གནད་བསྡུས། 详情

ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་མཚོ་སྔོན་རོགས་སྐྱོར་བྱ་བར་ལྟ་སྦྱོང་དང་སློབ་གསོའི་བྱ་བའི་ཚོགས་འདུ་མཚོ་ལྷོ་ཁུལ་དུ་འཚོགས།

ཟླ10པའི་ཚེས28ཉིན་ནས་ཚེས30ཉིན་བར། ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཤེས་ལྡན་པའི་མཚོ་སྔོན་རོགས་སྐྱོར་བྱ་བར་ལྟ་སྦྱོང་དང་སློབ་གསོའི་ཚོགས་འདུ་དེ་རང་ཁུལ་དུ་འཚོགས་ཤིང་། ཚོགས་འདུ་ལས་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་ཚུན་དུ་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་མཚོ་སྔོན་རོགས་སྐྱོར་བྱ་བའི་ཕན་འབྲས་ལ་བརྒྱུད་རིམ་ལྡན་པའི་ཕྱོགས་སྡོམ་དང་། ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་གྱི་སྔོན་ཐོན་ཉམས་མྱོང་སྤེལ་རེས་དང་ཁྱབ་གདལ། དུས་རིམ་རྗེས་མའི་སློབ་གསོའི་མཚོ་སྔོན་རོགས་སྐྱོར་གྱི་གཙོ་གནད་བྱ་བར་བཀོད་སྒྲིག་བཅས་བྱས་ནས། ཤར་ནུབ་རྒྱུད་ཀྱི་སློབ་གསོའི་མཉམ་ལས་ལ་སྤུས་ཚད་མཐོ་བ་དང་ཕན་འབྲས་ཆེ་བ། གཏིང་ཟབ་དང་དངོས་གཉེར་ཐུབ་པར་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ་རེད། ཚོགས་འདུའི་སྐབས་སུ་ཚོགས་ཞུགས་འཐུས་མི་ཚོ་སློབ་གྲྭ་ཁག་ཅིག་ཏུ་ཕྱིན་ནས་རྟོག་ཞིབ་བྱས་ཤིང་། མཚོ་སྔོན་རོགས་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་སྐོར་ཁག་དྲུག་པའི་སྤྱི་ཁྱབ་སྣེ་ཁྲིད་པའམ་ཞིང་ཆེན་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ཀའོ་ཆང་གིས་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་མཚོ་སྔོན་རོགས་སྐྱོར་བྱ་བར་བཀོད་སྒྲིག་གནང་བ་དང་། ཅང་སུའུ་ཞིང་ཆེན་གྱིས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཡུལ་དངོས་བཀོད་འདོམས་པུའུ་ཡི་སྤྱི་ཁྱབ་བཀོད་འདོམས་པ་དང་། ཞིང་ཆེན་ཁ་གཏད་རོགས་སྐྱོར་གྱི་མཚོ་སྔོན་ཞིང་ཆེན་བྱ་བའི་རུ་ཁག་གི་སྣེ་ཁྲིད་པ། མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་ཏའེ་མིན་ཅེ་ཚོགས་འདུར་ཞུགས་པ་དང་ཤིས་ཚིག་ཀྱང་ཕུལ་བ་དང་།ཁུལ་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་བསོད་ནམས་བདེ་སྐྱིད་དང་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཁྲེ་ཞང་ཞན་ཚོགས་འདུར་ཞུགས།

ཚོགས་འདུ་ལས་ཞིང་ཆེན་ཡོངས་ཀྱི་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་སློབ་གསོའི་མཚོ་སྔོན་རོགས་སྐྱོར་བྱ་བ་སྤེལ་ཚུལ་བརྡ་ཁྱབ་བཏང་བ་དང་། དུས་རིམ་རང་བཞིན་གྱི་གྲུབ་འབྲས་གསལ་བོར་བཟོས་ནས། མིག་སྔའི་དུས་བབ་ཀྱི་བྱ་བར་དབྱེ་ཞིབ་དང་། རྗེས་མའི་གཙོ་གནད་བྱ་བར་སྐུལ་འདེད་གཏོང་བར་ཁ་གསལ་བཟོས་པ། ཧྲན་ཏུང་མཚོ་སྔོན་རོགས་སྐྱོར་བཀོད་འདོམས་པུའུ་དང་། ཡུལ་ཤུལ་ཁུལ་ཨུའི་རྩ་འཛུགས་པུའུ། མཚོ་སྔོན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་སོགས་སྡེ་ཁག8ཀྱིས་སྔ་རྗེས་སུ་བརྗེ་རེས་གཏམ་བཤད་སྤེལ་བ་དང་། རང་སོ་སོའི་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། སློབ་གསོའི་ཚོགས་སྒྲིག་རོགས་སྐྱོར་དང་དགེ་རྒན་གསོ་སྐྱོང་། སློབ་གྲྭ་དང་ས་ཆའི་མཉམ་ལས་སོགས་ཐད་ཀྱི་དཔེ་མཚོན་ཉམས་མྱོང་དང་གསར་གཏོད་བྱ་ཐབས་མཉམ་སྤྱོད་བྱས་ནས་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་མཚོ་སྔོན་རོགས་སྐྱོར་བྱ་བའི་སྤུས་ཚད་དང་རིམ་པ་མཐོ་རུ་གཏོང་ཆེད་དཔྱད་གཞིར་འཛིན་ཆོག་པ་དང་ཁྱབ་གདལ་གཏོང་ཆོག་པའི་ལག་ལེན་གྱི་མ་དཔེ་མཁོ་འདོན་བྱས་པ་རེད།

  ཚོགས་འདུ་ལས་སློབ་གསོའི་མཚོ་སྔོན་རོགས་སྐྱོར་ནི་ཤར་ནུབ་རྒྱུད་ཀྱི་མཐུན་སྦྱོར་དེ་དམངས་ཚིས་ཁྱབ་ཁོངས་ཀྱི་ལག་ལེན་གལ་ཆེན་ཞིག་ཡིན་པ་དང་། མཚོ་སྔོན་གྱི་སློབ་གསོ་དོ་སྙོམས་འཕེལ་རྒྱས་ལ་རོགས་རམ་དང་ས་ཁོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་སྦྱིན་པའི་འགག་རྩའི་བྱ་ཐབས་ཤིག་ཡིན་པས། ས་གནས་ཁག་དང་སྡེ་ཚན་ཁག་གིས་རྒྱབ་སྐྱོར་གྱི་འདུ་ཤེས་བསྒྱུར་བ་དང་རྒྱབ་སྐྱོར་བྱེད་སྟངས་ཇེ་ལེགས་སུ་བཏང་ནས། སློབ་གསོའི་མཚོ་སྔོན་རོགས་སྐྱོར་དེ་སྲོལ་རྒྱུན་གྱི་གཞན་བརྟེན་རོགས་སྐྱོར་ནས་རང་བརྟེན་རོགས་སྐྱོར་དུ་བསྒྱུར་བར་སྐུལ་འདེད་བཏང་སྟེ། གནས་ཐུབ་པ་དང་གཞི་ཚུགས་པ། སྒྲུབ་ཕོད་པ། སྣེ་ཁྲིད་བྱེད་ཐུབ་པ་བཅས་ཀྱི་རང་ས་གནས་ཀྱི་རྐང་འཛིན་དགེ་རྒན་དཔུང་ཁག་ཅིག་སྐྱེད་སྲིང་བྱས་ནས། སྤུས་ལེགས་སློབ་གསོའི་ཐོན་ཁུངས་དེ་མཐོ་སྒང་དུ་གཞི་ཚུགས་པ་དང་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་ཐོབ་པར་བྱས་ཏེ།ཤར་ནུབ་རྒྱུད་ཀྱི་མཐུན་སྦྱོར་སློབ་གསོའི་རོགས་སྐྱོར་ཐད་གྲུབ་འབྲས་ལེགས་པོ་ལེན་དགོས་ཞེས་བསྟན།


热门新闻

热门图库

热门排行