རྒྱལ་ནང་། 详情

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྐུལ་སློང་ཚོགས་འདུ་པེ་ཅིན་དུ་འཚོགས་པ།

ཟླ11པའི་ཚེས2ཉིན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྐུལ་སློང་ཚོགས་འདུ་ཚེས2ཉིན་པེ་ཅིན་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་།  

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྐུལ་སློང་ཚོགས་འདུ་ཚེས2ཉིན་པེ་ཅིན་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་ནི་མིག་སྔ་དང་མ་འོངས་པའི་དུས་སྐབས་ཤིག་རིང་ཏང་ཡོངས་ཀྱི་ལས་འགན་གལ་ཆེན་ཞིག་ཡིན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པར་དོན་སྙིང་ཆེན་པོ་ལྡན་པར་ངོས་འཛིན་གང་ལེགས་བྱས་ཏེ། འགན་འཁྲི་འཁུར་སེམས་ཆེན་པོས་སྒྲོག་འགྲེལ་ལས་དོན་ཡག་པོར་སྒྲུབ་པ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་རྣམས་ཀྱིས་བསམ་བློ་དང་བྱ་སྤྱོད་ཚང་མ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བར་ཁྲིད་སྟོན་བྱ་དགོས་ལ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་བས་གོ་བ་ཟབ་མོ་ལེན་པ་དང་། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ། “ཡིད་ཆེས་བཞི”སྲ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ནས། ལག་ལེན་དངོས་བརྒྱུད་དེ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་རྒྱུན་འཁྱོངས་བྱེད་པའི་བཀོད་སྒྲིག་ཁག་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཚད་གཞི་དེ་བས་མཐོ་བ་དང་བྱེད་ཐབས་དེ་བས་ཏན་ཏིག་སྤྱད་དེ། ཏང་དོ་དམ་དང་ཏང་བཅོས་སྐྱོང་སྐོར་གྱི་ལས་ཀ་སྣ་ཚོགས་ལེགས་པར་བསྒྲུབ་དགོས།

ཚའེ་ཆིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་ཧ་ཅང་གལ་ཆེན་པོ་ཞིག་ཡིན་ཞིང་། ཚོགས་འདུའི་ཐོག་གྲོས་འཆམ་བྱུང་བའི《ཆོད་དོན》ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་པ་དང་། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་དོན་འཁྱོལ་བྱས་ཏེ། དུས་རབས་གསར་པ་ཚུན་གྱི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་མཛད་རྗེས་རླབས་ཆེན་ཕྱོགས་བསྡོམས་བྱས་པ་མ་ཟད། ང་ཚོའི་ཏང་གིས་གཟབ་ནན་སྒོས་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ལོ་རྒྱུས་ཉམས་མྱོང་དང་དུས་རབས་གསར་པའི་ནང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཉམས་མྱོང་རྩ་ཆེན་ཕྱོགས་བསྡོམས་དང་བེད་སྤྱོད་བཏང་སྟེ། ཏང་འཛུགས་སྐྲུན་ཐད་འཕྲད་པའི་དུས་བབ་གསར་པ་དང་ལས་འགན་གསར་པ། འགྲན་སློང་གསར་པ་བཅས་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཡོད་ཅིང་། དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་བུ་གསར་པའི་སྟེང་ཏང་གི་འོས་འགན་དམིགས་འབེན་མངོན་འགྱུར་བྱེད་པར་དམིགས་ནས། མིག་སྔའི་དུས་མཚམས་འདི་དང་སླད་ཕྱིན་དུས་ཡུན་རིང་པོ་ཞིག་གི་ནང་ཏང་དོ་དམ་དང་ཏང་བཅོས་སྐྱོང་། ཏང་དར་རྒྱས་དང་ཏང་སྟོབས་ཆེར་གཏོང་བ་སོགས་ཀྱི་ཐད་ལ་འཐབ་ཇུས་བཀོད་སྒྲིག་བྱས་པ་ནི། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་རླབས་ཆེའི་བཟོ་འགོད་ཀྱི་རྩ་གནད་ཡིག་རང་བཞིན་གྱི་ཡིག་ཆ་ཚད་ལྡན་ཡིན། དེར་བརྟེན་ངེས་པར་དུ་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། 《ཆོད་དོན》གཞིར་བཟུང་སྟེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚན་གྱི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ཐད་ཐོབ་པའི་གྲུབ་འབྲས་རླབས་ཆེན་ཁྱོན་ཡོངས་ནས་དྲིལ་སྒྲོག་ཡང་དག་པ་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དར་སྤེལ་གཏོང་བའི་གལ་ཆེན་རང་བཞིན་དང་དགོས་གཏུགས་རང་བཞིན་ལ་གསལ་བཤད་ཡང་དག་བྱེད་པ། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དར་སྤེལ་གཏོང་བའི་མཛུབ་སྟོན་བསམ་བློ་དང་རྩ་དོན་གསལ་འགྲེལ་ཡང་དག་བྱེད་པ། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དར་སྤེལ་གཏོང་བའི་འཐབ་ཇུས་ལས་འགན་དང་བྱ་ཐབས་གལ་ཆེན་ལ་འགྲེལ་བཤད་ཡང་དག་བྱེད་པ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་མཐར་ཕྱིན་བྱེད་པའི་གཞི་རྩའི་བླང་བྱ་ཆ་ཚང་ཞིང་གནད་ལ་ཁེལ་བའི་སྒོ་ནས་བཤད་པ་བཅས་ཀྱིས། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ཇི་མ་ཇི་བཞིན་དོན་འཁྱོལ་ཡོང་བ་སྐུལ་འདེད་གཏང་དགོས་པ་དང་། ལག་ལེན་དངོས་ལ་བརྟེན་ནས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་ཉེར་གཅིག་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

ཚའེ་ཆིས་ནན་གྱིས་བསྟན་དོན། སྒྲོག་འགྲེལ་ལས་དོན་གྱི་བླང་བྱར་གཞིགས་ནས། ཁ་ཕྱོགས་གཙོ་བོ་དམ་འཛིན་ལེགས་པོ་བྱེད་པ་དང་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ། དོ་ཁུར་བྱ་ཡུལ་ལ་ལྡོག་ལན་ནུས་ལྡན་འདེབས་པ་བཅས་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གསལ་པོ་དང་ཡང་དག གཏིང་ཟབ། དཔྱིས་ཕྱིན་པ་བཅས་འཆད་རྒྱུ་མཐའ་འཁྱོངས་བྱ་དགོས། རིམ་པ་སོ་སོའི་ཏང་ཨུ་དང་དྲིལ་སྒྲོག་སྡེ་ཁག་གིས་ཚད་མཐོའི་མཐོང་ཆེན་དང་འཆར་གཞི་ཞིབ་ཚགས་བཟོས་ཏེ། རིམ་པ་སོ་སོའི་དྲིལ་སྒྲོག་སྒྲོག་འགྲེལ་སྒྲིག་འཛུགས་ཧུར་ཐག་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བྱེད་པའི་མཐོ་རླབས་མྱུར་དུ་འཕྱུར་བར་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་དྲིལ་སྒྲོག་པུའུ་ཀྲང་ལི་ཧྲུའུ་ལེ་ཡིས་ཚོགས་འདུར་མགོ་འཛིན་གནང་བ་དང་། རྒྱལ་སྲིད་ཨུ་ཡོན་ཧྲིན་དབྱི་ཆིན་ཚོགས་འདུར་ཞུགས།

ཀྲུང་དབྱང་བསམ་བློའི་རིག་གནས་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་དང་། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་དབྱང་དྲིལ་སྒྲོག་རིག་གནས་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས་ཡོད། །

热门新闻

热门图库

热门排行