སྲིད་དོན། 详情

ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡིས་རྒྱ་སྐྱེད་ཚོགས་འདུ་བསྡུས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།

ཟླ11པའི་ཚེས4ཉིན་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཁུལ་དཔོན་དོན་གྲུབ་ཀྱིས་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་རྒྱ་སྐྱེད་ཚོགས་འདུར་མགོ་འཛིན་གནང་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཟླ10པའི་ཚེས30ཉིན་གྱི་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་སྐྱེད་ཚོགས་འདུ་དང་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཡི་རྒྱ་སྐྱེད་ཚོགས་འདུ་དང་། ཟླ11པའི་ཚེས3ཉིན་གྱི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་སྐྱེད་ཚོགས་འདུའི་བཀོད་སྒྲིག་བླང་བྱ་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་།ལག་བསྟར་དོན་འཁྱོལ་གྱི་བྱེད་ཐབས་བཀོད་སྒྲིག་བྱས།

ཚོགས་འདུ་ལས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ལོ་ལྔའི་འཆར་གཞི་བཅོ་ལྔ་པ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཇུས་འགོད་བཅས་བྱེད་པའི་འགག་རྩའི་དུས་མཚམས་སུ་འཚོགས་པའི་ཁྱོན་ཡོངས་རང་བཞིན་དང་། འཐབ་ཇུས་རང་བཞིན། འགྱུར་མེད་རང་བཞིན་བཅས་ཀྱི་དོན་སྙིང་ལྡན་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་ལ། ཚང་འཛོམས་གྲོས་ཚོགས་ལས་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་དམིགས་ཚད་ལས་འགན་དང་། ལམ་ལུགས་མ་ལག ལག་ལེན་ཐབས་ལམ་བཅས་ཁ་གསལ་བཟོས་ནས་ཏང་གི་རང་ངོས་གསར་བརྗེར་བརྟེན་ནས་སྤྱི་ཚོགས་གསར་བརྗེར་སྣེ་ཁྲིད་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་གཅིག་གྱུར་འཆར་འགོད་སྐུལ་འདེད། གཞི་རིམ་བཅོས་སྐྱོང་སྲ་བརྟན་དུ་གཏོང་བ། དམངས་འཚོ་འགན་ལེན་ལེགས་སུ་གཏོང་བ་བཅས་ལ་རྩ་བའི་བརྩི་སྲུང་མཁོ་འདོན་བྱས་པ་དང་ལག་ལེན་ཐབས་ལམ་གསལ་སྟོན་བྱས་ཡོད།ཁུལ་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཤེས་རྟོགས་གཏིང་ཟབ་བྱས་ཏེ་འདུ་ཤེས་བཞི་ཟབ་ཏུ་གཏོང་བ་དང་།ཡིད་ཆེས་བཞི་བརྟན་དུ་གཏོང་བ།སྲུང་སྐྱོང་གཉིས་སྒྲུབ་ཐུབ་པ་

བཅས་བྱས་ཏེ་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་གལ་ཆེན་ཐོག་གཅིག་གྱུར་ཏན་ཏིག་བྱས་ནས་ཚད་གཞི་དེ་བས་མཐོ་བ་དང་། བླང་བྱ་དེ་བས་ནན་མོ། སྤྱོད་ཚུལ་དེ་བས་ཏན་ཏིག་བཅས་ཀྱི་ཐོག་ནས་སྲིད་གཞུང་ཁོངས་གཏོགས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་སྟེ་ཁུལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྒྲིག་ཁྲིམས་དང་སྤྱོད་ཚུལ་གྱི་འགན་ལེན་བརྟན་པོ་མཁོ་འདོན་བྱ་དགོས་ཞེས་བསྟན།

ཚོགས་འདུ་ལས་བློ་བརྟན་འགྱུར་མེད་ངང་ཆབ་སྲིད་ཀྱི་ལྷག་བསམ་བརྟན་དུ་བཏང་ནས་གྲོས་གཞི་དང་པོའི་ལམ་ལུགས་དོན་འཁྱོལ་ནན་མོ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་སྲུང་། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་མོ། སྲིད་གཞུང་གི་གྲོས་དོན་ཐབས་ཇུས་ལམ་སྲོལ་དང་གཙོ་གནད་བྱ་བའི་སྙན་ཞུའི་ལམ་ལུགས་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་ནས་སྲིད་གཞུང་གི་ལས་དོན་མཐའ་དག་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སུ་བསྐྱོད་དགོས་ཤིང་། ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ་། སྲིད་འབྲས་ཀྱི་ལྟ་བའི་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ། རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པ། མང་ཚོགས་ལ་ཕན་པ་བཅས་ཀྱི་བྱ་བ་མང་ཙམ་བསྒྲུབ་པ་བཅས་ཀྱིས་འབད་བརྩོན་ཆེན་པོས་མི་དམངས་ལ་སྲིད་འབྲས་འཇོག་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་འབྲས་འཇོག་དགོས། འབད་བརྩོན་ལྷོད་མེད་ཀྱིས་སྤྱོད་ཚུལ་ནན་སྲུང་དང་གཞི་རིམ་དུ་བསྐྱོད་པ་བཞིའི་ལམ་ལུགས་དོན་འཁྱོལ་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་མིན་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དོན་འཁྱོལ་གང་ལེགས་བྱེད་པ། གཞི་རིམ་གྱི་ཁུར་པོ་རྒྱུན་མཐུད་ངང་ཇེ་ཡང་དུ་གཏོང་བ། གཞུང་དོན་གསུམ་གྱི་གྲོན་དངུལ་ཚོད་འཛིན་དམ་པོ་བྱེད་པ། དངོས་ཐོག་བདེན་འཚོལ་དང་དམ་པ་དོན་གཉེར། འཕྲལ་མར་བསྒྲུབ་པ། མཐའ་འཁྱོལ་དུ་བསྒྲུབ་པ་དམ་འཛིན་བཅས་ཀྱི་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་བྱེད་པ། ཁུལ་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱི་ལས་བྱེད་པ་རང་འགུལ་ངང་ལག་བསྟར་དོན་འཁྱོལ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་པ་ཞིག་བྱེད་པར་ཁྲིད་སྟོན་བྱས་ཏེ། སྤྱོད་ཚུལ་ལེགས་པོས་བྱ་བ་ཁག་བསྒྲུབ་པར་འགན་ལེན་བྱ་དགོས། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཉམས་མྱོང་ཐེག་ཐུབ་པའི་དཔུང་ཁག་འཛུགས་སྐྱོང་བྱས་ནས་སྒྲིག་ཁྲིམས་སློབ་གསོ་དང་སྤྱོད་ཚུལ་སློབ་གསོ། ཉེན་བརྡའི་སློབ་གསོ་བཅས་རྒྱུན་རྣམ་ཅན་དུ་སྤེལ་ཏེ། ཆབ་སྲིད་ཁོང་དུ་ཆུད་པ་དང་སྤྱོད་ཚུལ་ལེགས་པ། ནུས་པ་ལྡན་པ་དང་སྒྲིག་ཁྲིམས་ཡོད་པ་བཅས་ཀྱི་དཔུང་ཁག་ཅིག་འཛུགས་སྐྱོང་བྱ་དགོས་ཞེས་ནན་གྱིས་བསྟན།

ཚོགས་འདུ་ལས་ཁྲིམས་ལྟར་སྲིད་འཛིན་མཐའ་འཁྱོངས་བྱེད་པ་དང་དབང་ཆ་ཚད་ལྡན་གྱིས་བེད་སྤྱོད་བྱེད་པ། སྲིད་འཛིན་ཐབས་ཇུས་གལ་ཆེན་གྱི་ཁྲིམས་མཐུན་རང་བཞིན་ལ་ཞིབ་བཤེར་དང་ཉེན་ཁར་དཔྱད་ཞིབ་སོགས་ཀྱི་ལམ་ལུགས་དོན་འཁྱོལ་བཅས་བྱས་ཏེ། སྲིད་གཞུང་གི་བཅོས་སྐྱོང་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན། ཚན་རིག་ཅན་བཅས་ཀྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས།ནོར་སྲིད་ཀྱི་མ་དངུལ་དང་ལས་གཞིའི་འཛུགས་སྐྲུན།རྒྱུ་ནོར་གྱི་ཐོན་ཁུངས་སོགས་གཙོ་གནད་མངའ་ཁོངས་ལ་གཞིགས་ནས།བརྒྱུད་རིམ་ཧྲིལ་པོའི་ལྟ་སྐུལ་དོ་དམ་འཐུས་ཚང་དུ་གཏོང་བ་དང་།མང་ཚོགས་མཐའ་འཁོར་གྱི་སྲོལ་ངན་དང་རུལ་སུངས་ཀྱི་གནད་དོན་ལ་དུས་རྒྱུན་དུ་བཅོས་སྐྱོང་བྱས་ནས།ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་གྲུབ་འབྲས་ལ་བརྟེན་ཏེ་དམངས་ཀྱི་ཡིད་ཆེས་ཐོབ་པར་བྱ་དགོས།ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ།སྲིད་གཞུང་སྡེ་ཁག་གི་ཏང་ཡོན་ལས་བྱེད་པས་སྒྲིག་ལམ་སྲུང་བའི་ཁྲོད་དུ་བཅོས་བསྒྱུར་གསར་སྤེལ་དང་བྱ་བ་སྒྲུབ་པར་སྐུལ་འདེད་གཏོང་དགོས།ཡུན་ཕན་ལམ་ལུགས་འཐུས་ཚང་དུ་བཏང་སྟེ།རང་འགུལ་ངང་རིགས་སྣ་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ་དང་།སྐོར་ཞིབ་རྩིས་བཤེར་སོགས་ཀྱི་ལྡོག་འདྲེན་གནད་དོན་བཅོས་སྐྱོང་ལ་དམ་འཛིན་བྱས་ནས།དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྲུན་ལ་སྐུལ་འདེད་སྒོས་གཉེན་ཉེ་དང་སྲིད་གཞུང་།ཚོང་བ་བཅས་ཀྱི་དབར་ལ་སྤྱོད་གཙང་གི་འབྲེལ་བ་འཛུགས་པ་དང་།སྲིད་གཞུང་སྡེ་ཁག་གི་སྲིད་གཙང་དྲང་གཞག་དང་ལས་སྒྲུབ་རྣམ་པ།སྤྱོད་གཙང་རང་སྒྲིག་བཅས་ཀྱི་ཆབ་སྲིད་ཀྱི་སྐྱེ་ཁམས་ལེགས་པོ་མུ་མཐུད་དུ་བརྟན་པོར་གཏོང་དགོས།ཁུལ་ཡོངས་ཀྱི་སྲིད་གཞུང་ལས་ཁུངས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ཞིབ་མོ་བྱ་རྒྱུ་དེ་སྒུལ་ཤུགས་ཆེན་པོ་ཞིག་ཏུ་བརྩིས་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དང་། ཁུལ་ཨུའི་བྱ་བའི་བླང་བྱ་དག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས། དམངས་ཚིས་ལེགས་བཅོས། བདེ་འཇགས་བརྟན་བརླིང་། སྤྱོད་གཙང་འཛུགས་སྐྲུན་བཅས་ཀྱི་བྱ་བ་སོ་སོར་སྐུལ་འདེད་ཏན་ཏིག་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོ་གསར་པ་འཛུགས་སྐྲུན་བྱེད་པར་འབད་བརྩོན་ལྷོད་མེད་བྱ་དགོས་ཞེས་བླང་བྱ་བཏོན།

热门新闻

热门图库

热门排行