གནད་བསྡུས། 详情

ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱ་སྐྱེད་གྲོས་ཚོགས་བསྡུས་ཏེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།

 ཟླ11པའི་ཚེས3ཉིན། ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱ་སྐྱེད་གྲོས་ཚོགས་བསྡུས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པར་མ་ཟད། ཟླ10པའི་ཚེས30ཉིན་གྱི་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་སྐྱེད་གྲོས་ཚོགས་ཀྱི་བཀོད་སྒྲིག་བླང་བྱ་ཁག་བརྒྱུད་བསྒྲགས་བྱས་ཤིང་། རང་ཁུལ་གྱིས་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པའི་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར105འགོར་བ་དང་ལོ་ལྔའི་འཆར་གཞི་བཅོ་ལྔ་པ་མགོ་ཚུགས་པའི་དུས་སྐབས་གལ་ཆེན་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བའི་དམིགས་ཚད་ཕྱོགས་སུ་བསྐྱོད་པའི་གནད་འགག་གི་དུས་སྐབས་སུ་བསྡུས་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན་ལ།  ཚང་འཛོམས་གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་མངགས་བཅོལ་ལྟར་གནང་བའི་བྱ་བའི་སྙན་ཞུར་གསན་ནས་གྲོས་བསྡུར་བྱས་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཚུན་གྱི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཐད་བླངས་པའི་འཕེལ་རིམ་གསར་པ་དང་གྲུབ་འབྲས་གསར་པར་ཁས་ལེན་གང་ལེགས་གནང་ཞིང་། དུས་རབས་གསར་པའི་ཏང་གི་འཛུགས་སྐྱོང་ལ་འཕྲད་པའི་གནས་བབ་གསར་པ་དང་ལས་འགན་གསར་པར་དབྱེ་ཞིབ་ནན་མོ་བྱས་ཏེ། རྒྱུན་འཁྱོངས་ལྷོད་མེད་སྒོས་ཏང་ཕྱོགས་ཡོངས་ནས་ནན་མོར་སྐྱོང་བར་སྐུལ་འདེད་བྱེད་པར་མ་ལག་གིས་འཐབ་ཇུས་བཀོད་སྒྲིག་བྱས་ནས། ཏང་ཀྲུང་དབྱང་གིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པ་དང་། ཏང་དར་རྒྱས་སྟོབས་ཆེར་གཏོང་བའི་ལོ་རྒྱུས་ཀྱི་རང་རྟོགས་དང་འགན་འཁྲིའི་ཁུར་སེམས་མངོན་ཡོད། ཚང་འཛོམས་གྲོས་ཚོགས་ལས་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བའི་གྲོས་ཆོད་ནི་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་ཏང་ཕྱོགས་ཡོངས་ནས་ནན་མོར་སྐྱོང་བའི་བརྗོད་དོན་ལ་ཐོག་མར་དམིགས་པའི་གནད་དོན་གལ་ཆེན་འགའ་ཡི་གྲོས་ཆོད་ཞིག་ཡིན་པས། རྒྱུན་འཁྱོངས་ལྷོད་མེད་སྒོས་ཏང་ཕྱོགས་ཡོངས་ནས་ནན་མོར་སྐྱོང་བར་སྐུལ་འདེད་བྱེད་པར་རྩེ་རིམ་ཇུས་འགོད་དང་འཐབ་ཇུས་འཆར་འགོད་བྱས་ཡོད་པ་དང་། དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་པར་མུ་མཐུད་དུ་སྐུལ་འདེད་བྱེད་པའི་རྩ་གནད་རང་བཞིན་གྱི་ཡིག་ཆ་ཞིག་ཀྱང་ཡིན་ལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་སྐྱེད་གྲོས་ཚོགས་སྟེང་ཞིང་ཆེན་ཡོངས་ཀྱིས་དུས་ཐོག་ཏུ་སློབ་སྦྱོང་ལག་བསྟར་བྱེད་པར་བཀོད་སྒྲིག་ཞིབ་ཕྲ་བཟོས་པ་དང་བྱ་བའི་བླང་བྱ་བཏོན་པས། ང་ཚོས་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་པར་གཞི་འཛིན་ས་གཙོ་བོ་མཁོ་འདོན་དང་ལམ་བུ་གསལ་སྟོན་བྱས་ཡོད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཆབ་སྲིད་དང་སྤྱི་ཡོངས་ཀྱི་མཐོ་ཚད་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་དང་སྲོག་ཤིང་གི་ངོ་བོ། ལག་ལེན་གྱི་བླང་བྱ་བཅས་ལ་གོ་བ་ཟབ་མོ་ལེན་པ་དང་། སློབ་སྦྱོང་དང་དོན་འཁྱོལ་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་རྒྱུན་མཐུད་ངང་ཇེ་དྲག་ཏུ་བཏང་ནས། ཏང་ཕྱོགས་ཡོངས་ནས་ནན་མོར་སྐྱོང་རྒྱུ་དེ་ཏང་ལ་དོ་དམ་བྱེད་པའི་ཁྱབ་ཁོངས་ཡོངས་དང་གོ་རིམ་སོ་སོའི་ཁྲོད་དུ་ཁྱབ་པར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོ་གསར་པ་འཛུགས་སྐྲུན་བྱེད་པར་ཆབ་སྲིད་ཀྱི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱ་དགོས་བསྟན།

 གྲོས་ཚོགས་ལས་དྲིས་ལན་གཉིས་ཀྱི་ཆོད་གཏམ་གལ་ཆེན་ལ་གོ་བ་ཟབ་མོ་ལེན་དགོས་ཤིང་། དུས་སྐབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་མོར་སྐྱོང་བ་དེས། ཏང་ལ་དོ་དམ་དང་སྲིད་སྐྱོང་བའི་ལྷོད་གཡེང་གི་གནས་བབ་རྩ་བ་ནས་བསྒྱུར་ཏེ། ལོ་བརྒྱའི་ཏང་ཆེན་པོའི་རང་ངོས་གསར་བརྗེའི་གོ་རྟོགས་གསར་པ་བཏོད་པའི་གྲུབ་འབྲས་གལ་ཆེན་ལ་ངོས་འཛིན་གསལ་པོ་བྱས་ནས། མཚོ་ལྷོ་ཁུལ་གྱི་དོན་དངོས་ལ་གཞིགས་ཏེ། རང་ངོས་གསར་བརྗེའི་བླང་བྱ་དེ་ཏང་འཛུགས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་སོ་སོའི་ཁྲོད་དུ་ཁྱབ་པར་བྱ་དགོས། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པའི་ཚན་རིག་དང་མཐུན་པའི་ནང་དོན་ལ་གོ་བ་ཟབ་མོ་ལེན་དགོས་ཤིང་། གྲོས་གཞི་དང་པོའི་ལམ་ལུགས་ནན་ཏན་གྱིས་དོན་འཁྱོལ་བྱེད་པ། རྒྱུན་མཐུད་ངང་སློབ་སྦྱོང་རྒྱུན་འཁྱོངས་དང་དོན་དངོས་དང་ཟུང་འབྲེལ་བྱས་ནས་གོ་བ་ལེན་པ། སློབ་སྦྱོང་གི་གྲུབ་འབྲས་དེ་ལག་ལེན་དངོས་སུ་བསྒྱུར་བ། ལག་ལེན་ལ་མཛུབ་ཁྲིད་བྱེད་པ་བཅས་བྱས་ནས། བྱ་བར་སྐུལ་འདེད་གཏོང་བའི་དངོས་ཡོད་ཕན་འབྲས་སུ་རང་རྟོགས་ངང་བསྒྱུར་དགོས། ཕྱོགས་ཡོངས་ནས་ཏང་ནན་མོར་སྐྱོང་བར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་སྤྱིའི་བླང་བྱ་དང་རྩ་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་། བློ་བརྟན་འགྱུར་མེད་ཀྱིས་གཟབ་ནན་གྱི་དགོངས་གཞི་མཐའ་འཁྱོངས་བྱེད་པ། མཐའ་འཁྱོངས་བདུན་དེ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་སྤྱིའི་སློབ་སྟོན་དུ་འཛིན་པ་བཅས་བྱས་ནས། གཅིག་གྱུར་གྱིས་ཇུས་འགོད་དང་སྐུལ་འདེད་གཏོང་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་ལ་གོ་བ་གཏིང་ཟབ་བླངས་ཏེ། གཙོ་གནད་ལས་འགན་རེ་རེ་བཞིན་ལག་བསྟར་བྱེད་པར་དམིགས་ནས། ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་དང་གཙོ་གནད་བྱ་བར་མཉམ་དུ་འཆར་འགོད་དང་མཉམ་དུ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་གནས་བཞི་བསྐྲུན་པར་དམ་པོར་དམིགས་ནས། ནུས་ཁུངས་གཙང་མ་དང་རྩིས་གློག་མཉམ་སྡེབ། སྐྱེ་ཁམས་ཡུལ་སྐོར། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་སོགས་ཁྱད་ལྡན་ཐོན་ལས་ལ་འཕེལ་རྒྱས་ཤུགས་ཆེན་པོས་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་སྲུང་སྐྱོང་དང་དམངས་ཚིས་འགན་སྲུང་། མི་རིགས་མཐུན་སྒྲིལ། གཞི་རིམ་བཅོས་སྐྱོང་དང་སྤྱི་ཚོགས་བདེ་འཇགས་སོགས་ཀྱི་བྱ་བ་གཅིག་གྱུར་སྒོས་ལེགས་པོར་བསྒྲུབ་ནས། ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ཕན་འབྲས་ལ་བརྟེན་ནས་ཁུལ་ཡོངས་ཀྱི་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་མགོ་ལེགས་པོ་ཞིག་རྩོམ་པར་འགན་སྲུང་བྱ་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་ལས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱ་རྒྱུ་དེ་མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ལས་ཀྱི་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་རྩ་འཛུགས་ཞིབ་ཚགས་དང་སྐུལ་འདེད་ཏན་ཏིག་བཏང་ནས་ཕན་འབྲས་དངོས་ལེན་དགོས། སློབ་སྦྱོང་དང་གསོ་སྦྱོང་དམ་འཛིན་བྱས་ཏེ་རིམ་པ་དང་རིགས་དབྱེའི་ལམ་ནས་ལས་བྱེད་པའི་རེས་སྐོར་གསོ་སྦྱོང་རྩ་འཛུགས་བྱས་ནས་ཏང་ཡོན་ལས་བྱེད་པས་ཚང་འཛོམས་གྲོས་ཚོགས་སྟེང་བཏོན་པའི་བསམ་བློ་གསར་པ་དང་ཆོད་གཏམ་གསར་པ། བཀོད་སྒྲིག་གསར་པ་བཅས་ལ་གོ་བ་ཡང་དག་ལེན་པར་སྐུལ་འདེད་གཏོང་དགོས། དྲིལ་བསྒྲགས་དང་སྒྲོག་འགྲེལ་ལ་དམ་འཛིན་བྱས་ཏེ། དྲིལ་བསྒྲགས་བྱེད་སྟངས་གསར་གཏོད་སྒོས་སྨྱན་སྦྱོར་མཉམ་འདྲེས་ཀྱི་སྟེགས་བུ་སྣ་ཚོགས་བེད་སྤྱོད་ཡག་པོ་བྱས་ནས་སྒྲོག་འགྲེལ་དཔུང་ཁག་རྩ་འཛུགས་བྱས་ཏེ་ལས་ཁུངས་དང་གྲོང་གསེབ། སྡེ་ཁུལ། ཁེ་ལས། སློབ་གྲྭ་བཅས་སུ་མང་ཚོགས་ཀྱིས་གོ་སླ་བའི་ལམ་ནས་སྒྲོག་འགྲེལ་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མི་སེམས་སུ་འཇགས་པར་འགན་ལེན་བྱ་དགོས། ལོ་མཇུག་དང་ལོ་མགོའི་བྱ་བ་ཁག་དམ་འཛིན་ཡག་པོ་བྱས་ནས་ལོ་འཁོར་གྱི་དམིགས་ཚད་དང་ལས་འགན་ལ་ནུས་ཤུགས་ཡོད་རྒུ་བཏོན་ཏེ། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱེད་པ་དང་ཀུན་ཕན་རང་བཞིན། རྨང་གཞིའི་རང་བཞིན། གཞི་རྩའི་འགན་ལེན་རང་བཞིན་བཅས་ཀྱི་དམངས་ཚིས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། སང་ལོའི་གཙོ་གནད་ལས་འགན་སྔོན་ལ་འཆར་འགོད་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཕན་ནུས་ཆེ་བའི་བཅོས་སྐྱོང་གི་གྲུབ་འབྲས་དངོས་ལ་བརྟེན་ནས་སློབ་སྦྱོང་གི་ཕན་འབྲས་ལ་ཞིབ་བཤེར་བྱས་ཏེ། གཡུར་ཟའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉེར་གཅིག་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱ་དགོས་ཞེས་བླང་བྱ་བཏོན།།


热门新闻

热门图库

热门排行