གནད་བསྡུས། 详情

དོན་གྲུབ་ཀྱིས་དམིགས་བསལ་ཚོགས་སྤྱིའི་ཞབས་ཞུའི་འགན་ལེན་བྱ་བར་རྟོག་ཞིབ་བྱས།

ཟླ11པའི་ཚེས6ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་དོན་གྲུབ་ཀྱིས་ཁུལ་དབང་པོ་སྐྱོན་ཅན་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་དང་ཁུལ་དམིགས་བསལ་སློབ་གསོའི་སློབ་གྲྭ ཁུལ་སྤྱི་ཚོགས་ཕན་བདེའི་ཞབས་ཞུ་ལྟེ་གནས་བཅས་སུ་རྟོག་ཞིབ་བྱས་ཤིང་། ཁོས་དུས་ནམ་ཡང་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་མཐའ་འཁྱོངས་སྒོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་བཅས་ཀྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་མོ་བྱས་ཏེ། དམིགས་བསལ་ཚོགས་སྤྱིར་དམིགས་བསལ་དོ་ཁུར་བྱེད་པ་དང་། སྤྱི་ཚོགས་འགན་ལེན་ལམ་ལུགས་དང་བདག་སྐྱོང་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། གཞི་རྩའི་དམངས་ཚིས་ཀྱི་མ་མཐའི་ཚད་ཐིག་སྲུང་སྟེ། གཞི་རྩའི་སྤྱི་བའི་ཞབས་ཞུའི་ཀུན་ཕན་རང་བཞིན་དང་དྲང་བདེན་རང་བཞིན། ཁྱབ་གདལ་རང་བཞིན་བཅས་མུ་མཐུད་དུ་མཐོར་འདེགས་སུ་གཏོང་དགོས་ཞེས་ནན་གྱིས་བསྟན།

ཁུལ་དབང་པོ་སྐྱོན་ཅན་དྲག་སྐྱེད་ལྟེ་གནས་དང་ཁུལ་དམིགས་བསལ་སློབ་གསོའི་སློབ་གྲྭ ཁུལ་སྤྱི་ཚོགས་ཕན་བདེ་གླིང་བཅས་སུ། དོན་གྲུབ་ཀྱིས་ཡུལ་དངོས་སུ་དྲག་སྐྱེད་སྦྱོང་བརྡར་དང་སློབ་གསོའི་སློབ་ཁྲིད། བདག་སྐྱོང་ཞབས་ཞུ་སོགས་བྱེད་ནུས་ཁང་ལ་ལྟ་ཞིབ་བྱས་ཏེ། སྒྲིག་གཞིའི་འཁོར་སྐྱོད་དང་མི་སྣའི་བཀོད་སྒྲིག ཞབས་ཞུའི་འགན་ལེན། དེ་མིན་དཀའ་ངལ་ཡོད་པ་བཅས་ལ་རྒྱུས་ལོན་ཞིབ་མོ་གནང་བར་མ་ཟད། དྲག་སྐྱེད་སྦྱོང་བརྡར་བྱེད་བཞིན་པའི་བྱིས་པ་དང་དམིགས་བསལ་སློབ་གསོའི་སློབ་གྲྭའི་སློབ་མ། ཕན་བདེ་གླིང་གིས་གཅིག་སྡུད་ཀྱིས་བདག་སྐྱོང་བྱས་པའི་བྱིས་པ་རྣམས་དང་འབྲེལ་འདྲིས་བྱས་ཏེ ཁོ་ཚོའི་ལུས་པོ་དང་སློབ་སྦྱོང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་ནས་མ་འོངས་འཚོ་བར་ཡིད་ཆེས་དང་སྤོབས་པས་ཁེངས་དགོས་ཞེས་སྐུལ་མ་གནང་། 

དོན་གྲུབ་ཀྱིས་ཉེ་བའི་ལོ་ཤས་རིང་ཁུལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་དྲག་སྐྱེད་དང་དམིགས་བསལ་སློབ་གསོ། སྤྱི་ཚོགས་ཕན་བདེ་སོགས་ཀྱི་ཐད་བླངས་པའི་བྱ་བའི་གྲུབ་འབྲས་དང་རྨང་གཞིའི་སྒྲིག་བཀོད། ཞབས་ཞུའི་ནུས་པ་བཅས་ཇེ་ལེགས་སུ་གཏོང་བ་དང་། མཐིལ་རྟོག་འགན་ལེན་གྱི་སྲིད་ཇུས་ཁག་དོན་འཁྱོལ་ནུས་ལྡན་བྱས་ཏེ། དམངས་ཚིས་བདེ་སྐྱིད་ཆེ་རུ་གཏོང་བ་དང་སྤྱི་ཚོགས་དྲང་གཞག་ལ་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་པ་དང་། མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བའི་དགོས་མཁོར་དམ་པོར་དམིགས་ཏེ། དམངས་ཚིས་འགན་ལེན་བྱ་བའི་རྨང་གཞིའི་རང་བཞིན་དང་ཀུན་ཕན་རང་བཞིན། མཐིལ་རྟོགས་རང་བཞིན་བཅས་ཀྱི་ནུས་པར་ངོས་འཛིན་གཏིང་ཟབ་བྱེད་པ་དང་། སྲིད་གཞུང་གི་གཙོ་ཁྲིད་ནུས་པ་དང་སྤྱི་ཚོགས་ཀྱི་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། གནད་འཁེལ་གྱི་ཐབས་ཇུས་ལག་བསྟར་བྱ་རྒྱུར་མཐོང་ཆེན་བྱས་ཏེ། དམིགས་བསལ་ཚོགས་སྤྱིའི་ཞབས་ཞུའི་འགན་ལེན་སྔར་ལས་གནད་ལ་འཁེལ་བ་དང་བརྩེ་སེམས་ཡོད་པར་བྱ་དགོས་ཞེས་བསྟན།

དོན་གྲུབ་ཀྱིས་གནད་འཁེལ་གྱིས་དྲག་སྐྱེད་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་སྟེ། ལག་རྩལ་དང་ཞབས་ཞུ་ཇེ་ལེགས་སུ་གཏོང་བ་སོགས་ཀྱི་བྱ་ཐབས་བརྒྱུད་ནས་དྲག་སྐྱེད་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་། དྲག་སྐྱེད་དང་སློབ་གསོ་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ་ཁྱིམ་ཚང་གི་ལྟ་སྐྱོང་ཁུར་པོ་ཇེ་ཡང་དུ་གཏོང་དགོས། དམིགས་བསལ་སློབ་གསོའི་སློབ་སྒྲུབ་སྤུས་ཚད་མུ་མཐུད་དུ་མཐོ་རུ་གཏོང་བ་དང་། འཚོ་བའི་རང་སྐྱོང་ནུས་པ་དང་སྤྱི་ཚོགས་ལ་གོམས་པའི་ནུས་པ་གསོ་སྐྱོང་བྱ་རྒྱུར་དོ་སྣང་བྱེད་པ། ཕུགས་འདུན་དང་ནུས་པའི་རོགས་སྐྱོར་མཉམ་སྤེལ་བྱེད་པ། རང་བརྩི་དང་རང་རྟོན། རང་འཕེལ་སོགས་ལ་སྐུལ་འདེད་བཏང་སྟེ། བྱིས་པ་མང་པོ་སྐྱེད་སྲིང་བྱས་ནས་ཁོ་ཚོའི་མི་ཚེར་དོན་སྙིང་ལྡན་པར་བྱ་དགོས། སྤྱི་ཚོགས་ཕན་བདེའི་སྒྲིག་གཞིའི་ཚད་ལྡན་ཅན་གྱི་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ། འཚོ་བའི་བདག་སྐྱོང་དང་བདག་སྐྱོང་ཞབས་ཞུའི་ཚད་གཞི་ཇེ་ལེགས་སུ་གཏོང་དགོས། མེ་ཟོན་དང་ཟས་རིགས། སྨན་བཅོས་སོགས་བདེ་འཇགས་ཀྱི་མ་མཐའི་ཚད་གཞི་སྲུང་སྟེ། དྲོད་སྐྱིད་ལྡན་པའི་འཚར་ལོངས་ཀྱི་ཁོར་ཡུག་ཅིག་བསྐྲུན་ནས་ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ་བཅས་ཁྱོན་ཡོངས་ལ་སྐུལ་འདེད་གཏོང་དགོས་པ་དང་། སྤྱི་ཚོགས་རོགས་སྐྱོར་དང་སྤྱི་ཚོགས་ཕན་བདེ། བྱམས་ལྡན་ལས་དོན་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བར་འཆར་འགོད་གང་ལེགས་བྱས་ཏེ། གེགས་མེད་ཁོར་ཡུག་དང་བཟོད་སྒོམ་རང་བཞིན་གྱི་སྤྱི་ཚོགས་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་བྱས་ནས། སྤྱི་ཚོགས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བར་ཁྲིད་སྟོན་བྱེད་པ་དང་། དམིགས་བསལ་ཚོགས་སྤྱི་སྤྱི་ཚོགས་ནང་དུ་འདྲེས་པར་བྱས་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པར་སྔར་ལས་དྲང་གཞག་དང་བཟོད་སྒོམ། སྟབས་བདེ་བཅས་ཀྱི་ཁོར་ཡུག་ཅིག་བསྐྲུན་དགོས་ཞེས་ནན་གྱིས་བསྟན།

དོན་གྲུབ་ཀྱིས་སྡེ་ཁག་ལས་བརྒལ་བའི་མཉམ་འབྲེལ་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། རང་འགན་རང་སྒྲུབ་དང་ནུས་ཤུགས་མཉམ་འདོན། ཐུན་མོང་དོ་དམ་མཉམ་འཛིན་བཅས་ཀྱི་བྱ་བའི་རྣམ་པ་ཆགས་པར་སྐུལ་འདེད་བཏང་ནས་མ་དངུལ་གཏོང་བ་དང་སྒྲིག་གཞིའི་འགན་ལེན། འཇོན་མི་སྐྱེད་སྲིང་སོགས་ཀྱི་ཐད་རྒྱབ་སྐྱོར་མང་པོ་བྱེད་པ་དང་། དམིགས་བསལ་ཚོགས་སྤྱིའི་ཞབས་ཞུའི་འགན་ལེན་བྱ་བའི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་ལ་ཐུན་མོང་གིས་སྐུལ་འདེད་བཏང་ནས། བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་དམིགས་བསལ་ཚོགས་སྤྱིར་ཕན་བདེ་བསྐྲུན་དགོས་ཞེས་བླང་བྱ་བཏོན།

ཁུལ་གྱི་མགོ་ཁྲིད་ཁྲེ་ཞང་ཞན་དང་ཕན་ལེ་ཡོན་རྟོག་ཞིབ་ལ་ཞུགས།


热门新闻

热门图库

热门排行