སྒྲོན་བརྙན། 详情

མཚོ་ལྷོ་ཁུལ་གྱིས་དག་གཙང་མཚོ་ལྷོ་ཞེས་པའི་འཚོ་བའི་གད་སྙིགས་གཙང་སེལ་སྒྲིག་ཆས་སྟེར་པའི་མཛད་སྒོ་བསྡུས་པ།

ཟླ11པའི་ཚེས9ཉིན་གྱི་སྔ་དྲོར། མཚོ་ལྷོ་ཁུལ་གྱིས་དག་གཙང་མཚོ་ལྷོ་ཞེས་པའི་འཚོ་བའི་གད་སྙིགས་གཙང་སེལ་སྒྲིག་ཆས་སྟེར་པའི་མཛད་སྒོ་དེ་ཁུལ་སྨྱན་སྦྱོར་ལྟེ་གནས་ཀྱི་ཐང་ཆེན་དུ་བསྡུས་པ་དང་། བྱ་འགུལ་འདིས་ཅན་བཅུའི་ཏང་འཛུགས་དམ་འཛིན་བྱ་རྒྱུ་གཙོར་བཟུང་ཞིང་། མཁར་གྲོང་གི་འཚོ་བའི་གད་སྙིགས་བསྡུ་ལེན་དང་སྐྱེལ་འདྲེན་བྱེད་དཀའ་བའི་གནད་དོན་ལ་དམིགས་ཏེ། འཚོ་བའི་གད་སྙིགས་གཙང་སེལ་སྒྲིག་ཆས་ཁག་ཅིག་གཅིག་བསྡུས་ཀྱིས་མཁོ་སྤྲོད་བྱས་པ་དང་། རོང་འབྲོག་ཁུལ་གྱི་འཚོ་བའི་གད་སྙིགས་བཅོས་སྐྱོང་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་ནས། གཞི་རིམ་བཅོས་སྐྱོང་གི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་འཕར་སྣོན་ཡོང་བར་མཐུན་རྐྱེན་སྦྱར་ཏེ། མཛེས་སྡུག་ལྡན་པའི་མཚོ་ལྷོ་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ཡོད་རྒུ་བཏོན་ཡོད།

b4a8b9c39d79f3ca17c546030a042f2a.png

གསར་འགོད་པའི་ཡུལ་དངོས་སྒྲོག་འགྲེལ། བལྟ་མཁན་རྣམ་པ་སྐུ་ཁམས་བཟང་། ང་ད་ལྟ་ཡོད་སའི་གནས་འདི་ནི་མཚོ་ལྷོ་ཁུལ་སྨྱན་སྦྱོར་ལྟེ་གནས་ཀྱི་ཐང་ཆེན་ཡིན། ངའི་རྒྱབ་ཕྱོགས་སུ་མཚོ་ལྷོ་ཁུལ་གྱིས་དག་གཙང་མཚོ་ལྷོ་ཞེས་པའི་འཚོ་བའི་གད་སྙིགས་གཙང་སེལ་སྒྲིག་ཆས་སྟེར་པའི་མཛད་སྒོ་སྤེལ་བཞིན་ཡོད་ལ། འདི་ནི་སྒྲིག་ཆས་སྟེར་ཐེངས་གཉིས་པ་ཡིན། གློག་སྒུལ་གཙང་སེལ་རླངས་འཁོར་གསར་པ་དང་གད་སྙིགས་སྒམ་དག་གྲལ་འགྲིག་པོར་བསྒྲིགས་ཡོད་ཅིང་། མི་འགྱངས་པར་གུང་ཧོ་རྫོང་གི་གཞི་རིམ་དུ་མཁོ་སྤྲོད་བྱ་རྒྱུ་རེད། ཐེངས་འདིའི་བྱ་འགུལ་གྱིས་ཅན་བཅུའི་ཏང་འཛུགས་དམ་འཛིན་བྱ་རྒྱུ་གཙོར་བཟུང་སྟེ། འཚོ་བའི་གད་སྙིགས་གཙང་སེལ་གྱི་སྒྲིག་ཆས་རྣམས་ཁུལ་ཡོངས་ཀྱི་ཤང་དང་གྲོང་བརྡལ། སྡེ་བ(སྡེ་ཁུལ)བཅས་གཞི་རིམ་དུ་མཁོ་སྤྲོད་བྱས་ནས། རོང་འབྲོག་ཁུལ་གྱི་གད་སྙིགས་སྐྱེལ་འདྲེན་དཀའ་བའི་གནད་དོན་ཐག་གཅོད་དང་། མི་སྡོད་ཁོར་ཡུག་བཅོས་སྐྱོང་གི་རྨང་གཞི་བརྟན་པོར་བཏང་སྟེ། མཛེས་སྡུག་ལྡན་པའི་མཚོ་ལྷོ་གསར་པ་འཛུགས་སྐྲུན་བྱེད་པར་རམ་འདེགས་བྱེད་བཞིན་ཡོད།

ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཡིས་བྱ་འགུལ་དངོས་སུ་མགོ་ཚུགས་པ་ཁྱབ་བསྒྲགས་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་དོན་གྲུབ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ལིའུ་ཡན། ཁུལ་ཨུའི་རྒྱུནཨུའམ་དྲུང་ཡིག་ཆེན་མོ་ཏེང་ཧྲེང་ཕེང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ་ཀྲུའུ་རེན་གཞོན་པ་ཀྲང་ཏེ་ཞན་བཅས་མཛད་སྒོར་ཞུགས། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཆིའུ་ཡོན་ལིན་གྱིས་མཛད་སྒོར་མགོ་འཛིན་བྱས།  རྫོང་སོ་སོའི་རྫོང་ཨུའི་ཧྲུའུ་ཅི་དང་། ཤང་དང་གྲོང་བརྡལ་གྱི་ཏང་ཨུའི་ཧྲུའུ་ཅི།  སྡེ་བ(སྡེ་ཁུལ)ཁག་ཅིག་གི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི། ཆེད་དོན་བྱ་བའི་ཚན་ཆུང་གི་ཚན་གཙོ་དང་ཁོར་ཡུག་གཙང་སྦྲའི་ལས་བཟོ་བའི་འཐུས་མི་བཅས་མཛད་སྒོར་ཞུགས།

གཞུང་དངོས། བྱ་འགུལ་ཡུལ་དངོས་སུ། གློག་སྒུལ་གཙང་སེལ་རླངས་འཁོར་གསར་པ་དང་། གློག་སྒུལ་འཁོར་གསུམ་རླངས་འཁོར། གད་སྙིགས་སྒམ་བཅས་གྲལ་བསྒྲིགས་ཡོད། ཁུལ་རིམ་པའི་མགོ་ཁྲིད་ཀྱིས་འཐུས་མི 5 ལ་སྒྲིག་ཆས་ཀྱི་ལྡེ་མིག་སྤྲད། ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་ལྷོ་ཁུལ་གྱི2026ལོའི་འཚོ་བའི་གད་སྙིགས་སྒྲིག་བཀོད་མཁོ་སྤྲོད་ཀྱི་ལས་གཞིར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད་ལ། ཟླ10པའི་ཚེས29ཉིན་བར། ལས་གཞི་དེ་དངོས་ཟོག་མཁོ་འདོན་ལག་བསྟར་གྱི་དུས་རིམ་དུ་སླེབས་ཤིང་། ཁག་དང་པོའི་གད་སྙིགས་སྒམ100གྲ་སྒྲིག་བྱེད་བཞིན་ཡོད་ལ། ཨར་ལས་ལས་ཁུངས་ཀྱིས་ལས་གཞི་འཛུགས་སྐྲུན་བྱེད་མགོ་བརྩམས་ཤིང་། རླངས་འཁོར་མཁོ་སྤྲོད་ཀྱི་ལས་དོན་ཡང་དུས་མཚུངས་སུ་སྤེལ་བ་རེད། མིག་སྔར་གློག་སྒུལ་གཙང་སེལ་རླངས་འཁོར472དང་། གློག་སྒུལ་འཁོར་གསུམ་རླངས་འཁོར43། སྨི་རྒྱ་དཔངས་གྲུ་བཞི་མ5ཅན་དང3ཅན། ཧྲིན120×2ཅན་གྱི་གད་སྙིགས་སྒམ1བཅས་ཡུལ་དངོས་སུ་བསྐྱལ་ཡོད། འཚོ་བའི་གད་སྙིགས་གཙང་སེལ་གྱི་སྒྲིག་ཆས་འདི་དག་སྤྱོད་མགོ་བརྩམས་པ་དེས། ཁུལ་ཡོངས་ཀྱི་ཤང་དང་གྲོང་བརྡལ། སྡེ་བ(སྡེ་ཁུལ)བཅས་ཀྱི་འཚོ་བའི་གད་སྙིགས་སྐྱེལ་འདྲེན་དཀའ་བའི་གནད་དོན་ཐག་གཅོད་དང་། གཞི་རིམ་གྱི་ཁོར་ཡུག་གཙང་སྦྲ་བའི་ངལ་རྩོལ་ཁུར་པོ་ཇེ་ཡང་དུ་བཏང་བར་མ་ཟད། རྒྱུན་རྣམ་ཅན་གྱི་འཚོ་བའི་གད་སྙིགས་སྐྱེལ་འདྲེན་ནུས་པ་མཐོར་འདེགས་སུ་བཏང་སྟེ། མི་སྡོད་གནས་ཁོར་ཡུག་བཅོས་སྐྱོང་གི་བྱ་བ་དོན་ཐོག་ཏུ་འཁྱོལ་ཞིང་གཏིང་ཟབ་ཏུ་འགྲོ་བར་སྐུལ་འདེད་ཆེན་པོ་བཏང་ཡོད།

ScreenShot_2026-11-10_152508_986.png

མཚོ་ལྷོ་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཆིའུ་ཡོན་ལིན་གྱིས་བཤད་རྒྱུར། དེ་རིང་ང་ཚོས་དག་གཙང་མཚོ་ལྷོ་ཞེས་པའི་འཚོ་བའི་གད་སྙིགས་གཙང་སེལ་སྒྲིག་ཆས་གཅིག་བསྡུས་ཀྱིས་སྟེར་བ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་ལེན་མཐར་ཕྱིན་བྱས་ཏེ། ཅན་བཅུའི་ཏང་འཛུགས་དམ་འཛིན་བྱ་རྒྱུར་གཙོར་བཟུང་ནས། རོང་འབྲོག་ཁུལ་གྱི་གད་སྙིགས་སྐྱེལ་འདྲེན་བྱེད་དཀའ་བའི་གནད་དོན་ཐག་གཅོད་པ་དང་། མཐོ་སྒང་གི་མི་སྡོད་ཁོར་ཡུག་མུ་མཐུད་དུ་ལེགས་བཅོས་བྱེད་པའི་དམངས་ཚིས་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། རང་ཁུལ་གྱི་ས་རྒྱ་ཆེ་ཞིང་རོང་འབྲོག་མང་ཚོགས་ཐར་ཐོར་དུ་གནས་པས། གད་སྙིགས་གཙང་སེལ་དང་སྐྱེལ་འདྲེན་བྱེད་པའི་མ་རྩ་མཐོ་ལ་དོ་དམ་བྱེད་དཀའ་བ་དེ་གཞི་རིམ་སྐྱེ་ཁམས་བཅོས་སྐྱོང་གི་དཀའ་གནད་ཞིག་ཏུ་གྱུར་ཡོད། ཐེངས་འདིར་གཅིག་བསྡུས་ཀྱིས་སྤྲད་པའི་གློག་སྒུལ་གཙང་སེལ་རླངས་འཁོར་དང་གད་སྙིགས་སྒམ་སོགས་སྒྲིག་ཆས་ཐད་ཀར་དུ་ཤང་དང་གྲོང་བརྡལ། སྡེ་བ་དང་སྡེ་ཁུལ་བཅས་སུ་བསྐྱལ་ནས། གཞི་རིམ་གྱི་གད་སྙིགས་གཙང་སེལ་བྱེད་པར་ནུས་པ་ཆེན་པོ་ཐོན་ཐུབ་པས། རྫོང་སོ་སོ་དང་ཤང་དང་གྲོང་བརྡལ་སོ་སོས་སྔར་ལས་ལྷག་པའི་སྒོ་ནས་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ། སྐོར་ཐེངས་འདིའི་ཁོར་སྲུང་སྒྲིག་ཆས་དོ་དམ་དང་བེད་སྤྱོད་གང་ལེགས་བྱེད་པ་དང་། དུས་རྒྱུན་དུ་བདག་སྐྱོང་དང་དོ་དམ་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཏང་ནས། རིགས་སོ་སོའི་མང་ཚོགས་ཁོར་ཡུག་བཅོས་སྐྱོང་ནང་དུ་ཞུགས་པར་སྐུལ་སློང་བྱེད་པ་དང་། རོང་འབྲོག་ཁུལ་གྱི་འཚོ་བའི་གད་སྙིགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་བཏང་ནས། བདེ་སྡོད་ལས་བརྩོན་དང་འཆམ་མཐུན་གྲོང་གསེབ་བསྐྲུན་པར་ནུས་པ་བཏོན་ཏེ། རིགས་སོ་སོའི་མང་ཚོགས་ལ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཐོབ་སྣང་དང་བདེ་སྣང་ལོངས་སྤྱོད་བྱེད་དུ་འཇུག་དགོས་ཟེར།

གཞུང་དངོས། གཞི་རིམ་ཁོར་སྲུང་སྒྲིག་ཆས་ཀྱི་བཀོད་སྒྲིག་དོ་མི་མཉམ་པ་དང་མཁོ་སྤྲོད་འདང་ངེས་མིན་པ། ཐག་རིང་སྡེ་བ་དང་དབྱར་དུས་ཀྱི་རྩ་ཐང་དུ་གད་སྙིགས་སྐྱེལ་འདྲེན་བྱེད་དཀའ་བ་སོགས་ཀྱི་འབུར་ཐོན་གནད་དོན་ལ་དམིགས་ནས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ནོར་སྲིད་ཀྱི་མ་དངུལ་གཏོང་ཤུགས་མུ་མཐུད་དུ་ཆེ་རུ་བཏང་སྟེ། མ་དངུལ་སྒོར་ཁྲི3780བཏང་ནས། གད་སྙིགས་སྒམ་ཆ་ཚང577དང་འདེགས་འཁོར་ཅན་གྱི་གད་སྙིགས་གཙང་སེལ་རླངས་འཁོར10། གློག་སྒུལ་གད་སྙིགས་གཙང་སེལ་རླངས་འཁོར2690། གློག་སྒུལ་རྐང་གསུམ་འཁོར་ལོ215ཉོས་ནས། རོང་འབྲོག་ཁུལ་གྱི་གད་སྙིགས་གཙང་སེལ་སྒྲིག་ཆས་མི་འདང་བའི་གནད་དོན་ཐག་བཅད་པ་དང་། ཐེངས་འདིར་འཚོ་བའི་གད་སྙིགས་སྒྲིག་ཆས་སྟེར་བ་ནི་མཚོ་ལྷོ་ཁུལ་གྱིས་ཅན་བཅུའི་ཏང་འཛུགས་གཙོ་གནད་དུ་བཟུང་སྟེ། གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་པ་དང་དག་གཙང་མཚོ་ལྷོ་ཞེས་པའི་བྱ་འགུལ་སྐུལ་འདེད་བྱེད་པའི་བྱེད་ཐབས་ཤིག་ཡིན་པས། སྔར་ལས་ལྷག་པའི་སྒོ་ནས་ཤང་གྲོང་གི་འཚོ་བའི་གད་སྙིགས་གཙང་སེལ་བྱེད་པའི་རྨང་གཞིའི་སྒྲིག་ཆས་ཇེ་ལེགས་སུ་བཏང་བ་མ་ཟད། རོང་འབྲོག་ཁུལ་གྱི་གད་སྙིགས་གཙང་སེལ་ལམ་ལུགས་འཐུས་ཚང་དུ་བཏང་ནས། སྐྱེ་ཁམས་དཔལ་ཡོན་སྲུང་སྐྱོང་དང་མི་སྡོད་ཁོར་ཡུག་ལེགས་བཅོས་བྱེད་པར་རམ་འདེགས་བྱས་པ་དང་། ཅན་བཅུའི་ཏང་འཛུགས་ཀྱི་གཞི་རིམ་ཞབས་ཞུའི་སྤུས་རྟགས་མུ་མཐུད་དུ་ཇེ་ལེགས་སུ་བཏང་ནས། ཁུལ་ཡོངས་ཀྱི་གཞི་རིམ་བཅོས་སྐྱོང་གི་དེང་རབས་ཅན་གྱི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་སུ་བཏང་བ་རེད།

བཅར་འདྲི། མཚོ་ལྷོ་ཁུལ་གུང་ཧོ་རྫོང་ཚལ་རྔ་འགག་གྲོང་བརྡལ་ཚལ་རྔ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཏོའུ་ཡན་ཡན་གྱིས་བཤད་རྒྱུར། དེ་རིང་དག་གཙང་མཚོ་ལྷོ་ཞེས་པའི་འཚོ་བའི་གད་སྙིགས་གཙང་སེལ་སྒྲིག་ཆས་སྟེར་བའི་མཛད་སྒོར་ཞུགས་ཐུབ་པར་ང་རང་སེམས་འགུལ་ཆེན་པོ་ཐེབས་ཤིང་། སྔོན་ཆད་སྡེ་བའི་གད་སྙིགས་གཙང་སེལ་བྱེད་ན་མི་ཤུགས་ལ་བརྟེན་དགོས་པས་སྐྱེལ་འདྲེན་བྱེད་པར་དཀའ་ཚེགས་ཆེན་པོ་ལྡན་ཞིང་། ཐེངས་འདིར་སྤྲད་པའི་ཁོར་སྲུང་སྒྲིག་ཆས་ལས་ང་ཚོའི་ཁོར་ཡུག་བཅོས་སྐྱོང་གི་སྒྲིག་ཆས་མི་འདང་བའི་གནད་དོན་ཐག་བཅད་པར་མ་ཟད། གད་སྙིགས་སྐྱེལ་འདྲེན་བྱེད་དཀའ་བའི་གནད་དོན་ཀྱང་ཐག་བཅད་པས། རྗེས་ཕྱོགས་ང་ཚོས་སྒྲིག་ཆས་འདི་དག་ལ་གཅེས་སྤྲས་དང་བེད་སྤྱོད་གང་ལེགས་བྱས་ཏེ། ཅན་བཅུའི་ཏང་འཛུགས་ལ་བརྟེན་ནས། མང་ཚོགས་ཀྱིས་དུས་རྒྱུན་དུ་ཁོར་ཡུག་བཅོས་སྐྱོང་བྱེད་པར་སྐུལ་ཁྲིད་བྱས་ཏེ། སྡེ་བའི་རྣམ་པ་ལེགས་བཅོས་དང་གཞི་རིམ་བཅོས་སྐྱོང་གི་ནུས་པ་མཐོར་འདེགས་སུ་གཏོང་རྒྱུ་ཡིན་ཟེར།


热门新闻

热门图库

热门排行