གནད་བསྡུས། 详情

ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་ལྔ་པ་བསྡུས།

ཟླ11པའི་ཚེས16ཉིན། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་གྲོས་ཚོགས་ཐེངས5པ་བསྡུས་པ་དང་།ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རིན་ཚེ་བརྟན་སྒྲོལ་མས་ཚོགས་འདུར་མགོ་འཛིན་གནང་བ་དང་།ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ཀྲང་ཏུ་ཞན་དང་།ཏང་ཙུའུ་ཁོངས་མི་ཀྲུའུ་ལིན་དང་ཝང་ཀུའོ་ཞུན་བཅས་ཚོགས་འདུར་ཞུགས།ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀུན་བཟང་པདྨ་རྣམ་རྒྱལ།ཁུལ་དམངས་ཆེན་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་སོ་སོ་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ།ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཚོགས་འདུར་ཞུགས་ཡོད།

གཞུང་དངོས། གྲོས་ཚོགས་ལས《རྒྱུན་འཁྱོངས་ལྷོད་མེད་སྒོས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》ཀྱི་ལེའུ་དང་པོ་དང་གཉིས་པའི་ནང་དོན་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨ་ཆུ་སྲུང་སྐྱོང་བཅོས་སྐྱོང་བྱ་བ་སྔར་བས་ལེགས་པོ་སྒྲུབ་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་ཀྱི་དགོངས་དོན་གལ་ཆེན།དེ་མིན《ཞི་ཅིན་ཕིང་གིས་གཞི་རིམ་བྱ་བའི་བྱ་ཐབས་སྐོར་གྱི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་བྱེད་པའི་དཔེ་དེབ》དང《ཞི་ཅིན་ཕིང་གིས་གཞི་རིམ་བྱ་བའི་བྱ་ཐབས་སྐོར་གྱི་གསུང་བཤད་བདམས་བསྒྲིགས》བཅས་ཀྱི་ལེའུ་ཁག་ཅིག་བཅས་ལ་སློབ་སྦྱོང་བྱས་པ་རེད།

ཚོགས་འདུ་ལས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་ཟུང་འབྲེལ་བྱས་ཏེ།2027ལོའི་དམངས་ཆེན་གྱི་གཙོ་གནད་བྱ་བའི་ཇུས་འགོད་ཞིབ་ཚགས་བྱ་དགོས།ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གིས་ཚོགས་ཆེན་ཐེངས་ལྔ་པའི་དགོངས་དོན་དང་དམིགས་འབེན་ལ་བརྟན་པོར་དམིགས་ཏེ།2027ལོའི་བཅའ་ཁྲིམས་འགྲེམས་སྤེལ་དང་།ལྟ་སྐུལ།འཐུས་མི་སོགས་ཀྱི་བྱ་བར་གནས་བབ་མཐོན་པོའི་སྟེང་ནས་གནད་ས་གཙོ་བོར་བཟུང་ནས་ཇུས་འགོད་བྱེད་པ་དང་།རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གནད་དོན་གཙོ་བོ་གཉིས་དང་འཆར་གཞི་གསུམ་བཅས་ཀྱི་རྩ་འཛིན་སྒྲིག་ཡིག་མགོ་འཛུགས་ཀྱི་བྱ་བ་དུས་ཐོག་ཏུ་སྤེལ་ཏེ།སྤྱོད་ཚུལ་ནན་མོས་བྱ་བ་ཁག་གི་ལས་འགན་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས།གཞི་རིམ་བྱ་བའི་བྱ་ཐབས་དང་གསུང་བཤད་བདམས་བསྒྲིགས་ལེགས་པར་སྦྱངས་ནས་འགན་འཁྲི་སྒྲུབ་པའི་རྨང་གཞིའི་ནུས་པ་ཆེད་སྦྱོང་བྱ་དགོས།ལས་ཁུངས་ཀྱི་མགོ་ཁྲིད་ཚན་ཁག་གིས་སྔོན་ལ་སྦྱངས་ནས་སྔོན་ལ་སྤྱོད་པ་དང་།དམངས་ཆེན་གྱི་ལས་འགན་དང་བསྡུར་ནས།གནས་ཚུལ་གསལ་པོར་མ་ཤེས་པ་དང་།ཐབས་ལམ་གསལ་པོ་མ་རྙེད་པར་ཐོ་འགོད་བཟོས་ཏེ།གནད་དོན་དག་གསུང་བཤད་བདམས་བསྒྲིགས་ཁྲོད་ཐབས་ཤེས་འཚོལ་བ་དང་།རང་གི་བྱ་བ་དང་ཟུང་འབྲེལ་བྱས་ཏེ།ཡུལ་དངོས་སུ་རྟོག་ཞིབ་བྱེད་པ་དང་འཐུས་མི་དང་ཐད་ཀར་འབྲེལ་གཏུགས་བྱས་ནས།མང་ཚོགས་ཀྱི་བསམ་འཆར་ཁྲོད་ནས་ལྟ་སྐུལ་གྱི་གནད་དོན་འཚོལ་བ་དང་བྱ་བའི་བྱ་ཐབས་བཟོས་ཏེ།གཞི་རིམ་གྱི་བྱ་བ་ལེགས་པོ་བསྒྲུབ་པའི་རྨང་གཞིའི་ནུས་པ་ཇེ་བརྟན་དུ་གཏོང་དགོས།ཕྱི་རོལ་དུ་རྟོག་ཞིབ་བྱས་པའི་གྲུབ་འབྲས་ལག་བསྟར་དང་བེད་སྤྱོད་ལ་ཤུགས་སྣོན་བྱ་དགོས།ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གིས་དུས་ཐོག་ཏུ་བྱ་བ་བསྒྲུབ་པ་དང་བརྒྱུད་སྤྲོད་བྱེད་ཐུབ་པ།ཁྱབ་གདལ་དུ་གཏོང་ཐུབ་པ་བཅས་ཀྱི་བྱ་ཐབས་རྣམས་གཅིག་གྱུར་སྒོས་བསྡུ་རུབ་བྱས་ཏེ།རང་ཁུལ་གྱི་དོན་དངོས་དང་བསྡུར་ནས་ཁྱད་པར་དང་ཟུང་འབྲེལ་གྱི་བྱ་ཐབས་འཚོལ་བ་དང་།རྟོག་ཞིབ་བྱས་པའི་གྲུབ་འབྲས་ལ་སློབ་སྦྱོང་དང་རྟོག་དཔྱད་སྙན་ཞུའི་གྲུབ་ཚུལ།ལྟ་སྐུལ་བྱ་ཡུལ་གཏན་འཁེལ།བཅའ་ཁྲིམས་འཆར་འགོད་བཟོ་བ་བཅས་ཟུང་འབྲེལ་དམ་ཟབ་བྱས་ནས།སློབ་སྦྱོང་ལ་ཐོབ་བྱ་ཡོད་པ་དང་སློབ་སྦྱོང་ལ་ལག་ལེན་ཐུབ་པ།ལག་ལེན་གྱིས་གྲུབ་འབྲས་ཐོན་པ་བཅས་བྱ་རྒྱུ་དོན་འཁྱོལ་བྱ་དགོས།ལོ་མཇུག་གི་བྱ་བ་ཁག་ལེགས་པར་བསྒྲུབ་ནས་དམིགས་ཚད་ལྟར་འགྲུབ་པར་བྱ་དགོས།ལོ་མཇུག་གི་བྱ་བའི་དམིགས་ཚད་གཏན་འཁེལ་བྱས་ཏེ།ལོ་ཧྲིལ་པོའི་བྱ་བའི་དམིགས་ཚད་དང་བསྡུར་ནས་རེ་རེ་བཞིན་ཞིབ་བཤེར་དང་རྩིས་སྤྲོད་བྱས་ཐོག  ཆད་ལྷག་གསབ་སྣོན་དང་རྩིས་ཞུའི་བརྒྱུད་རིམ་བརྒྱུད་དེ།ལོ་འཁོར་འདིའི་བཅའ་ཁྲིམས་འགྲེམས་སྤེལ་དང་ལྟ་སྐུལ།འཐུས་མི།དོན་ཆེན་ཐག་གཅོད་སོགས་གཏན་འཁེལ་བྱས་པའི་ལས་འགན་ཁག་སྤུས་ཚད་མཐོ་པོའི་སྒོ་ནས་ལེགས་འགྲུབ་བྱེད་པ་དང་།དམངས་འཐུས་ཚོགས་ཆེན་གྱི་གྲ་སྒྲིག་བྱ་བར་འཆར་འགོད་ལེགས་པོ་བཟོས་ནས།རྟོག་ཞིབ་དང་འཚམས་འདྲི།འཐུས་མིའི་འགན་སྒྲུབ་འགན་སྲུང་།ལོ་མཇུག་གི་དམིགས་ཚད་འགན་འཁྲིའི་དཔྱད་ཞིབ་སོགས་ཀྱི་གཙོ་གནད་ལས་འགན་ཁག་གཅིག་གྱུར་སྒོས་དམ་འཛིན་བྱས་ཏེ།སེམས་ཤུགས་གཅིག་སྒྲིལ་དང་འགན་འཁུར་དངོས་སུ་བསྒྲུབས་ནས། ཚད་གཞི་མཐོན་པོའི་སྒོ་ནས་ལས་འགན་ཁག་དོན་འཁྱོལ་ཞིབ་ཚགས་བྱས་ཏེ།ལོ་འཁོར་འདིའི་འགན་འཁྲི་ལེགས་པོ་སྒྲུབ་དགོས་ཞེས་ནན་གྱིས་བསྟན།

ཚོགས་འདུ་ལས་ད་དུང་ཁུལ་སྐབས་བཅུ་དྲུག་པའི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྲོས་ཚོགས་ཐེངས་གསུམ་པའི་ཞིབ་འཇུག་དོན་ཚན་ལ་ཞིབ་བཤེར་གཏན་འབེབས་བྱས་པ་རེད།


热门新闻

热门图库

热门排行