ཀྲུང་དབྱང་སྒྲོག་བཤད་ཚོགས་པས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་བཤད་བྱས།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བསྟུད་མར་ཉིན་འགའི་རིང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི་ཡིས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོར་སྒྲོག་བཤད་བྱས་པར་མ་ཟད། གཞི་རིམ་དུ་སོང་ནས་ལས་བྱེད་མང་ཚོགས་དང་མཉམ་འགུལ་བརྗེ་རེས་བྱས།
ཟླ11པའི་ཚེས9ཉིན། ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཁྲིན་ཝུན་ཆིན་གྱིས་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་བཤད་བྱས། ཁྲིན་ཝུན་ཆིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚང་འཛོམས་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་སྟེང་གྲོས་འཆམ་བྱུང་བའི་ཆོད་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་ལ་རྒྱུས་ལོན་དང་གོ་བ་ཟབ་མོ་ལེན་པ། ཆ་ཚང་ཞིང་ཡང་དག་སྒོས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་སྤྱིའི་བླང་བྱ་དང་འཐབ་ཇུས་ཀྱི་ལས་འགན། བྱེད་ཐབས་གལ་ཆེན་བཅས་ལ་རྒྱུས་ལོན་བྱེད་པ་སོགས་ལ་དམིགས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་བཤད་ཟབ་མོ་དང་མ་ལག་གི་འགྲེལ་བཤད་བྱས་པར་མ་ཟད། སྲིད་ཁྲིམས་འཐབ་ཕྱོགས་ཀྱི་ལག་བསྟར་དོན་འཁྱོལ་བྱ་བར་བླང་བྱ་བཏོན།
ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཁྲིན་ཝུན་ཆིན་གྱིས་བཤད་རྒྱུར། སྲིད་ཁྲིམས་འཐབ་ཕྱོགས་ཀྱིས་རང་རྟོགས་སྒོས་བསམ་བློ་དང་བྱ་སྤྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ལེགས་པོར་བསྒྲུབ་པ་དང་། ཏང་གིས་སྲིད་ཁྲིམས་བྱ་བར་མཐའ་གཅིག་ཏུ་འགོ་ཁྲིད་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ། བློ་དཀར་སྤྱོད་གཙང་དང་ཁག་ཁུར་བཅས་ཀྱི་སྲིད་ཁྲིམས་ཀྱི་ཧྲག་དམག་སྒྲིག་འཛུགས་བྱས་ནས། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྲུང་གོ་དང་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱས་ཏེ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ཐད་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།
ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀོང་ཏུང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཧོང་ཁུན་མིན་གྱིས་ཉིན་དེར་ཀོང་ཏུང་དུ་སྒྲོག་བཤད་སྙན་ཞུ་ཕུལ། ཧོང་ཁུན་མིན་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དོན་སྙིང་གལ་ཆེན་དང་། ཏང་ནན་སྐྱོང་བྱེད་པའི་གལ་ཆེའི་རང་བཞིན་དང་དགོས་གཏུགས་རང་བཞིན། ངེས་འཛིན་གྱི་གནད་དོན་གལ་ཆེན་དང་སྤྱིའི་བླང་བྱ། འཐབ་ཇུས་ལས་འགན། བྱེད་ཐབས་གལ་ཆེན་སོགས་ལ་ཤེས་རྟོགས་ཟབ་མོ་བྱེད་པའི་ཕྱོགས་ནས། ཚང་འཛོམས་གྲོས་ཚོགས་ལ་མ་ལག་གི་འགྲེལ་བཤད་ཟབ་མོ་བྱས།
ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀོང་ཏུང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཧོང་ཁུན་མིན་གྱིས་བཤད་རྒྱུར། ལོ་རྒྱུས་དང་ལག་ལེན་གྱིས་ང་ཚོར་བློ་སྐྱེད་ཐོབ་ཏུ་བཅུག་ལ། སྲོག་ཤིང་ནི་ནང་སྙིང་དང་སྟོབས་ཤུགས་ཡིན་ལ། བསམ་བློ་ནི་དར་ཆ་དང་ཁ་ཕྱོགས་ཡིན། གཏན་ཕབ་གཉིས་ལ་མཐའ་གཅིག་ཏུ་གོང་བཀུར་དང་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་སྟེ། ཏང་འཛུགས་སྐྱོང་ལེགས་པོ་དང་སྟོབས་ལྡན་དུ་འཇུགས་སྐྱོང་བྱས་ན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་ཡངས་པོར་སྔར་ལས་བརྟན་བརླིང་དང་བདེ་བླག་ངང་བསྐྱོད་ཐུབ།
ཧོང་ཁུན་མིན་ད་དུང་ཀོང་ཏུང་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭར་སོང་ནས། ཏང་གི་སློབ་གྲྭའི་ན་གཞོན་དགེ་རྒན་དང་སློབ་མ་ཚོར་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་བཤད་བྱས།
ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་ཀྲོའུ་ཞིན་ཆུན་གྱིས་ཉིན་དེར་ཀན་སུའུ་རུ་སྒྲོག་བཤད་སྙན་ཞུ་ཕུལ། ཀྲོའུ་ཞིན་ཆུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚང་འཛོམས་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཚང་འཛོམས་གྲོས་ཚོགས་ཀྱི་ཆོད་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་ལ་ཤེས་རྟོགས་ཟབ་མོ་བྱེད་པ། ཏང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའ་མ་ལག་ལྡན་པའི་ངང་ཁོང་དུ་ཟབ་མོར་ཆུད་པར་བྱེད་པ། ཆོད་དོན་གྱི་བྱེད་ཐབས་ནུས་ལྡན་སློབ་སྦྱོང་དང་གོ་བ་ལེན་པ་སོགས་ལ་གཞིགས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་སྒྲོག་བཤད་དང་འགྲེལ་བཤད་ཟབ་མོ་བྱས།
ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ། ཀྲོའུ་ཞིན་ཆུན་གྱིས་བཤད་རྒྱུར། 《ཆོད་དོན》གྱིས་གྲུབ་འབྲས་དང་ཉམས་མྱོང་ཕྱོགས་བསྡོམས་དང་། གནས་བབ་དང་ལས་འགན་དབྱེ་ཞིབ་བྱས་ཤིང་། མཛུབ་སྟོན་བསམ་བློ་དང་རྩ་དོན་གསལ་པོར་བཟོས་ལ། བསམ་ཕྱོགས་དང་བྱེད་ཐབས་བཏོན་ཡོད་ལ། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པའི་ནང་དོན་གནད་བསྡུས་དང་ལག་ལེན་བླང་བྱ་གང་ལེགས་སྒོས་ལག་བསྟར་དང་མངོན་ཡོད་པར་མ་ཟད། ནང་དོན་ཧྲིལ་བོར་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པའི་བདེན་དོན་གྱི་གཟི་འོད་འཕྲོ་བཞིན་ཡོད།
ཀྲོའུ་ཞིན་ཆུན་ད་དུང་ནུབ་བྱང་དགེ་ཐོན་སློབ་ཆེན་སོང་ནས། དགེ་སློབ་ཡོངས་ལ་སྒྲོག་བཤད་དང་མཉམ་འགུལ་བརྗེ་རེས་བྱས། །