སྲིད་དོན། 详情

མཚོ་ལྷོ་ཁུལ་གྱི་དྲིལ་སྒྲོག་བསམ་བློ་རིག་གནས་དང་བཟོ་ཚོགས་སྡེ་ཁག་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་བརྒྱུད་བསྒྲགས་བྱེད་པ་དང་དྲིལ་སྒྲོག་སྒྲོག་འགྲེལ་གྱི་བཀོད་སྒྲིག་ཚོགས་འདུ་བསྡུས།

 ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་བསྐྱེད་ཚོགས་འདུའི་བྱ་བའི་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ།ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དྲིལ་སྒྲོག་དང་སྒྲོག་འགྲེལ་བྱེད་པའི་ལས་འགན་ཐད་ཕན་འབྲས་དངོས་ལེན་པར་སྐུལ་འདེད་བྱ་ཆེད།   ཟླ11པའི་ཚེས6ཉིན། མཚོ་ལྷོ་ཁུལ་གྱི་དྲིལ་སྒྲོག་བསམ་བློ་རིག་གནས་དང་བཟོ་ཚོགས་སྡེ་ཁག་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་ལེན་བྱེད་པ་དང་དྲིལ་སྒྲོག་སྒྲོག་འགྲེལ་བྱ་བའི་བཀོད་སྒྲིག་ཚོགས་འདུ་དེ་ཡོངས་འཛིན་རིག་གཞུང་སྙན་ཞུ་ཚོམས་ཆེན་དུ་འཚོགས་ཤིང་།   ཚོགས་འདུ་ལས་སློབ་སྦྱོང་ཟབ་མོ་དང་གོ་བ་ཡང་དག་ལེན་པ།དྲིལ་སྒྲོག་སྒྲོག་འགྲེལ་བཅས་ལ་དམིགས་ཏེ། ཁུལ་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་རིག་གནས་འཐབ་ཕྱོགས་ཁག་གིས་ནུས་ཤུགས་མཉམ་འདོན་བྱས་ནས།ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློ་དང་བྱ་སྤྱོད་དེ་ཚང་འཛོམས་གྲོས་ཚོགས་ཀྱི་ཐབས་ཇུས་གལ་ཆེན་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུ་བཅས་ཀྱི་བླང་བྱའི་ཐད་གཅིག་གྱུར་ཡོང་བར་བྱ་དགོས་པའི་སྐུལ་སློང་གནང་།

གཞུང་དངོས།ཚོགས་འདུ་ལས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་གསལ་འགྲེལ་བྱས་པ་དང་། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་བསྐྱེད་ཚོགས་འདུའི་འབྲེལ་ཡོད་བྱ་བའི་བླང་བྱར་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པ་མ་ཟད། ཚོགས་ཞུགས་ལས་བྱེད་པས་ཚང་འཛོམས་གྲོས་ཚོགས་ཀྱི་ཆབ་སྲིད་ཀྱི་དོན་སྙིང་གལ་ཆེན་དང་གཞུང་ལུགས་ཀྱི་དོན་སྙིང་གལ་ཆེན།ལག་ལེན་གྱི་དོན་སྙིང་གལ་ཆེན་བཅས་ལ་གོ་བ་ཟབ་མོ་ལེན་པར་ཁྲིད་སྟོན་བྱས། 

ཚོགས་འདུ་ལས་དྲིལ་སྒྲོག་བསམ་བློ་རིག་གནས་དང་བཟོ་ཚོགས་སྡེ་ཁག་གིས་རིགས་པའི་གཞུང་ལུགས་ལ་སློབ་སྦྱོང་བྱེད་པར་སྣེ་ཁྲིད་དེ།མ་ཡིག་ཀློག་པ་དང་མ་ཡིག་སྦྱོང་བ། གནས་ལུགས་རྟོགས་པ་བཅས་རྒྱུན་འཁྱོངས་བྱས་ཏེ་ཚོགས་ཆེན་གྱི་དགོངས་དོན་དེ་ལས་ཁུངས་ཀྱི་གཅིག་བསྡུས་སློབ་སྦྱོང་དང་བགྲོ་གླེང་སྤེལ་རེས་ཀྱི་ནང་དོན་གཙོ་བོའི་ནང་དུ་བཞག་སྟེ། རིམ་པ་དབྱེ་བ་དང་རྣམ་པ་མི་འདྲ་བའི་སྒོ་ནས་ལས་བྱེད་པས་སློབ་སྦྱོང་བྱེད་པར་རྩའཛུགས་བྱས་ནས།དྲིལ་སྒྲོག་སྒྲོག་འགྲེལ་བྱ་བའི་བསམ་བློའི་རྨང་གཞི་བརྟན་པོར་བཏང་སྟེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཇི་མ་ཇི་བཞིན་གྱིས་རྟོགས་པར་ཁག་ཐེག་བྱ་དགོས་ཞེས་ནན་གྱིས་བསྟན།

ཚོགས་འདུ་ལས་ཁུལ་ཡོངས་ཀྱི་གསར་འགྱུར་དྲིལ་སྒྲོག་བྱ་བར་བཀོད་སྒྲིག་བྱས་ཤིང་། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་སྨྱན་སྦྱོར་ལྟེ་གནས་ཀྱི་སྟེགས་བུའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ། མཚོ་ལྷོ་ཁུལ་གྱི་སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པ་དང་ནུས་ཁུངས་གཙང་མར་བརྟེན་ནས་ཁུལ་སྟོབས་ལྡན་དུ་གཏོང་བ། ཞིང་ཕྱུགས་ལས་ལ་བརྟེན་ནས་ཁུལ་བརྟན་པོར་གཏོང་བ།རིག་གནས་ཡུལ་སྐོར་ལ་བརྟེན་ནས་ཁུལ་དར་རྒྱས་སུ་གཏོང་བ་བཅས་ཀྱི་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་གཞིགས་ནས།བརྗོད་དོན་གཙོ་བོའི་དྲིལ་སྒྲོག་ཇུས་འགོད་ཞིབ་ཚགས་བྱས་ཏེ། ཡུལ་བབ་དང་མཐུན་ཞིང་ནང་དོན་ཟབ་པ། བརྩེ་བའི་ཕྱུག་པ་བཅས་ཀྱི་གསར་འགྱུར་བརྩམས་ཆོས་དང་བརྙན་ཐུང་། སྨྱན་སྦྱོར་གྱི་བརྩམས་ཆོས་མང་པོ་སྤེལ་དགོས།དྲ་ཐོག་གི་བརྒྱུད་གཏོང་ཐབས་ལམ་སྣ་ཚོགས་བེད་སྤྱད་དེ།དྲ་ལམ་སློབ་ཁྲིད་སོགས་ཀྱི་ཁྱད་ཆོས་ལྡན་པའི་དགེ་མཚན་འདོན་སྤེལ་བྱས་ནས། 

དྲ་ཐོག་དང་ཡུལ་དངོས་སུ་གཅིག་གྱུར་སྐུལ་འདེད་བྱེད་པའི་གླེང་ཕྱོགས་ཀྱི་སྣང་ཚུལ་ཞིག་བསྐྲུན་ཏེ།ཕྱོགས་ཡོངས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དྲིལ་སྒྲོག་བྱེད་པའི་ནུས་པ་ཆེ་རུ་བཏང་ནས།ཁུལ་ཡོངས་སུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས། གཞི་རིམ་གྱི་ལས་རྐང་དང་པོར་དམིགས་ནས་ཁུལ་ཡོངས་ཀྱི་སྒྲོག་འགྲེལ་བྱ་བ་གནད་འཁེལ་ངང་ལེགས་པོར་སྒྲུབ་དགོས་ཏེ།ཚོགས་འདུ་ལས་གཞི་རིམ་སྒྲོག་འགྲེལ་བྱ་བར་བཀོད་སྒྲིག་བྱས་ཤིང་།སྒྲོག་འགྲེལ་ནང་དོན་ལེགས་བཅོས་དང་བྱེད་ཐབས་གསར་གཏོད། དཔུང་ཁག་སྟོབས་ཆེར་གཏོང་བ། སྒྲོག་འགྲེལ་གྱི་གྲུབ་འབྲས་ལེགས་བསྒྱུར་བྱེད་པ་བཅས་ཕྱོགས་བཞི་ནས་བྱེད་ཐབས་བཏོན་པ་དང་། ས་གནས་ཀྱི་སྒྲོག་འགྲེལ་དཔུང་སྡེ་བཙུགས་ཏེ།གཞུང་ལུགས་ཀྱི་རྐང་འཛིན་པ་དང་།ཏང་ཡོན་ལས་བྱེད་པ། སྔོན་ཐོན་དཔེ་ལེགས་པ། གཞི་རིམ་མང་ཚོགས་སོགས་ཀྱི་སྒྲོག་འགྲེལ་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཏེ།འབྲོག་ཁུལ་གྱི་དོན་དངོས་གཞིར་བཟུང་ནས་གཏམ་བཤད་བྱེད་སྟངས་ལེགས་སྒྲིག་བྱེད་པ་དང་མང་ཚོགས་ཀྱིས་གོ་སླ་བའི་སྐད་ཆས་སྒྲོག་འགྲེལ་བྱ་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་ལས་ཁུངས་དང་ཁེ་ལས། འབྲོག་ཁུལ། སྡེ་ཁུལ། སློབ་གྲྭ་བཅས་སུ་སྒྲོག་འགྲེལ་བྱེད་པར་སྐུལ་འདེད་བྱས་ཏེ།རྒྱ་ཆེའི་ལས་བཟོ་པ་དང་རོང་འབྲོག་མང་ཚོགས་ལ་ཁ་གཏད་ནས་སྒྲོག་འགྲེལ་བྱེད་ཐབས་སྣ་མང་སྤྱད་དེ། གཞུང་ལུགས་སྒྲོག་འགྲེལ་དེ་མང་ཚོགས་ཀྱི་སེམས་སུ་འཇགས་པར་སྐུལ་འདེད་བྱ་དགོས་ཞེས་བླང་བྱ་བཏོན།


热门新闻

热门图库

热门排行