ཁུལ་སྲིད་གཞུང་གིས་གཙོ་གནད་བྱ་བར་སྐུལ་འདེད་གཏོང་བའི་ཚོགས་འདུ་བསྡུས།
ཟླ11པའི་ཚེས4ཉིན་ཁུལ་སྲིད་གཞུང་གིས་གཙོ་གནད་བྱ་བར་སྐུལ་འདེད་གཏོང་བའི་ཚོགས་འདུ་བསྡུས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དང་ཁུལ་ཨུའི་བྱ་བའི་བླང་བྱ་དོན་འཁྱོལ་བྱེད་པ་དང་། ལོ་ཧྲིལ་པོའི་གཙོ་གནད་བྱ་བར་སྐུལ་འདེད་བཏང་ཚུལ་ལ་ཁྱོན་ཡོངས་ནས་སྤྱི་སྡོམ་དང་ལེགས་སྒྲིག་བྱས་ཏེ། དུས་ཚིགས་བཞི་པའི་རྗེས་མའི་ཟླ་བ་གཉིས་ཀྱི་འགག་སྒྲོལ་ལས་འགན་ལ་སླར་ཡང་བཀོད་སྒྲིག་དང་སྐུལ་འདེད་བཏང་། ཚོགས་འདུའི་སྟེང་ཁུལ་དཔོན་གཞོན་པ་དག་གིས་ལས་བགོས་དོ་དམ་ཁྱབ་ཁོངས་ཀྱི་བྱ་བར་སྐུལ་འདེད་དང་དོན་འཁྱོལ་བྱས་ཚུལ་སྙན་སེང་ཞུས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་དོན་གྲུབ་ཀྱིས་རེ་རེ་བཞིན་དཔྱད་འཇོག་གནང་བར་མ་ཟད་སྤྱི་སྡོམ་གཏམ་བཤད་སྤེལ།
ཚོགས་འདུ་ལས་ད་ལོའི་ཚུན་ལ་སྲིད་གཞུང་ཁོངས་གཏོགས་ཀྱི་བྱ་བ་ཁག་ལ་སྐུལ་འདེད་ནུས་ལྡན་བཏང་ནས་ཕན་འབྲས་ཐོབ་ཡོད་ལ། འོན་ཀྱང་ཁྱབ་ཁོངས་ཁག་ཅིག་གི་བྱ་བ་ལོ་འཁོར་གྱི་དམིགས་ཚད་ལས་འགན་དང་བསྡུར་ན་ད་དུང་མི་འདང་ས་ཡོད་པ་རེད། མིག་སྔར་ལོ་ཧྲིལ་པོའི་མཐའ་མཇུག་གི་མཇུག་སྒྲིལ་བའི་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པས་ས་གནས་ཁག་དང་སྡེ་ཁག་སོ་སོས་དུས་བབ་ལ་ངོས་འཛིན་གསལ་པོ་དང་། བྱེད་ཐབས་དངོས་བསྒྱུར། གནོན་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ལོ་ཧྲིལ་པོའི་བྱ་བ་མཇུག་སྒྲིལ་བར་རྨང་གཞི་བརྟན་པོ་འདིང་དགོས་ཞེས་བསྟན།
ཚོགས་འདུ་ལས་ལས་གཞིའི་འཛུགས་སྐྲུན་དང་མ་དངུལ་གཏོང་སྒོའི་མྱུར་ཚད་ལ་དོ་སྣང་ཆེན་པོ་བྱ་དགོས་ཏེ། བྱ་བ་སྔར་ལས་མང་པོ་བསྒྲུབ་པའི་མཉམ་ཤུགས་ཆགས་པར་བྱ་དགོས་པ་དང་། གཞི་གྲངས་ཡང་དག་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས། སྲིད་ཇུས་ཀྱི་ཁྲིད་སྟོན་ལ་དམ་པོར་དམིགས་པ་དང་དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་བྱས་ཏེ། སང་ལོའི་ལས་གཞིའི་འཆར་འགོད་དང་གྲབས་གསོག་བྱ་བ་ལེགས་པོར་བསྒྲུབ་ནས། ལས་གཞིའི་རྒྱུ་རྐྱེན་གཙོ་བོར་འགན་ལེན་བྱས་ཏེ། སྤུས་ལེགས་ལས་གཞི་སྔར་བས་མང་པོ་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པར་འགན་ལེན་བྱ་དགོས། རྒྱུན་རྣམ་ཅན་གྱི་སྒོ་ནས་གོང་རིམ་ལ་སྙན་སེང་ཞུ་བའི་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ་དང་མཛུབ་ཁྲིད་དང་རྒྱབ་སྐྱོར་སྔར་ལས་མང་པོ་ཐོབ་པར་བརྩོན་ལེན་བྱ་དགོས། སྐོར་ཞིབ་རྩིས་བཤེར་དང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ། བདེ་འཇགས་སྐོར་ཞིབ་སོགས་གནད་དོན་སྣ་ཚོགས་དག་ཐེར་ལེགས་བཅོས་བྱ་བར་མགྱོགས་མྱུང་ངང་སྐུལ་འདེད་ནན་མོ་གཏོང་བ་དང་། ཡིག་ཚགས་ཀྱི་སྟེང་ནས་དག་ཐེར་ཡོ་བསྲང་དང་རྫུན་བཟོ་ཡི་ལམ་ནས་དག་ཐེར་ཡོ་བསྲང་བྱེད་པར་མཐའ་གཅིག་ཏུ་གཏན་འཇོག་བྱ་དགོས། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྐྱོང་བྱ་བར་རྒྱུན་མཐུད་ངང་དམ་འཛིན་ཡག་པོ་བྱས་ཏེ། བྱ་བའི་གྲུབ་འབྲས་དངོས་ལ་བརྟེན་ནས་དམངས་ཀྱི་ཡིད་ཆེས་དང་རྒྱབ་སྐྱོར་ཐོབ་པར་བྱ་དགོས། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་བྱ་བར་ཤུགས་སྣོན་བརྒྱབ་སྟེ་སྲིད་ཇུས་བྱེད་ཐབས་དང་དམངས་ཕན་བྱེད་ཐབས་ཁག་དོན་འཁྱོལ་ཡོང་བར་འགན་ལེན་བྱ་དགོས། དམངས་འཚོའི་ཁྱབ་ཁོངས་ཀྱི་ཞན་ཆར་དོ་སྣང་ཆེན་པོ་བྱས་ཏེ། སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་སྨན་བཅོས་ཞབས་ཞུའི་རིམ་སྤར་ལ་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ནས། ཁ་གཏད་རོགས་སྐྱོར་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་ཀྲུང་བོད་ལུགས་གསོ་རིག་སྨན་རྫས་རྒྱུན་འཛིན་གསར་གཏོད་དང་སྨན་བཅོས་ཁམས་གསོ་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་དགོས། ལོ་གསར་དང་དཔྱིད་གསར་དུས་ཆེན་སོགས་དུས་ཆེན་གལ་ཆེན་ལ་དམིགས་ནས་འཛད་སྤྱོད་ལ་སྐུལ་འདེད་སྔར་ལས་ཆེན་པོ་གཏོང་དགོས། ནོར་ལུག་ཕྱིར་འཚོང་དང་གསོ་སྤེལ་གྱི་ཁ་གསབ་རོགས་སྐྱོར་སྲིད་ཇུས་བེད་སྤྱོད་ཡག་པོ་བྱས་ནས། ཞིང་ཕྱུགས་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་རོང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལ་རོགས་རམ་བྱ་དགོས། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་མ་མཐའི་འགན་སྲུང་འགན་ལེན་ཏན་ཏིག་བྱས་ནས་ཕུན་སུམ་ཚོགས་པའི་རིག་གནས་ལུས་རྩལ་གྱི་བྱེད་སྒོ་མང་པོ་སྤེལ་དགོས། བདེ་འཇགས་ཀྱི་མཐའ་ཚད་མཐའ་གཅིག་ཏུ་བརྟན་སྲུང་དང་། བདེ་འཇགས་ཐོན་སྐྱེད་ཀྱི་བྱུར་རྐྱེན་གྲལ་བཤེར་བཅོས་སྐྱོང་རྒྱུན་མཐུད་ངང་སྤེལ་བ་དང་། རྒྱུན་རྣམ་ཅན་གྱིས་འགལ་བ་དང་རྩོད་གཞིའི་འབྱུང་རྩ་བཅོས་སྐྱོང་ཡག་པོ་བྱེད་པ་བཅས་བྱས་ནས་སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་གཏན་འཇགས་ཡོང་བར་འགན་ལེན་བྱ་དགོས་ཞེས་ནན་གྱིས་བསྟན།
ཚོགས་འདུ་ལས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་ངང་སྐུལ་འདེད་བཏང་སྟེ། བྱ་བའི་སྤྱོད་ཚུལ་ལེགས་པོར་བསྒྱུར་དགོས། ཁུལ་དཔོན་གཞོན་པ་ཁག་གིས་མགོ་ཁྲིད་ལས་བྱེད་པའི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཡུལ་དངོས་སུ་བཀོད་འདོམས་དང་བཀོད་གཏོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཁག་བགོས་དོ་དམ་ཁྱབ་ཁོངས་ཀྱི་གཙོ་གནད་བྱ་བར་དངོས་སུ་ལྟ་སྐུལ་དང་བརྒྱུད་རིམ་ཧྲིལ་པོར་ལྟ་ཞིབ་བྱས་ཏེ། གོང་གིས་འོག་ལ་སྣེ་ཁྲིད་བྱས་ནས་འགག་སྒྲོལ་ལ་འབད་བརྩོན་ལྷོད་མེད་བྱ་དགོས།
ས་གནས་ཁག་དང་སྡེ་ཁག་སོ་སོས་གཅིག་གྱུར་གྱི་བསམ་བློ་བརྟན་པོར་འཛུགས་པ་དང་། དམིགས་ཚད་ལས་འགན་དང་ཞན་ཆར་དམ་པོར་དམིགས་ནས། སེམས་ཤུགས་གཅིག་སྒྲིལ་གྱིས་དཀའ་གནད་སེལ་ཏེ། དངོས་སྒྲུབ་གཙིགས་འཛིན་ལ་བརྟེན་ནས་གཙོ་གནད་བྱ་བ་ཁག་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་ནས། ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་མགོ་ཡག་པོ་ཡོང་བར་འགན་ལེན་བྱས་ནས་སང་ལོའི་བྱ་བ་ཁག་དོན་ཐོག་ཏུ་འཁྱོལ་བའི་རྨང་གཞི་བརྟན་པོར་གཏོང་དགོས་ཞེས་བླང་བྱ་བཏོན།
ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དང་དྲུང་ཡིག་ཆེན་མོ་གཞོན་པ་སོ་སོ། སྡེ་ཁག་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས།