རྒྱལ་ནང་། 详情

《ཀྲུང་གོའི་དྲ་སྦྲེལ་འཕེལ་རྒྱས་སྙན་ཞུ2026》དང《འཛམ་གླིང་དྲ་སྦྲེལ་འཕེལ་རྒྱས་སྙན་ཞུ2026》རྒྱབ་ཤ་སྔོན་པོའི་དེབ་ཁྱབ་བསྒྲགས་བྱས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས4ཉིན།《ཀྲུང་གོའི་དྲ་སྦྲེལ་འཕེལ་རྒྱས་སྙན་ཞུ2026》དང《འཛམ་གླིང་དྲ་སྦྲེལ་འཕེལ་རྒྱས་སྙན་ཞུ2026》རྒྱབ་ཤ་སྔོན་པོའི་དེབ་དེ2026ལོའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་ཝུའུ་ཀྲེན་རྩེ་ཚོགས་ཐོག་དངོས་སུ་ཁྱབ་བསྒྲགས་བྱས་པ་དང་། ཀྲུང་གོ་དྲ་སྦྲེལ་བར་མཐོངས་ཞིབ་འཇུག་ཁང་གིས་སྣེ་ཁྲིད་དེ་རྩོམ་སྒྲིག་བྱས་པ་རེད། 2017ལོ་ནས་བཟུང་། རྒྱབ་ཤ་སྔོན་པོའི་དེབ་དེ་ལོ་བཅུ་རིང་བསྟུད་མར་གོ་ལ་ཧྲིལ་པོར་ཁྱབ་བསྒྲགས་བྱས་པ་དེ་ནི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་ཞིབ་འཇུག་གི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་དང་། དེས་དྲ་སྦྲེལ་འཕེལ་རྒྱས་ཀྱི་འཕེལ་རིམ་གསར་པ་དང་གྲུབ་འབྲས་གསར་པ་གང་ལེགས་སྒོས་མངོན་ཡོད་པས་རྒྱལ་ཁབ་ཕྱི་ནང་གི་དོ་ཁུར་རྒྱ་ཁྱབ་ཐོབ་ཡོད། 

《ཀྲུང་གོའི་དྲ་སྦྲེལ་འཕེལ་རྒྱས་སྙན་ཞུ2026》ཡིས་ཀྲུང་གོའི་ལག་ལེན་ལ་གཞི་ཚུགས་ནས་ཀྲུང་གོའི་དྲ་སྦྲེལ་འཕེལ་རྒྱས་ཀྱི་ཕན་འབྲས་ལེགས་སྒྲིག་དང་ཕྱོགས་སྡོམ་བྱས་ཡོད། སྤྱི་སྡོམ་དང་ལེའུ་དང་ས་བཅད་ནང་ཀྲུང་གོའི་དྲ་སྦྲེལ་འཕེལ་རྒྱས་ཀྱི་གནས་ཚུལ་མདོར་བསྡུས་རྒྱས་བཤད་བྱས་པ་དང་། འབྱུང་འགྱུར་གྱི་ཀྲུང་གོའི་དྲ་སྦྲེལ་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ལ་རྒྱང་ལྟ་བྱས་ཡོད། དེ་བྱིངས་ཀྱི་ལེའུ་ཁག་ཏུ་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་དང་གྲངས་གཞིའི་དཔལ་འབྱོར། དྲ་རྒྱའི་ནང་དོན་སོགས་ཀྱི་ཐད་ནས་ཀྲུང་གོའི་དྲ་སྦྲེལ་འཕེལ་རྒྱས་ཀྱི་གནས་ཚུལ་རྒྱས་བཤད་བྱས་ཡོད་པ་རེད། ཀྲུང་གོའི་སྙན་ཞུའི་ཁྱད་ཆོས་གཙོ་བོ་ནི། གཅིག་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ་སྐོར་གྱི་དགོངས་པ་གལ་ཆེན་དེ་སྙན་ཞུ་རྩོམ་སྒྲིག་བྱེད་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་གསུམ་པའི་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བཅས་བྱས་ཏེ། ལོ་གཅིག་རིང་རང་རྒྱལ་གྱི་དྲ་རྒྱའི་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ཐོབ་པའི་འཕེལ་རྒྱས་གལ་ཆེན་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད། གཉིས་ནི་ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད་རྩ་གནད་དོན་འཁྱོལ་བྱེད་པའི་འགག་རྩའི་བྱེད་ཐབས་མངོན་ཡོད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྔ་རྗེས་སུ་འབྲེལ་ཡོད་འཐབ་ཇུས་འཆར་འགོད་བཏོན་ནས། འབྱུང་འགྱུར་ལོ་ལྔ་དང་ཐ་ན་དེ་བས་རིང་བའི་དུས་ཡུན་ནང་ཀྲུང་གོའི་དྲ་སྦྲེལ་འཕེལ་རྒྱས་ཐད་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་ཡོད། གསུམ་ནི་མིས་བཟོས་རིག་ནུས་དུས་རབས་ཀྱི་རྒྱབ་ལྗོངས་འོག་ཀྲུང་གོས་མིས་བཟོས་རིག་ནུས་སྲིད་ཇུས་བཟོ་བ་དང་། ལས་རིགས་བཀོལ་སྤྱོད། ཐོན་ལས་སྐྱེ་ཁམས་དང་དེ་བཞིན་བདེ་འཇགས་བཅོས་སྐྱོང་སོགས་ཀྱི་ཐད་འཕེལ་རྒྱས་གསར་པ་བྱུང་ཡོད། 

《འཛམ་གླིང་དྲ་སྦྲེལ་འཕེལ་རྒྱས་སྙན་ཞུ2026》ཞེས་པ་དེས་གོ་ལ་ཧྲིལ་པོའི་མཐོང་རྒྱ་གཞིར་བཟུང་སྟེ། འཛམ་གླིང་དྲ་སྦྲེལ་འཕེལ་རྒྱས་འགྲོ་ཚུལ་གསེད་བཀྲོལ་དང་ཕྱོགས་སྡོམ་བྱས་ནས། གོ་ལ་ཧྲིལ་པོའི་དྲ་སྦྲེལ་འཕེལ་རྒྱས་འགྲོ་ཚུལ་ལ་ལྟ་ཞིབ་བྱེད་པའི་དབང་གྲགས་ལྡན་པའི་སྒེའུ་ཁུང་དུ་བསྐྲུན་ཡོད། སྤྱི་སྡོམ་དང་ལེའུ་དང་ས་བཅད་ནང་འཛམ་གླིང་གི་དྲ་སྦྲེལ་འཕེལ་རྒྱས་ཀྱི་གནས་ཚུལ་མདོར་བསྡུས་རྒྱས་བཤད་དང་། རྒྱལ་ཁབ་དང་ས་ཁུལ་གཙོ་བོའི་དྲ་སྦྲེལ་འཕེལ་རྒྱས་ཀྱི་གནས་ཚུལ་ལ་དབྱེ་ཞིབ། འབྱུང་འགྱུར་གྱི་དྲ་སྦྲེལ་འཕེལ་ཕྱོགས་ལ་རྒྱང་ལྟ་བཅས་བྱས་ཡོད། དེ་བྱིངས་ཀྱི་ལེའུ་ཡིས་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་དང་། ཆ་འཕྲིན་ལག་རྩལ། གྲངས་གཞིའི་དཔལ་འབྱོར་སོགས་ཀྱི་ཐད་ནས་གོ་ལ་ཧྲིལ་པོའི་དྲ་སྦྲེལ་འཕེལ་རྒྱས་འགྲོ་ཚུལ་རྒྱས་བཤད་བྱས་ཡོད་པ་རེད། འཛམ་གླིང་སྙན་ཞུའི་ཁྱད་ཆོས་གཙོ་བོ་ནི། གཅིག་ནི་གོ་ལ་ཧྲིལ་པོས་ལག་གདང་སྦྲེལ་ནས་དྲ་རྒྱའི་བར་མཐོངས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པའི་ཕན་འབྲས་གསར་ཤོས་མཚོན་ཡོད། གཉིས་ནི་མཚོན་བྱེད་རང་བཞིན་ལྡན་པའི་རྒྱལ་ཁབ་དང་ས་ཁུལ་གྱི་དྲ་སྦྲེལ་འཕེལ་རྒྱས་ཀྱི་གནས་ཚུལ་མངོན་ཡོད། གསུམ་ནི་མིས་བཟོས་རིག་ནུས་དུས་རབས་ཀྱི་རྒྱབ་ལྗོངས་འོག་ཁྱབ་ཁོངས་ཁག་གི་འགྱུར་ལྡོག་གསར་པ་མངོན་ཡོད། 

ཀྲུང་གོ་དྲ་རྒྱའི་བར་མཐོངས་ཞིབ་འཇུག་ཁང་གི་འགན་འཁུར་བློ་མཐུན་གྱིས་བསྟན་དོན། ཀྲུང་གོ་དྲ་རྒྱའི་བར་མཐོངས་ཞིབ་འཇུག་ཁང་གིས་ཐོག་མཐའ་བར་གསུམ་དུ་དྲ་སྦྲེལ་ཁྱབ་ཁོངས་ཀྱི་གནད་དོན་གལ་ཆེན་ཞིབ་འཇུག་བྱ་རྒྱུར་གཞོལ་བ་དང་། གོ་ལ་ཧྲིལ་པོའི་དྲ་སྦྲེལ་ཁྱབ་ཁོངས་ཀྱི་འབྲེལ་ཡོད་ཞིབ་འཇུག་སྒྲིག་གཞི་དང་མཐོ་སློབ། རིག་མཛོད་སོགས་ཕྱོགས་སོ་སོ་དང་མཉམ་དུ་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། དྲ་སྦྲེལ་བར་མཐོངས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པ་དང་། དྲ་སྦྲེལ་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། མིའི་རིགས་ལ་བདེ་སྐྱིད་བསྐྲུན་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བར་སྐུལ་འདེད་གཏོང་དགོས། །

热门新闻

热门图库

热门排行