མཚོ་ལྷོ་ཁུལ་དངུལ་ཁང་ལས་རིགས་དང་འགན་བཅོལ་ལས་རིགས་ཀྱི་བྱ་སྒྲོ་སྤོ་ལོའི་འགྲན་བསྡུར་སྐབས་དང་པོ་སྤེལ་བ།
ཟླ11པའི་ཚེས18ཉིན།མཚོ་ལྷོ་ཁུལ་དངུལ་ཁང་ལས་རིགས་དང་འགན་བཅོལ་ལས་རིགས་ཀྱི་བྱ་སྒྲོའི་སྤོ་ལོའི་འགྲན་བསྡུར་སྐབས་དང་པོ་དེ་གུང་ཧོ་རྫོང་མདའ་འཕེན་ཁང་དུ་ཚ་ཚ་འུར་འུར་ངང་སྤེལ་ཞིང་། ཁུལ་ཡོངས་ཀྱི་དངུལ་ཁང་དང་འགན་བཅོལ་ཁོངས་གཏོགས་ཀྱི་འཐུས་ཚབ་རུ་ཁག21གིས་མཉམ་དུ་འགྲན་བསྡུར་བྱས་ཏེ། ལུས་རྩལ་འགྲན་བསྡུར་ལ་བརྟེན་ནས་སྤེལ་རེས་ཀྱི་སྟེགས་བུ་བསྐྲུན་ནས་ལས་རིགས་ཀྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ།
ཐེངས་འདིའི་འགྲན་བསྡུར་དེ་མཚོ་ལྷོ་ཁུལ་དངུལ་ཁང་ལས་རིགས་དང་འགན་བཅོལ་ལས་རིགས་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་དུས་ཡུན་ཉིན་གསུམ་གྱི་རིང་སྤེལ་བ་ཡིན། ཚོགས་པའི་འགྲན་བསྡུར་དང་མི་སྒེར་གྱི་འགྲན་བསྡུར་རིགས་གཉིས་བཀོད་སྒྲིག་བྱས་ཏེ། སྐྱེས་པའི་རྐྱང་འགྲན་དང་སྐྱེས་མའི་རྐྱང་འགྲན། སྐྱེས་པའི་ཆ་འགྲན་དང་སྐྱེས་མའི་ཆ་འགྲན།སྐྱེས་པ་དང་སྐྱེས་མ་མཉམ་བསྲེས་ཀྱི་ཆ་འགྲན་སོགས་རྣམ་གྲངས་མང་པོ་ཡོད།
མཚོ་ལྷོ་ཁུལ་དངུལ་ཁང་ལས་རིགས་དང་འགན་བཅོལ་ལས་རིགས་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་མ་ཅུན་ཝུའུ་ཡིས་བཤད་རྒྱུར། ཐེངས་འདིའི་མཚོ་ལྷོ་ཁུལ་དངུལ་ཁང་ལས་རིགས་དང་འགན་བཅོལ་ལས་རིགས་མཐུན་ཚོགས་ཀྱི་བྱ་སྒྲོ་སྤོ་ལོའི་འགྲན་བསྡུར་སྐབས་དང་པོས་ལུས་རྩལ་སྟེགས་བུར་བརྟེན་ནས་དངུལ་ཁང་གི་འགན་བཅོལ་སྤེལ་རེས་སྟེགས་བུ་བསྐྲུན་ཏེ་ལས་རིགས་ཀྱི་བློ་ཁ་ཕྱོགས་ཤུགས་དང་རྒྱ་ཆེའི་དངུལ་ཁང་གི་འགན་བཅོལ་ལས་ཞུགས་མི་སྣའི་གཟུགས་པོའི་བདེ་ཐང་དང་མཉམ་འབྲེལ་མཉམ་ལས་བྱས་ནས་འགྲན་རའི་འབད་འཐབ་ཀྱི་སྙིང་སྟོབས་དེ་སྤྱི་ཡོངས་ལ་ཕན་པའི་དངུལ་རྩའི་ཉེན་ཁ་བཅོས་སྐྱོང་གི་དམངས་འཚོའི་ཞབས་ཞུའི་ནང་མཉམ་འདྲེས་ཐུབ་པ་བྱས་ཏེ་མཚོ་ལྷོ་ཁུལ་དངུལ་ཁང་ལས་རིགས་དང་་འགན་བཅོལ་ལས་རིགས་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་རྒྱུར་ཕྱར་བ་གྲུ་འདེགས་བྱས་ཡོད་ཟེར།
ཉེ་བའི་ལོ་ཤས་རིང་མཚོ་ལྷོ་ཁུལ་དངུལ་ཁང་ལས་རིགས་དང་འགན་བཅོལ་ལས་རིགས་མཐུན་ཚོགས་ཀྱིས་ལས་རིགས་ཀྱི་རིག་གནས་འཛུགས་སྐྱོང་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་སྟེ། ལུས་རྩལ་འགྲན་བསྡུར་ལ་བརྟེན་ནས་དངུལ་ཁང་དང་འགན་བཅོལ་སྒྲིག་གཞི་ཁག་གི་འབྲེལ་འདྲིས་ལ་ཤུགས་སྣོན་བྱེད་པར་སྐུལ་འདེད་བཏང་ཞིང་།འགྲན་རར་འགྲན་ཞུགས་ལུས་རྩལ་པ་ཚོས་བློ་སྤོབས་ཆེན་པོས་བརྩོན་ལེན་དང་མ་གྲོས་གཅིག་མཐུན་གྱིས་གཞོགས་འདེགས་བྱས་ཏེ་འགྲན་བསྡུར་གྱི་སྒྲིག་ལམ་ལ་བརྩི་སྲུང་ནན་མོ་དང་། མཛའ་བརྩེ་དང་པོ་དང་འགྲན་བསྡུར་གཉིས་པར་བྱེད་པའི་སྙིང་སྟོབས་དར་སྤེལ་བཏང་ཞིང་།ཚང་མས་སྤོ་ལོར་བརྟེན་ནས་མཉམ་འཛོམས་དང་རྩལ་ནུས་འགྲན་པ་སོགས་ཀྱི་བརྒྱུད་རིམ་ཁྲོད་དངུལ་ཁང་གི་ལས་དོན་པའི་བློ་སྤོབས་དང་མཐུན་སྒྲིལ་ཡར་བརྩོན་གྱི་རྣམ་པ་བཟང་པོ་མངོན་པར་བྱས་ཏེ་དངུལ་ཁང་ལས་རིགས་བར་གྱི་བརྩེ་བ་ཟབ་ཏུ་བཏང་།