གནད་བསྡུས། 详情

དོན་གྲུབ་ཀྱིས་ཁུལ་གཏོགས་རྒྱལ་དབང་ཁེ་ལས་ཁག་ཅིག་ཏུ་བྱ་བར་རྟོག་ཞིབ་གནང་།

ཟླ11པའི་ཚེས5ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་དོན་གྲུབ་ཀྱིས་ཁུལ་གཏོགས་རྒྱལ་དབང་ཁེ་ལས་ཁག་ཅིག་ཏུ་རྟོག་ཞིབ་གནང་བ་དང་། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་དབང་ཁེ་ལས་བཅོས་བསྒྱུར་འཕེལ་རྒྱས་དང་ཏང་གི་འཛུགས་སྐྲུན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ། ཁུལ་སྲིད་གཞུང་བཅས་ཀྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་མོ་བྱས་ཏེ། ཏང་གི་ཕྱོགས་ཡོངས་མགོ་ཁྲིད་ལ་ཤུགས་སྣོན་དང་རྒྱུན་འཁྱོངས་བྱས་ཏེ། སྲོག་ཤིང་གི་ནུས་པ་ཆེ་རུ་གཏོང་བ་དང་སྲོག་ཤིང་གི་འགྲན་རྩོད་ནུས་པ་མཐོར་འདེགས་སུ་བཏང་སྟེ། ཁུལ་ཡོངས་ཀྱི་འཕེལ་རྒྱས་འཐབ་ཇུས་གལ་ཆེན་ལ་ཞབས་འདེགས་ཞུ་བའི་ཁྲོད་རང་འགན་ཕྲག་ཏུ་བླངས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོའི་རྣམ་པ་གསར་པར་རྒྱལ་དབང་ཁེ་ལས་ཀྱི་སྟོབས་ཤུགས་འབུལ་དགོས་ཞེས་ནན་གྱིས་བསྟན།

 དོན་གྲུབ་སྔ་རྗེས་སུ་ཁུལ་རྒྱལ་དབང་རྒྱུ་ནོར་དངུལ་གཏོང་གཉེར་སྐྱོང་སྡེ་ཚོགས་ཚད་ཡོད་ཀུང་ཟི་དང་ཁུལ་རིག་གནས་ཡུལ་སྐོར་ཐོན་ལས་དངུལ་གཏོང་ཚད་ཡོད་ཀུང་ཟི། ཁུལ་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་ཟི། ཁུལ་འབྲུ་རིགས་བསྡུ་གསོག་ཚད་ཡོད་འགན་འཁྲི་ཀུང་ཟི་བཅས་སུ་སོང་ནས་ཁེ་ལས་ཀྱི་ལས་རིགས་རྣམ་པའི་བཀོད་པ་དང་། འཕེལ་རྒྱས་ཀྱི་གནས་ཚུལ། དཀའ་ངལ་གྱི་གནད་དོན་བཅས་ལ་རྒྱུས་ལོན་ཞིབ་ཕྲ་གནང་བར་མ་ཟད་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཁེ་ལས་འཕེལ་རྒྱས་གནས་ཚུལ་གྱི་སྙན་ཞུར་ཉན་པ་དང་རྒྱལ་དབང་ཁེ་ལས་བཅོས་བསྒྱུར་འཕེལ་རྒྱས་ཀྱི་ཐབས་ལམ་དང་བྱ་ཐབས་སྐོར་ནས་གྲོས་མོལ་གནང་།

དོན་གྲུབ་ཀྱིས་ཁུལ་གཏོགས་རྒྱལ་དབང་ཁེ་ལས་ནི་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པས། དཔལ་འབྱོར་བརྟན་པོ་ཡོང་བ་དང་འཐབ་ཇུས་གལ་ཆེན་ལ་ཞབས་འདེགས་ཞུ་བ། དམངས་ཚིས་ལེགས་བཅོས་ལ་འགན་སྲུང་བྱེད་པ། ཉེན་ཁ་སྔོན་འགོག་དང་སེལ་བ་སོགས་ཀྱི་ཐད་ལ་ནུས་པ་གལ་ཆེན་བཏོན་ནས་བྱས་རྗེས་གལ་ཆེན་བཞག་ཡོད་པ་དང་། ལོ་ལྔའི་འཆར་གཞི་བཅོ་ལྔ་བའི་འཕེལ་རྒྱས་ཀྱི་མགོ་འཛུགས་ས་གསར་པར་དམིགས་ནས། རྒྱལ་དབང་ཁེ་ལས་ཀྱི་དཔལ་འབྱོར་གྱི་ངོ་བོ་དང་ཆབ་སྲིད་ཀྱི་ངོ་བོ། སྤྱི་ཚོགས་ཀྱི་ངོ་བོ་བཅས་གཅིག་གྱུར་ཡོང་བ་ཁོང་དུ་ཆུད་པར་བྱས་ཏེ། སྲོག་ཤིང་གི་ནུས་པ་ཆེ་རུ་གཏོང་བ་དང་སྲོག་ཤིང་གི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་དེ་གོ་གནས་གལ་ཆེན་དུ་བཞག་སྟེ། རྒྱལ་དབང་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་སྔར་ལས་ཆེན་པོ་ལེན་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན།  

དོན་གྲུབ་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་རྒྱུན་འཁྱོངས་ལྷོད་མེད་སྒོས་སྐུལ་འདེད་གཏོང་བ་དང་། ཏང་གི་མགོ་ཁྲིད་དེ་ཀུང་ཟིའི་བཅོས་སྐྱོང་གི་བརྒྱུད་རིམ་ཁྲོད་འདྲེས་པར་སྐུལ་འདེད་བཏང་སྟེ། ཏང་འཛུགས་སྐྱོང་བྱ་བ་དང་ཐོན་སྐྱེད་གཉེར་སྐྱོང་མཉམ་འདྲེས་གཏིང་ཟབ་ཡོང་བར་བྱས་ཏེ། ཏང་གི་ཆབ་སྲིད་ཀྱི་དགེ་མཚན་དང་རྩ་འཛུགས་ཀྱི་དགེ་མཚན་དེ་ཁེ་ལས་འཕེལ་རྒྱས་ཀྱི་དགེ་མཚན་དུ་བསྒྱུར་བ་དང་། སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པ་དང་། ནུས་ཁུངས་ལ་བརྟེན་ནས་ཁུལ་སྟོབས་ཆེར་གཏོང་བ། ཞིང་ཕྱུགས་ལས་བརྟེན་ནས་ཁུལ་བརྟན་པོར་གཏོང་བ།  རིག་གནས་ཡུལ་སྐོར་ལ་བརྟེན་ནས་ཁུལ་དར་རྒྱས་སུ་གཏོང་བ་བཅས་ཀྱི་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་དམ་པོར་དམིགས་ཏེ། རང་འགུལ་ངང་ཁུལ་ཡོངས་ཀྱི་འཕེལ་རྒྱས་ཁྱོན་ཡོངས་ཁྲོད་ཞུགས་ནས་ཕན་འབྲས་ཆུང་ཞིང་བེད་མེད་དུ་ལུས་པའི་རྒྱུ་ནོར་བེད་སྤྱོད་བྱ་རྒྱུར་སྐུལ་ཁྲིད་ནུས་ལྡན་བྱས་ཏེ། གནད་ལ་འཁེལ་བའི་སྒོ་ནས་ཐོན་ལས་ཀྱི་བརྒྱུད་རིམ་ཇེ་ལེགས་སུ་བཏང་སྟེ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་ཕན་འབྲས་སྔར་ལས་བཟང་པོ་ལེན་པར་སྐུལ་འདེད་གཏོང་དགོས། བློ་སྤོབས་ཆེན་པོས་འཚོལ་ཞིབ་དང་གསར་གཏོད་བྱས་ཏེ། གཅིག་གྱུར་གྱི་ཁྲོམ་ར་ཆེན་མོའི་འཛུགས་སྐྲུན་ནང་མཉམ་འདྲེས་གཏིང་ཟབ་བྱས་ནས། ཁྲོམ་རའི་དགོས་མཁོར་དོ་སྣང་ཆེན་པོ་བྱེད་པ་དང་། རྒྱལ་དབང་ཁེ་ལས་དེ་རྩེར་སོན་ཅན་དང་ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་ཀྱི་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་བཏང་སྟེ། མིག་རྒྱང་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་བློ་བརྟན་འགྱུར་མེད་སྒོས་རྒྱལ་དབང་ཁེ་ལས་དང་རྒྱལ་དབང་མ་རྩ་ཇེ་རྒྱས་ཇེ་ལེགས་སུ་གཏོང་དགོས། དཔལ་འབྱོར་དང་ཆབ་སྲིད། སྤྱི་ཚོགས་ཀྱི་འགན་འཁྲི་བཅས་གཅིག་གྱུར་གྱིས་སྒྲུབ་པ་དང་། རྨང་གཞིའི་སྒྲིག་བཀོད་དང་སྤུས་ལེགས་ཐོན་རྫས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་ཤུགས་ཆེ་རུ་གཏོང་བ། གཞི་རྩའི་དམངས་འཚོའི་ཐོན་རྫས་མཁོ་འདོན་དང་རིན་གོང་གཏན་འཇགས་ཡོང་བར་འགན་ལེན་བཅས་བྱས་ནས། བཅོས་བསྒྱུར་འཕེལ་རྒྱས་ཀྱི་ཕན་འབྲས་དེ་རིགས་སོ་སོའི་མང་ཚོགས་ལ་སྔར་ལས་དྲང་གཞག་ངང་ལོངས་སྤྱོད་ཐུབ་པར་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་མཐོ་རུ་གཏོང་དགོས་ཞེས་ནན་གྱིས་བསྟན།  

དོན་གྲུབ་ཀྱིས་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱས་ནས། རྒྱལ་དབང་རྒྱུ་ནོར་ལ་རྒྱུན་མཐུད་ལྟ་སྐུལ་དང་ཕྱོགས་ཡོངས་ནས་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ། དངུལ་གཏོང་དང་ཚོང་གཉེར། བུ་ལོན་སོགས་ཀྱི་ཉེན་ཁ་སྔོན་འགོག་སྔོན་འགོག་བྱས་ནས། རྒྱལ་དབང་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཞབས་ཞུའི་འགན་སྲུང་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱུ་རྐྱེན་གཙོ་བོའི་མཁོ་སྤྲོད་དང་མཐུན་སྦྱོར་མཛུབ་སྟོན་ལེགས་བསྒྱུར་བྱས་ཏེ། རྒྱལ་དབང་ཁེ་ལས་བཅོས་བསྒྱུར་དང་འཕེལ་རྒྱས་སུ་གཏོང་བར་ཁོར་ཡུག་བཟང་པོ་བསྐྲུན་དགོས་ཞེས་བླང་བྱ་བཏོན།  

ཁུལ་གྱི་མགོ་ཁྲིད་ཆིའུ་ཡོན་ལིན་རྟོག་ཞིབ་ལ་ཞུགས།


热门新闻

热门图库

热门排行