ཞིང་ཆེན་ནང་ཁུལ། 详情

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལྟར། ཟླ11པའི་ཚེས6ཉིན་གྱི་སྔ་དྲོར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་ཟི་ལིང་དུ་བསྡུས། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མིའམ། ཀྲུང་དབྱང་སྤྱི་ཚོགས་བྱ་བའི་པུའུ་ཡི་པུའུ་ཀྲང་ཝུའུ་ཧན་ཧྲིན་གྱིས་སྒྲོག་འགྲེལ་སྙན་ཞུ་ཕུལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལུའོ་ཏུང་ཁྲོན་གྱིས་སྙན་ཞུའི་ཚོགས་འདུར་མགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ། ཧྲིན་ཀྲང་ཚབ་མ་ཀྲུའུ་ཀུ་ཡུས་ཅེ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཚོགས་འདུར་ཞུགས།

ཟླ11པའི་ཚེས6ཉིན་གྱི་སྔ་དྲོར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་ཟི་ལིང་དུ་བསྡུས། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མིའམ། ཀྲུང་དབྱང་སྤྱི་ཚོགས་བྱ་བའི་པུའུ་ཡི་པུའུ་ཀྲང་ཝུའུ་ཧན་ཧྲིན་གྱིས་སྒྲོག་འགྲེལ་སྙན་ཞུ་ཕུལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལུའོ་ཏུང་ཁྲོན་གྱིས་སྙན་ཞུའི་ཚོགས་འདུར་མགོ་འཛིན་བྱས།

སྙན་ཞུའི་ཚོགས་འདུའི་སྟེང་། ཝུའུ་ཧན་ཧྲིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཚང་འཛོམས་གྲོས་ཚོགས་སྟེང་གྲོས་འཆམ་བྱུང་བའི་ཆོད་དོན་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པར་དམ་དུ་དམིགས་པ་དང་། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུར་ཟུང་འབྲེལ་བྱས་ནས། གོ་བདེ་བའི་སྐད་ཆ་དང་ཞིབ་ཅིང་གསལ་བའི་གཞི་གྲངས། དཔེ་གཞི་དངོས་ལ་བརྟེན་ནས་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་རླབས་ཆེན་གྲུབ་འབྲས་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཚུན་གྱི་ཏང་དང་རྒྱལ་ཁབ་ལས་དོན་ཐད་ནས་བླངས་པའི་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པར་ལེགས་སྒྲིག་དབྱེ་ཞིབ་བྱས་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་འཐབ་ཇུས་བསམ་གཞིགས་དང་ཡུན་རིང་གི་ཤན་ཤུགས་གསལ་འགྲེལ་བྱས་ལ། ཆོད་དོན་གྱི་མ་ཟིན་བཀོད་པའི་གནས་ཚུལ་དང་ཁྱད་ཆོས་གཙོ་བོ་ངོ་སྤྲོད་བྱས་ཤིང་། གཙོ་བོར་རྒྱུན་འཁྱོངས་ལྷོད་མེད་སྒོས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་སྤྱི་ཁོག་གི་བླང་བྱ་དང་མཛུབ་སྟོན་དགོངས་པ། སྲུང་བྱའི་རྩ་དོན། འཐབ་ཇུས་ལས་འགན་དང་བྱེད་ཐབས་གལ་ཆེན་འགྲེལ་ཀློག་བྱས་པ་མ་ཟད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་དོན་འཁྱོལ་བྱེད་པའི་ཐད་བླང་བྱ་བཏོན། ཁོང་གིས་བསྟན་དོན། ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལྟར། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩིས་ནས།ཉིན་རིམ་གཙོ་བོའི་ཁྲོད་འཇོག་པ་དང་། སེམས་ཞིབ་མོས་རྩ་འཛུགས་ལག་བསྟར་བྱེད་པ། བསམ་བློ་དང་འགུལ་སྐྱོད་གཉིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ། འགུལ་སྐྱོད་དངོས་ལ་བརྟེན་ནས་རྒྱུན་འཁྱོངས་ལྷོད་མེད་སྒོས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བཀོད་སྒྲིག་སྣ་ཚོགས་དོན་འཁྱོལ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།

འདི་ནི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མིའམ་ཀྲུང་དབྱང་སྤྱི་ཚོགས་བྱ་བའི་པུའུ་ཡི་པུའུ་ཀྲང་ཝུའུ་ཧན་ཧྲིན་གྱིས་སྒྲོག་འགྲེལ་སྙན་ཞུ་ཕུལ་བཞིན་པའི་ཚུལ་རེད།

ལུའོ་ཏུང་ཁྲོན་གྱིས་ནན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ཡག་པོ་དང་དྲིལ་སྒྲོག་ཡག་པོ། ལག་བསྟར་ཡག་པོ་བྱེད་རྒྱུ་ནི་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཇི་མ་ཇི་བཞིན་དུ་སློབ་སྦྱོང་བྱེད་པ་དང་ཕྱོགས་ཡོངས་ནས་ཆ་ཚང་བོར་སློབ་སྦྱོང་བྱེད་པ། མཐའ་གསལ་མཐིལ་རྟོགས་སྒོས་སློབ་སྦྱོང་བྱས་ཏེ། ཞིབ་འཇུག་གཏིང་ཟབ་དང་གོ་བ་ཟབ་མོ་ལེན་པའི་ཁྲོད་དགོངས་དོན་གྱི་ངོ་བོ་ཁོང་དུ་ཆུད་པར་བྱེད་པ་དང་ལག་ལེན་གྱི་བླང་བྱ་དམ་འཛིན་ཡང་དག་བྱེད་པ། བསམ་བློ་སྔར་ལས་གཅིག་གྱུར་དང་བློ་རྩ་སྔར་ལས་གཅིག་གྱུར། འགུལ་སྐྱོད་སྔར་ལས་གཅིག་གྱུར་བཅས་བྱེད་དགོས་ལ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་སྔར་ལས་ཟབ་མོ་ལེན་པ་དང་། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ལེགས་པར་བསྒྲུབ་ནས། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་མཛད་པའི་ཁ་ཕྱོགས་བརྒྱུད་དེ་མདུན་སྐྱོད་བྱེད་དགོས། སློབ་སྦྱོང་གསོ་སྦྱོང་རྩ་འཛུགས་ནན་མོ་བྱེད་པ་དང་། རིམ་དབྱེ་ཁག་བགོས་ཀྱིས་རེས་སྐོར་གསོ་སྦྱོང་བྱས་ནས། ཏང་ཡོན་ལས་བྱེད་པ་ཡོངས་ལ་གསོ་སྦྱོང་ཐུབ་པར་ཁག་ཐེག་བྱེད་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངསས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པའི་ཚ་རླབས་མྱུར་དུ་འཕྱུར་བར་བྱས་ཏེ། ཞིང་ཆེན་གོང་འོག་ཡོངས་ཀྱི་སྣེ་ཁྲིད་དེ་སྔར་ལས་རང་རྟོགས་སྒོས་ཚན་རིག་གཞུང་ལུགས་ཀྱིས་ངེས་ཤེས་བསྐྱེད་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་དགོས། དྲིལ་སྒྲོག་གསལ་འགྲེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆེད་དོན་དང་ཆེད་སྒྲིག་ལེ་ཚན་བཀོད་སྒྲིག་བྱེད་པ། རིན་ཐང་ལྡན་པའི་ཆེད་དོན་གསར་འགྱུར་དང་འགྲེལ་ཀློག་རྩོམ་ཡིག མཉམ་འདྲེས་སྨྱན་སྦྱོར་གྱི་ཐོན་རྫས་སྐོར་ཞིག་གསར་རྩོམ་བཅས་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་འགྲེལ་བཤད་གསལ་བོ་དང་འགྲེལ་བཤད་ཡང་དག འགྲེལ་བཤད་བདེན་པ། འགྲེལ་བཤད་མཐིལ་རྟོགས་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཞི་རིམ་དང་མི་སེམས་སུ་སིམ་པར་བྱེད་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་འཕེལ་རྒྱས་དམ་འཛིན་དང་བཅོས་བསྒྱུར་ལ་སྐུལ་འདེད། ཉེན་ཁ་སྔོན་འགོག དམངས་འཚོར་ཕན་འདོགས་པ་སོགས་ཀྱི་ལས་འགན་དང་ཟུང་འབྲེལ་བྱས་ཏེ། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་གསར་སྐྲུན་ནུས་ཤུགས་དང་གོང་བུར་འགྲིལ་ཤུགས། འཐབ་འཛིང་ནུས་ཤུགས་སྔར་ལས་ཆེར་སྐྱེད་དང་། ད་ལོའི་ལོ་མཇུག་དང་སང་ལོའི་ལོ་འགོའི་བྱ་བ་སྣ་ཚོགས་གཅིག་འདོམས་དམ་འཛིན་བྱས་ནས། ད་ལོའི་དམིགས་འབེན་ལས་འགན་བདེ་བླག་ངང་ཡོང་འགྲུབ་བྱེད་པ་དང་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་བཟང་བོ་རྩོམ་པར་ཁག་ཐེག་བྱེད་དགོས་ལ། འགུལ་སྐྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉེར་གཅིག་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།

ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན་དང་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པ། མཐོ་རིམ་སློབ་གྲྭའི་དགེ་སློབ། དམག་དཔུང་གི་དཔོན་དམག ཁེ་ལས་ཀྱི་ལས་བཟོ་བ། གསར་དུ་ལས་ཞུགས་བྱས་པའི་མི་ཚོགས་སོགས་ལས་རིགས་སོ་སོའི་འཐུས་ཚབ་མི་སྣ་ཚོགས་འདུར་ཞུགས།  །

热门新闻

热门图库

热门排行