ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་ལེན་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་གྲོས་ཚོགས་དེ་མཚོ་ལྷོ་ཁུལ་དུ་བསྡུས་པ།
ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར།ཟླ11པའི་ཚེས19ཉིན་གྱི་ཕྱི་དྲོར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་ལེན་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་གྲོས་ཚོགས་དེ་མཚོ་ལྷོ་ཁུལ་དུ་བསྡུས་ཤིང་།ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ཏང་ཨུའི་རྒྱུན་ཨུའམ།སློབ་གཙོ་གཞོན་པ་མོའུ་ཡུའུ་ཚང་གིས་སྒྲོག་འགྲེལ་སྙན་ཞུ་ཕུལ་བ་དང་།ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད།
སློབ་གཙོ་གཞོན་པ་མོའུ་ཡུའུ་ཚང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ལ་སློབ་སྦྱོང་ལག་ལེན་བྱེད་པ་དང་། ཚང་འཛོམས་གྲོས་ཚོགས་ལས་བཀོད་སྒྲིག་བྱས་པའི་ཕྱོགས་ཡོངས་གཟབ་ནན་གྱིས་ཏང་སྐྱོང་བའི་དོན་སྙིང་གལ་ཆེན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་ལེན་བྱེད་པ།རྒྱུན་འཁྱོངས་ལྷོད་མེད་ངང་ཕྱོགས་ཡོངས་གཟབ་ནན་གྱིས་ཏང་སྐྱོང་བར་སྐུལ་འདེད་བྱེད་པའི་སྤྱིའི་བླང་བྱ་དང་འཐབ་ཇུས་འོས་འགན།བྱེད་ཐབས་གཙོ་བོ་སོགས་ཡང་དག་གིས་གོ་བ་ཟབ་མོ་ལེན་པ་བཅས་ལ་གཞིགས་ནས།ཞིང་ཆེན་དང་ཁུལ་གྱི་གནས་ཚུལ་དང་ཟུང་འབྲེལ་སྒོས་བརྒྱུད་རིམ་ལྡན་པའི་ངང་ནས་སྒྲོག་འགྲེལ་བྱས་ཤིང་།ཆེད་དོན་ཟུར་ཁྲིད་ཀྱི་བརྗོད་བྱ་གསལ་ཞིང་གཙོ་གནད་འབུར་དུ་ཐོན་ལ།ནང་དོན་ཕུན་སུམ་ཚོགས་པས།གཞུང་ལུགས་ལ་གོ་བ་ཟབ་མོ་ལེན་ཐུབ་པ་མ་ཟད།ལག་ལེན་གྱི་ཁྲོད་དུ་བསམ་བློའི་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ།ཁུལ་ཡོངས་ཀྱི་གོང་འོག་བར་གསུམ་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་ཕྱོགས་ཡོངས་ནས་གོ་བ་ལེན་པ་དང་ཡང་དག་གིས་ཁོང་དུ་ཆུད་པར་མཛུབ་སྟོན་གལ་ཆེན་གྱི་དོན་སྙིང་ཐོན་ཐུབ།
ཞུང་ཡོན་ལའེ་ཡིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་བཅས་བྱ་རྒྱུ་ནི་དེང་སྐབས་དང་རྗེས་ཕྱོགས་དུས་སྐབས་གཅིག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས།ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དུས་རྒྱུན་དུ་གོ་རིམ་ལྡན་པའི་ངང་ནས་སློབ་སྦྱོང་བྱེད་པར་ཤུགས་བསྣན་ཏེ།ཐོས་བསམ་མྱོང་རྟོགས་ཀྱི་ཁྲོད་དུ་དགོངས་དོན་ལ་གོ་བ་ཟབ་མོ་ལེན་པ་དང་ལག་ལེན་གྱི་བླང་བྱར་དམ་འཛིན་ནན་མོ་བྱ་དགོས།རྒྱ་ཁྱབ་ངང་སྒྲོག་འགྲེལ་དང་དྲིལ་སྒྲོག་བྱས་ཏེ།གཞུང་ལུགས་འགྲེལ་བཤད་དང་ཕྱི་ནང་ཀུན་ལ་དྲིལ་སྒྲོག་བྱེད་པ།ཡུལ་དངོས་དང་དྲ་ཐོག་ཟུང་འབྲེལ་བཅས་གཅིག་གྱུར་སྒོས་སྐུལ་འདེད་བྱེད་པར་འཆར་འགོད་བཟོ་དགོས་པ་མ་ཟད།ཕྱོགས་ཡོངས་ནས་དྲིལ་སྒྲོག་བྱས་ཏེ།ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་གཞི་རིམ་མང་ཚོགས་ཀྱི་སེམས་སུ་འཇགས་པར་བྱ་དགོས།ཚད་གཞིར་ཞིབ་བསྡུར་ནན་མོ་བྱས་ཏེ།གཞི་རིམ་དམ་འཛིན་བྱེད་པའི་ཁ་ཕྱོགས་བརྟན་པོར་འཛུགས་པ་དང་ཚང་འཛོམས་གྲོས་ཚོགས་ལས་བཏོན་པའི་ཕྱོགས་ཡོངས་གཟབ་ནན་གྱིས་ཏང་སྐྱོང་བའི་བཀོད་སྒྲིག་གལ་ཆེན་ལ་དམ་པོར་དམིགས་ནས།རིམ་པ་བཞིན་ཚད་གཞི་ནན་མོ་དང་བྱེད་ཐབས་ཞིབ་ཕྲ་བཟོས་ཏེ།ཁུལ་ཡོངས་ཀྱི་ཕྱོགས་ཡོངས་གཟབ་ནན་གྱིས་ཏང་སྐྱོང་བའི་བྱ་བ་དེ་གཞི་རིམ་དུ་རྒྱ་སྐྱེད་ནས་ཡུན་ཕན་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་དགོས།སློབ་སྦྱོང་དང་བེད་སྤྱོད་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ལོ་འཁོར་གྱི་དམིགས་ཚད་ལས་འགན་དང་།ལོ་མཇུག་དང་ལོ་འགོའི་ལས་དོན་ལེགས་སྒྲུབ།ཉེན་ཁ་དང་བྱུར་རྐྱེན་སྣ་ཚོགས་སྔོན་འགོག་དང་སེལ་བ་བཅས་དང་ཟུང་འབྲེལ་དམ་པོ་བྱས་ཏེ། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་བྱ་གཞག་ཁག་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་དང་འགན་ལེན་བྱས་ཏེ་མཚོ་ལྷོ་ཁུལ་གྱིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་། ཏང་དར་ཏང་སྟོབས་ཆེར་གཏོང་བའི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས་ཞེས་ནན་གྱིས་བསྟན།
སྙན་ཞུའི་གྲོས་ཚོགས་དེ་བརྙན་རིས་ཀྱི་ལམ་ནས་འཚོགས་པ་དང་།ཁུལ་རིམ་པ་གཞོན་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པ་དང་།ཁུལ་ཐད་གཏོགས་ལས་ཁུངས་དང་སྡེ་ཁག་སོ་སོ།མི་དམངས་ཚོགས་པ་ཁག ཁུལ་དུ་བཅའ་སྡོད་བྱས་པའི་སྡེ་ཁག་སོ་སོའི་རྫོང་རིམ་པ་གཞོན་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པ།ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ།དགེ་རྒན།ཁེ་ལས་ཀྱི་ལས་བཟོ་པ་སོགས་ལས་རིགས་ཁག་གི་འཐུས་མི་བཅས་ཚོགས་ར་གཙོ་བོའི་སྙན་ཞུའི་གྲོས་ཚོགས་ལ་ཞུགས་པ་དང་རྫོང་ཁག་སོ་སོར་ཡན་ལག་ཚོགས་ར་བཙུགས་ཡོད་པ་རེད།