གནད་བསྡུས། 详情

“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་རང་རྒྱལ་གྱིས་ཞིང་སྨན་ཐོན་ལས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་སྔོན་ཞིང་ལས་དང་གྲོང་གསེབ་པུའུ་ཡིས《རྒྱལ་ཡོངས་ཀྱི་ཞིང་སྨན་ཐོན་ལས་འཕེལ་རྒྱས་གཏོང་བའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད》དཔར་འགྲེམ་བྱས་ནས་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། ཐོན་རྫས་ཀྱི་གྲུབ་ཆ་ཇེ་ལེགས་སུ་གཏོང་བ། ཁྲིམས་ལྟར་ཞིང་སྨན་གཉེར་སྐྱོང་ཚད་ལྡན་དུ་གཏོང་བ། ཚན་རིག་དང་མཐུན་ཞིང་བདེ་འཇགས་ངང་སྨན་སྤྱོད་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ། ལེགས་ཆའི་ཁེ་ལས་ལ་རོགས་སྐྱོར་དང་སྐྱེད་སྲིང་བྱེད་པ། ཞིང་སྨན་དོ་དམ་ཞབས་ཞུ་ཇེ་ལེགས་སུ་གཏོང་བ་སོགས་ཀྱི་གཙོ་གནད་ལས་འགན་འཆར་འགོད་བཀོད་སྒྲིག་བྱས་ནས། ཞིང་སྨན་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།

ཞིང་སྨན་ནི་ཐོན་སྐྱེད་རྒྱུ་ཆ་གལ་ཆེན་ཞིག་ཡིན་པས། ཞིང་ལས་དང་ནགས་ལས། འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་གནོད་ཡོད་སྐྱེ་དངོས་ཚོད་འཛིན་བྱེད་པའི་ཁྲོད་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་འདོན་སྤེལ་བྱེད་ཀྱིན་ཡོད། འཆར་འགོད་ནང2030ལོར་བསླེབས་སྐབས་རང་རྒྱལ་གྱི་ཞིང་སྨན་ཐོན་རྫས་མཁོ་སྤྲོད་འགན་ལེན་ནུས་པ་རྒྱུན་མཐུད་ངང་ཆེ་རུ་འགྲོ་བ་དང་། ཐོན་ནུས་སྤྱིའི་ཆ་ནས་བརྟན་པོ་ཡོང་བ། སྣ་ཁ་གྲུབ་ཆ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་འགྲོ་བ་བཅས་བྱས་ནས། ཞིང་སྨན་གཉེར་སྐྱོང་ཞབས་ཞུ་དང་ཚན་རིག་དང་མཐུན་པའི་བེད་སྤྱོད་གཞི་གཅིག་ཅན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས།

གོང་གསལ་གྱི་དམིགས་ཚད་ལ་དམིགས་ནས། འཆར་འགོད་ནང་ཞིབ་ཕྲའི་བྱ་ཐབས་རབ་དང་རིམ་པ་བཏོན་པའི་ནང་རྒྱལ་ཁབ་མངའ་ཁོངས་ཀྱི་བར་མཐོངས་འཆར་འགོད་དང་། སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེའི་དོ་དམ་ཚོད་འཛིན། རྒྱལ་ཁབ་ཀྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་བཅས་གཞིར་བཟུང་ས་ཁོངས་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་རང་བྱུང་ལ་གཞི་ཚུགས་ནས། ཞིང་སྨན་ཐོན་ལས་ས་ཁོངས་ཀྱི་བཀོད་སྒྲིག་གཅིག་གྱུར་འཆར་འགོད་བྱེད་པ་དང་། ཞིང་ལས་ཐོན་སྐྱེད་དང་སྤྱི་པའི་འཕྲོད་བསྟེན། བདེ་འཇགས་འཕེལ་རྒྱས་བཅས་ཀྱི་དགོས་མཁོར་དམིགས་ནས། གཞི་རྒྱུ་རྩོམ་སྒྲིག་དང་། ཉིང་སྐྱུར་འགལ་རྐྱེན། སྐྱེ་དངོས་འདྲེས་སྦྱོར། མིས་བཟོས་རིག་ནུས་རམ་འདེགས་ཇུས་འགོད་སོགས་མདུན་གྲལ་ཚན་རྩལ་བྱེད་ཐབས་འདུས་གྲུབ་བེད་སྤྱོད་བྱས་ཏེ། ཞིང་སྨན་གྱི་སྣ་ཁ་གསར་པ་གསར་གཏོད་བྱེད་པ། ཆ་འཕྲིན་མཉམ་སྤྱོད་དང་མཉམ་འབྲེལ་ཁྲིམས་འཛིན་ལམ་སྲོལ་བཙུགས་ནས། ཞིང་སྨན་ལྟ་སྐུལ་དོ་དམ་གྱི་ས་ཁོངས་ལས་བརྒལ་བའི་མཐུན་སྦྱོར་ལ་ཤུགས་སྣོན་བྱེད་པ། ཞིང་སྨན་གྱི་འགོག་ནུས་ལྟ་ཞིབ་ཚད་ལེན་དང་བཅོས་སྐྱོང་ལ་ཤུགས་སྣོན་པ། ཞིང་སྨན་གྱི་ཐོན་སློབ་ཞིབ་གསུམ་གྱི་གསར་གཏོད་མ་ལག་དང་ཐོན་ཁུངས་སྡེབ་སྒྲིག་དང་། ཞིང་སྨན་སྣེ་ཁྲིད་ཁེ་ལས་ཀྱིས་མཐོ་སློབ་དང་ཚན་རིག་ཞིབ་འཇུག་ཁང་དང་མཉམ་དུ་ཞིང་སྨན་ཞིབ་འཇུག་གསར་སྤེལ་གསར་གཏོད་གྱི་མཉམ་འབྲེལ་སྒྲིག་གཞི་འཛུགས་པར་རྒྱབ་སྐྱོར་བྱས་ཏེ། ཞིང་སྨན་གྱི་དམིགས་འབེན་གསར་པ་དང་ཆ་རྡུལ་གྱི་རུས་སྒྲོམ་གསར་པ་སོགས་ཐུན་མོང་རང་བཞིན་གྱི་ལག་རྩལ་དང་འགག་རྩའི་སྲོག་ཤིང་ལག་རྩལ་གྱི་འགག་སྒྲོལ་སྤེལ་བ། ཞིང་སྨན་གྱི་ཁྲིམས་སྲོལ་སྲིད་ཇུས་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། ཞིང་སྨན་ཐོ་འགོད་ལམ་ལུགས་དང་གེགས་སེལ་ཞིང་སྨན་གསོག་འཇོག་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཞིང་སྨན་མཚམས་སྦྱོར་ཞབས་ཞུ་རྩ་འཛུགས་དོ་དམ་སོགས་གཟབ་ནན་ཏུ་གཏོང་བ་བཅས་ཚུད་ཡོད། །

热门新闻

热门图库

热门排行