གནད་བསྡུས། 详情

དོན་གྲུབ་ཀྱིས་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིར་བྱ་བར་འབྲེལ་མཐུད་བྱས།

ཟླ11པའི་ཚེས16ཉིན།ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་དོན་གྲུབ་ཀྱིས་རུ་སྣེ་ཁྲིད་དེ་རྒྱལ་ཁབ་གློག་ཤུགས་མ་འཇོག་སྡེ་ཚོགས་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིར་འཚམས་འདྲིར་ཕྱིན་ཏེ།ཀུང་སིའི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་སྤྱི་གཉེར་བ་ཀྲོའུ་ཏུང་སོགས་དང་བཞུགས་མོལ་སྤེལ་རེས་བྱས་ཤིང་།མཚོ་ལྷོ་ཁུལ་གྱི་ནུས་རྒྱུ་གཙང་མའི་ཕྱིར་གཏོང་རྟེན་གཞི་འཛུགས་སྐྲུན་དང་ཀོས་ནན་རྫོང་གི་ཁ་གཏད་རོགས་སྐྱོར་གཏིང་ཟབ་ཏུ་གཏོང་བ་སོགས་ཀྱི་བྱ་བར་དམིགས་ནས་འབྲེལ་འདྲིས་གྲོས་མོལ་བྱས་ཏེ་ཁེ་ལས་དང་ས་གནས་ཀྱི་མཉམ་ལས་བྱ་བར་སྔར་བས་གཏིང་ཟབ་པ་དང་གཞི་རྒྱ་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་།  

དོན་གྲུབ་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་རྨ་ཆུ་ཀུང་སིས་དུས་ཡུན་རིང་པོར་མཚོ་ལྷོ་ཁུལ་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།ཁོང་གིས་རྨ་ཆུ་ཀུང་སིས་ལོ་མང་རིང་མཚོ་ལྷོ་ཁུལ་དུ་ལས་སྒྲུབ་ལ་འབད་འབུངས་བྱས་ཏེ་ནུས་རྒྱུ་གཙང་མ་གསར་སྤེལ་དང་ཁ་གཏད་རོགས་སྐྱོར་སོགས་ཁྱབ་ཁོངས་སུ་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ནས་ཁུལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད་ལ། མཚོ་ལྷོ་ཁུལ་གྱི་ནུས་རྒྱུ་གཙང་མའི་ཕྱིར་གཏོང་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུ་དེ་གནད་འགག་གི་དུས་རིམ་དུ་སླེབས་པ་དང་།ཁ་གཏད་རོགས་སྐྱོར་ལས་དོན་མུ་མཐུད་དུ་གཏིང་ཟབ་ཏུ་འགྲོ་བཞིན་ཡོད་པས།རྨ་ཆུ་ཀུང་སིས་ཀྲུང་དབྱང་ཁེ་ལས་ཀྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་མུ་མཐུད་དུ་འདོན་སྤེལ་བྱས་ཏེ་རྟེན་གཞི་ཆེན་པོའི་འཆར་འགོད་སྦྲེལ་མཐུད་དང་།རྒྱུ་རྐྱེན་གཙོ་བོའི་འགན་ལེན།ཐོན་ལས་མཐུན་སྦྱོར་སོགས་ཐད་ཀྱི་དངོས་སྒྲུབ་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་བ་དང་།ཐོན་ལས་སྐྱེད་སྲིང་དང་དམངས་འཚོའི་འགན་ལེན།གྲོང་གསེབ་དར་རྒྱས་བཅས་ལ་སྔར་བས་དོ་ཁུར་བྱེད་པ།རོགས་སྐྱོར་བྱ་ཡུལ་ས་ཁུལ་གྱི་ནང་ངོས་འཕེལ་རྒྱས་ཀྱི་སྒུལ་ཤུགས་མུ་མཐུད་དུ་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཁེ་ལས་དང་ས་གནས་ཀྱིས་མཉམ་དུ་གྲུབ་འབྲས་གཏོད་ནས་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་སྔར་བས་མང་པོ་ཐོབ་པར་བྱ་རྒྱུའི་རེ་བ་ཡོད་ལ།མཚོ་ལྷོ་ཁུལ་གྱིས་སྔར་བཞིན་ཞབས་ཞུའི་འགན་ལེན་ལས་དོན་ཡག་པོ་བསྒྲུབ་ནས་རྨ་ཆུ་ཀུང་སི་དང་འབད་འབུངས་ལྷོད་མེད་ཀྱིས་ནུས་ཤུགས་མཉམ་འདོན་བྱས་ཏེ།ཁེ་ལས་དང་ས་གནས་མཉམ་ལས་ལ་མུ་མཐུད་དུ་གྲུབ་འབྲས་གསར་པ་བསྐྲུན་ནས། ཕྱོགས་གཉིས་ཀར་ནུས་པ་སྩོལ་པ་དང་མཉམ་ལས་གཉིས་ཕན་ཡོང་བར་བྱ་རྒྱུ་ཡིན་ཞེས་བསམ་ཚུལ་བཏོན།

ཀྲོའུ་ཏུང་གིས་དོན་གྲུབ་འཁོར་དང་བཅས་པ་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་པ་དང་ཆབས་ཅིག  མཚོ་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དུས་ཡུན་རིང་པོར་རྨ་ཆུ་ཀུང་སིའི་འཕེལ་རྒྱས་ལ་རྒྱབ་སྐྱོར་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།ཁོང་གིས་མཚོ་ལྷོ་ཁུལ་ནི་རྨ་ཆུ་ཀུང་སིས་ནུས་རྒྱུ་གཙང་མ་འཕེལ་རྒྱས་སུ་གཏོང་བའི་ས་ཁོངས་གལ་ཞིག་ཡིན་པ་དང་།ཕྱོགས་གཉིས་ཀྱི་དུས་ཡུན་རིང་པོའི་མཉམ་ལས་ཁྲོད་བརྩེ་བ་ཟབ་མོ་ཆགས་ཡོད་ལ།རྨ་ཆུ་ཀུང་སིས་མཚོ་ལྷོ་ཁུལ་དང་མཉམ་དུ་ནུས་རྒྱུ་གཙང་མའི་ཕྱིར་གཏོང་རྟེན་གཞི་འཛུགས་སྐྲུན་གྱི་ལས་འགན་ལྕི་མོ་འཁུར་ཏེ།ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།ནུས་རྒྱུ་གཙང་མའི་གོང་འོག་གི་ཐོན་ལས་འབྲེལ་ཐག་སྣུར་སྲིང་དང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་མཉམ་ལས་ཀྱི་བར་སྟོང་གསར་པ་རྒྱ་ཆེར་བཏང་ནས། ཞིང་ཆེན་ཡོངས་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་ལྟེ་བའི་ཐེག་ནུས་ཁུལ་འཛུགས་སྐྲུན་ལ་གྲུབ་འབྲས་སྔར་བས་ཆེ་བ་ཐོབ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་འདོད་ཡོད་ལ།ཐོན་ལས་དང་སློབ་གསོ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་རྒྱུན་མཐུད་ངང་གནད་ལ་འཁེལ་བའི་སྒོ་ནས་ཤུགས་བཏོན་ཏེ་རོགས་སྐྱོར་ལས་དོན་སླར་ཡང་ཚད་གཞི་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ནས་ཁེ་ལས་དང་ས་གནས་མཉམ་ལས་ཀྱི་དཔེ་སྟོན་མིག་དཔེ་ཧུར་ཐག་སྒོས་གཏོད་རྒྱུ་ཡིན་ཞེས་བརྗོད།  

ཁུལ་གྱི་མགོ་ཁྲིད་སུན་ཅུན་ཞཱ་ཐེངས་འདིའི་འཚམས་འདྲིའི་བྱེད་སྒོར་ཞུགས།

热门新闻

热门图库

热门排行