ།རྒྱུན་སྲིང་ལྷོད་མེད་ངང་ཏང་འཛུགས་སྐྱོང་ལ་དམ་འཛིན་དང་། སྤྱོད་ཚུལ་ལེགས་འགྱུར།སེམས་ནུས་གཅིག་ཏུ་སྒྲིལ་ནས་བྱ་གཞག་སྒྲུབ་པ་བཅས་བྱས་ཏེ་སློབ་སྦྱོང་གི་གྲུབ་འབྲས་དེ་བརྟན་པོའི་ངང་འཕར་བ་དང་།དམངས་འཚོར་ཕན་འདོགས་པ།བརྟན་བརླིང་སྲུང་སྐྱོང་།འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཕན་འབྲས་དངོས་ལ་འགྱུར་བར་བྱ་དགོས་ཞེས་བསྟན།
ཏང་གི་ཁྱོན་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་བསྣན་ནས་གོང་འོག་སྦྲེལ་མཐུད་དང་ལག་བསྟར་ནུས་ལྡན་གྱི་རྩ་འཛུགས་མ་ལག་རྒྱུན་མཐུད་ངང་འཛུགས་སྐྱོང་བྱེད་པ་དང་།ཀྲི་པུའུ་ཕན་ཚུན་འཛུགས་སྐྱོང་དང་།ཏང་ཡོན་ཕན་ཚུན་མཉམ་འབྲེལ།རྩོད་གཞི་འདུམ་འགྲིག འཕེལ་རྒྱས་མཉམ་སྤྱོད་བཅས་ཀྱི་ཐད་བྱ་བ་ནན་ཏན་སྒོས་བསྒྲུབ་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་ཏང་གི་མགོ་ཁྲིད་གཞི་རིམ་དུ་ཐད་ཀར་ཐོན་པ་དང་འཐབ་ཕྱོགས་དང་པོར་གཞི་ཚུགས་ཐུབ་པར་འགན་ལེན་བྱ་དགོས། ཏང་གཤིས་ཆེ་རུ་གཏོང་རྒྱུ་དེ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་རྩ་བའི་རང་བཞིན་གྱི་ལས་འགན་ཞིག་ཏུ་བརྩིས་ཏེ།ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་པའི་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་།ཏང་ཡོན་གྱི་དཔུང་སྡེ་དང་ལས་བྱེད་པའི་དཔུང་སྡེ་ལ་སློབ་གསོ་གསོ་སྐྱོང་དང་།འདེམས་སྒུག་བསྐོ་སྤྱོད།དོ་དམ་དང་ལྟ་སྐུལ་བཅས་ནན་མོ་བྱེད་པ།འཕེལ་རྒྱས་ལ་སྐུལ་འདེད་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཁྲོད་དུ་འཇོན་ཐང་མུ་མཐུད་ནས་སྦྱོང་བརྡར་དང་སྤྱོད་ཚུལ་ལེགས་བཅོས་བྱས་ཏེ།ལས་འགན་ལྗིད་མོ་ཐེག་ཐུབ་པའི་གཞི་རིམ་གྱི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་དགོས།ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་རྒྱུན་རྣམ་དང་ཕུགས་ཕན་གྱི་སྒོ་ནས་བཅོས་སྒྲིག་བྱས་ཏེ་སྲོལ་ངན་དང་སྤྱོད་ཚུལ་ངན་པ་བཅོས་སྐྱོང་། གནད་དོན་འབུར་ཐོན་བཅོས་སྒྲིག་བཅས་བྱས་ཏེ་སྒྲིག་ཁྲིམས་ནན་མོ་དང་སྤྱོད་ཚུལ་ནན་མོ།གཞུང་དྲང་སྤྱོད་གཙང་། འགན་འཁུར་དངོས་སྒྲུབ་བཅས་ཀྱི་ཆབ་སྲིད་ཀྱི་ཁོར་ཡུག་ལེགས་པོ་མུ་མཐུད་དུ་གཏོད་དགོས་ཞེས་ནན་གྱིས་བསྟན།
དོན་གྲུབ་ཀྱིས་སློབ་སྦྱོང་དང་བེད་སྤྱོད་ཟུང་འབྲེལ་བྱེད་པ་དང་དོན་འཁྱོལ་ལ་དམ་འཛིན་ནན་མོ་བྱས་ཏེ་ཕྱོགས་ཡོངས་ནས་ཏང་གཟབ་ནན་སྒོས་སྐྱོང་བའི་ཕན་འབྲས་དེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཞིབ་ཕྲའི་ལག་ལེན་ཁྲོད་མངོན་པར་བྱ་དགོས་ཤིང་། རི་ཆུ་ནགས་གསུམ་དང་། ཞིང་དང་མཚེའུ། རྩྭ་ས་དང་བྱེ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་རྒྱུད་རིམ་ལྡན་པས་བཅོས་སྐྱོང་རྒྱུན་འཁྱོངས་བྱས་ཏེ་སྐྱེ་ཁམས་བདག་སྐྱོང་པའི་དཔུང་ཁག་གི་ནུས་པ་འདོན་སྤེལ་བྱེད་པ་དང་།རྩྭ་སའི་ཉམས་གསོ་བདག་སྐྱོང་།ཆུ་འགྲམ་གཙང་བཟོ།གད་སྙིགས་དང་བཙོག་ཆུ་ཚད་ལྡན་ཐག་གཅོད་སོགས་ཀྱི་རྨང་གཞིའི་རང་བཞིན་གྱི་བྱ་བར་དམ་འཛིན་བྱས་ཏེ་མིག་མཐོང་ལག་ཟིན་གྱི་སྐྱེ་ཁམས་འགྱུར་ལྡོག་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ལ་ཞིབ་བཤེར་བྱ་དགོས།
ཁུལ་ཡོངས་ཀྱི་སྐྱེ་ཁམས་ལ་བརྟེན་ནས་ཁུལ་སྐྱོང་བ་དང་ནུས་ཁུངས་གཙང་མར་བརྟེན་ནས་ཁུལ་སྟོབས་ཆེར་གཏོང་བ། ཞིང་ཕྱུགས་ལས་ལ་བརྟེན་ནས་ཁུལ་བརྟན་པོར་གཏོང་བ།རིག་གནས་ཡུལ་སྐོར་ལ་བརྟེན་ནས་ཁུལ་དར་རྒྱས་སུ་གཏོང་བ་བཅས་ཀྱི་འཕེལ་རྒྱས་འཐབ་ཇུས་ལ་དམ་འཛིན་ནན་མོ་བྱས་ཏེ། ཡུལ་བབ་དང་བསྟུན་རྒྱུ་རྒྱུན་འཁྱོངས་ཀྱིས་ས་བབ་ཀྱི་དགེ་མཚན་དང་ཁྱད་ཆོས་འདོན་སྤེལ་གང་ལེགས་བྱེད་པ་དང་།ཡུལ་བབ་དང་བསྟུན་ཏེ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།ཞིང་འབྲེལ་ཞིང་ཁྲིད་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་ཐོན་ལས་འཕེལ་རྒྱས་ཁྲོད་མང་ཚོགས་ལ་རྒྱུན་པར་ཕན་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས།མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ་མང་ཚོགས་ཀྱིས་གོ་ཐུབ་པ་དང་དང་ལེན་ཐུབ་པའི་བྱེད་སྟངས་ཐོག་ནས་དམངས་ཕན་སྲིད་ཇུས་དང་བྱེད་ཐབས་ཁག་ལ་འགྲེལ་བཤད་གསལ་བོ་རྒྱག་པ།མང་ཚོགས་ཀྱིས་ཚུར་སྣང་ལན་ཆ་ཆེ་བའི་དཀའ་ངལ་དང་སེམས་ཁྲལ་གྱི་གནད་དོན་ཐག་གཅོད་ཧུར་ཐག་དང་།འགལ་ཟླ་དང་རྩོད་གཞི་སྣ་ཚོགས་སྔོན་འགོག་ནུས་ལྡན་དང་འདུམ་འགྲིག དམངས་འཚོའི་བདེ་སྐྱིད་རྒྱུན་མཐུད་ངང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་གཏོང་དགོས་ཞེས་ནན་གྱིས་བསྟན།
ཁུལ་གྱི་མགོ་ཁྲིད་བཀྲ་ཤིས་ཕུན་ཚོགས་ཐེངས་འདིའི་སྒྲོག་འགྲེལ་བྱེད་སྒོར་ཞུགས།