གནས་ཚུལ། 详情

མཚོ་ལྷོ་ཁུལ་གྱི་སློབ་མའི(ལོ་ཆུང་གཞོན་ནུ)བྱ་སྒྲོའི་སྤོ་ལོའི་འགྲན་བསྡུར་ཁྲི་ཀ་རྫོང་དུ་སྤེལ།

ཟླ10པའི་ཚེས30ཉིན་ནས་ཟླ11པའི་ཚེས1ཉིན་བར། མཚོ་ལྷོ་ཁུལ་གྱི་སློབ་མའི(ལོ་ཆུང་གཞོན་ནུ)བྱ་སྒྲོའི་སྤོ་ལོའི་འགྲན་བསྡུར་དེ་ཁྲི་ཀ་རྫོང་མང་ཚོགས་ཚོགས་པའི་ལྟེ་གནས་དམངས་ཡོངས་ལུས་སྦྱོང་ཁང་དུ་བདེ་བླག་ངང་མཇུག་བསྒྲིལ། ཁུལ་ཡོངས་ཀྱི་ལོ་ཆུང་གཞོན་ནུ489ཁྲི་ཀར་ལྷན་དུ་འཛོམས་ཏེ་བྱ་སྒྲོའི་སྤོ་ལོའི་རྩལ་ནུས་ལ་བརྟེན་ནས་ལང་ཚོའི་གཟི་དཔལ་ངོམས།

གཞུང་དངོས། ཐེངས་འདིའི་འགྲན་བསྡུར་ནི་ཁུལ་ཡོངས་ཀྱི་ཆུང་འབྲིང་སློབ་མར་དམིགས་པའི་ལུས་རྩལ་འགྲན་དོན་ཞིག་ཡིན་པ་དང་། འགྲན་དོན་གྱིས་ཀུན་སྤྱོད་ལ་བརྟེན་ནས་མི་གཤིས་སྐྱོང་བའི་རྩ་བའི་འོས་འགན་རྒྱུན་འཁྱོངས་བྱས་ཏེ། ལྔ་སྐྱོང་མཉམ་སྤེལ་གྱི་འདུ་ཤེས་ལག་བསྟར་སྒོས། ལུས་རྩལ་དང་སློབ་གསོ་མཉམ་འདྲེས་གཏིང་ཟབ་ཡོང་བ་དམིགས་འབེན་དུ་བཟུང་སྟེ། ཁྲི་ཀ་རྫོང་གི་འགྲན་དོན་ས་གནས་ལ་བརྟེན་ནས། ཁུལ་ཡོངས་ཀྱི་ལོ་ཆུང་གཞོན་ནུར་རྩལ་ནུས་ངོམས་པ་དང་བརྩོན་སེམས་ཡར་སྐུལ། ཐུན་མོང་འཕེལ་རྒྱས་ཀྱི་སྟེགས་བུ་ཞིག་བསྐྲུན།

གཞུང་དངོས། འགྲན་བསྡུར་ལ་སློབ་ཆུང་དང་དམའ་འབྲིང་། མཐོ་འབྲིང་བཅས་ཚན་ཁག་གསུམ་དུ་བགར་ནས། ཁུལ་ཡོངས་ཀྱི་སྐྱེས་པ་དང་སྐྱེས་མའི་རུ་ཁག19འགྲན་བསྡུར་ལ་ཞུགས་པ་དང་། རིམ་རྩིས་ལྟར་ན་འགྲན་ཐེངས500ལྷག་སྤེལ། དུས་ཡུན་ཉིན་གསུམ་རིང་གི་འགྲན་བསྡུར་བརྒྱུད། དམངས་ཡོངས་ལུས་སྦྱོང་ཁང་དུ་དགའ་འབོད་བྱས་ནས་འགྲན་རའི་རྣམ་པ་ཛ་དྲག་གིས་ཁེངས་འདུག འགྲན་ཞུགས་པ་དག་གིས་འགོག་རྒོལ་བརྗེ་གསོར་གྱི་བར་ནས་སྦྱོང་བརྡར་གྱི་རྣམ་པ་བཟང་པོ་མངོན་པར་བྱས། ཐེངས་འདིའི་འགྲན་དོན་ཁྲོད་བསྡོམས་པས་བྱ་དགའི་རྣམ་གྲངས་རིགས12བཀོད་སྒྲིག་བྱས་ཡོད་པ་རེད།

བཅར་འདྲི། ལུས་རྩལ་པ་ཁྲུའུ་ཧའེ་ཧན་གྱིས་བཤད་རྒྱུར། ཐེངས་འདིའི་མཚོ་ལྷོ་ཁུལ་ལོ་ཆུང་གཞོན་ནུའི་བྱ་སྒྲོའི་སྤོ་ལོའི་འགྲན་བསྡུར་ནང་ཞུགས་པར་ང་རང་ཧ་ཅང་དགའ་བོ་བྱུང་ཞིང་།འགྲན་བསྡུར་གྱི་ཡུལ་དངོས་སུ་སྤྲོ་དགའི་རྣམ་པས་ཁེངས་ཤིང་། འགྲན་ཞུགས་པ་རྣམས་ཀྱི་སྟོབས་ཤུགས་ཆེ་བས། ང་ལ་མཚོན་ན་སྦྱོང་བརྡར་གྱི་གོ་སྐབས་བཟང་པོ་ཞིག་ཡིན། རྗེས་ཕྱོགས་ངས་འབད་པས་སྦྱོང་བརྡར་བྱས་ཏེ། མཚོ་ལྷོ་ཁུལ་གྱི་ལོ་ཆུང་གཞོན་ནུའི་དཔའ་ངར་ཆེར་བསྐྱེད་དང་ཞུམ་པ་མེད་པའི་ལུས་རྩལ་གྱི་སྙིང་སྟོབས་མངོན་རྒྱུ་ཡིན་ཟེར།

བཅར་འདྲི། དམའ་འབྲིང་ཚན་ཁག་གི་ལུས་རྩལ་པའམ་བུད་མེད་ཀྱི་ཆ་རྩེད་དང་རྐྱང་རྩེད་ཀྱི་ཨང་དང་པོ་ཐོབ་མཁན་ཕུའུ་ཧོ་མན་གྱིས་བཤད་རྒྱུར། ཨང་དང་པོ་གཉིས་ཐོབ་པས་ངའི་སེམས་ལ་དགའ་སྤྲོ་དང་གཟི་བརྗིད་ཚད་མེད་སྐྱེས་བྱུང་། འགྲན་རའི་ནང་གི་སྐར་མ་རེ་རེ་ཐོབ་པ་ལས་སླ་པོ་ཞིག་མིན་ལ། ཡོད་ཚད་རྒྱུན་ལྡན་གྱི་སྦྱོང་བརྡར་ཡང་ཡང་བྱས་པ་ལས་བྱུང་བ་ཡིན། རྩལ་ཁྲིད་དགེ་རྒན་གྱི་མཛུབ་སྟོན་དང་རུ་ཁག་གི་གྲོགས་པོས་སྐུལ་མ་གནང་བར་ཐུགས་རྗེ་ཆེ་ཞུ། ངས་མུ་མཐུད་དུ་འབད་བརྩོན་བྱས་ཏེ་ཚང་མའི་རེ་བ་སྟོང་ཟད་དུ་མི་གཏོང་བར་འགྲན་ར་སྔར་ལས་ཆེ་བར་འགྲན་བསྡུར་བྱེད་པར་བརྩོན་ལེན་བྱ་རྒྱུ་ཡིན་ཟེར།

ཐེངས་འདིའི་ཁུལ་ཡོངས་ཀྱི་ན་གཞོན་དང་ལོ་ཆུང་གི་བྱ་སྒྲོའི་སྤོ་ལོའི་འགྲན་བསྡུར་བྱ་འགུལ་ཁྲི་ཀ་རྫོང་དུ་སྤེལ་ཞིང་། འདི་ལས་ཁུལ་ཡོངས་ཀྱི་ན་གཞོན་དང་ལོ་ཆུང་སློབ་མའི་ཡར་རྒྱས་བརྩོན་ལེན་གྱི་སྙིང་སྟོབས་གཅིག་བསྡུས་སྒོས་མངོན་པ་དང་། ཁུལ་ཡོངས་ཀྱི་སློབ་གྲྭའི་བྱ་སྒྲོའི་སྤོ་ལོ་ལུས་རྩལ་གྱི་གྲུབ་འབྲས་ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་པ་ཞིག་ཀྱང་རེད།འགྲན་བསྡུར་བདེ་བླག་ངང་སྤེལ་བ་དེས་སློབ་གྲྭའི་ལུས་རྩལ་གོང་འཕེལ་གྱི་རྨང་གཞི་སྔར་བས་བརྟན་དུ་བཏང་སྟེ། ཁུལ་ཡོངས་ཀྱི་ལུས་རྩལ་དང་སློབ་གསོ་མཉམ་འདྲེས། སློབ་གྲྭའི་ལུས་རྩལ་བྱ་གཞག་བཅས་སྤུས་ཚད་མཐོ་བའི་ངང་གོང་འཕེལ་དུ་འགྲོ་བར་ནུས་ཤུགས་གསར་པ་བསྩལ།


热门新闻

热门图库

热门排行