ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཁག་གིས་སློབ་སྦྱོང་རྒྱ་སྐྱེད་ཚོགས་འདུ་བསྡུས།
ཟླ11པའི་ཚེས2ཉིན། ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཁག་གིས་སློབ་སྦྱོང་རྒྱ་སྐྱེད་ཚོགས་འདུ་བསྡུས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་དོན་གྲུབ་ཀྱིས་ཚོགས་འདུར་མགོ་འཛིན་གནང་ཞིང་། ཚོགས་འདུ་ལས་སྐྱེ་ཁམས་ཁོར་ཡུག་པུའུ་ཡི་འབྲེལ་ཡོད་ཆེད་མཁས་པ་གདན་འདྲེན་ཞུས་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་སྐོར་གྱི་ཆེད་དོན་མཛུབ་སྟོན་སྙན་ཞུ་ཕུལ་བ་དང་ཆབས་ཅིག ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་གཏིང་ཟབ་དང་། སྤུས་ཚད་སྔར་བས་མཐོ་བའི་དེང་རབས་ཅན་གྱི་མཛེས་སྡུག་ལྡན་པའི་མཚོ་ལྷོ་གསར་པ་འཛུགས་སྐྲུན་བྱེད་པ་ཞེས་པའི་བརྗོད་བྱ་གཙོ་བོར་གཞིགས་ནས་སྤེལ་རེས་དང་བགྲོ་གླེང་བྱས་ཤིང་། ཝང་ཅི་ཏེ་དང་ཡན་ཧའེ་ཧྥེང་། བསོད་ནམས་སྐྱིད་བཅས་ཀྱིས་སྤེལ་རེས་གཏམ་བཤད་གནང་བ་དང་། ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཁག་གི་ཁོངས་མི་གཞན་དག་གིས་ཡིག་ཐོག་གི་སྤེལ་རེས་གནང་།
ཆེད་དོན་ཟུར་ཁྲིད་ལས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་དང་ཁྲིམས་སྐྱོང་ལག་ལེན་གྱི་ཉམས་མྱོང་ལ་གཞིགས་ནས། སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་གི་ཁྲིམས་འཛུགས་རྒྱབ་ལྗོངས་དང་གཞུང་ལུགས་ཀྱི་གྲུབ་ཚུལ། སྲོག་ཤིང་ལམ་ལུགས་ཀྱི་དོན་ཚན། དེ་མིན་ལག་བསྟར་ཐབས་ལམ་བཅས་ཁྱོན་ཡོངས་ནས་འགྲེལ་བཤད་བྱས་པ་དང་། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་ལ་སློབ་སྦྱོང་ཡག་པོ་དང་བེད་སྤྱོད་ཡག་པོ་བྱས་ཏེ། སྐྱེ་ཁམས་ཁྲིམས་སྐྱོང་གི་མ་མཐའི་ཚད་གཞི་ནན་སྲུང་བྱེད་པར་མཛུབ་སྟོན་གསལ་བོ་མཁོ་འདོན་བྱས་ཡོད་པས། མཛུབ་སྟོན་གྱི་དོན་སྙིང་ཆེན་པོ་ལྡན་ཡོད།
ཚོགས་འདུ་ལས་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པའི་ཁྲིམས་སྐྱོང་གི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ཞིང་། དེས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་གཅིག་གྱུར་སྒོས་སྐུལ་འདེད་གཏོང་བར་མ་ལག་ཆ་ཚང་བ་དང་། ཁྲིམས་སྐྱོང་གི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་ལ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་། ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་དང་ཟུང་འབྲེལ་བྱས་ཏེ། ཆུ་ཚད་མཐོ་བའི་སྲུང་སྐྱོང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པ་ཞེས་པའི་ཁ་ཕྱོགས་གཙོ་བོ་ཁོང་དུ་ཆུད་པ་དང་། ཁྲིམས་གཞུང་དུ་མངོན་པའི་ཁྲིམས་སྐྱོང་འདུ་ཤེས་དང་ལམ་ལུགས་ཀྱི་སྒྲིག་སྲོལ་ལ་གོ་བ་གཏིང་ཟབ་ལེན་པ། ཁྲིམས་གཞུང་གི་ལམ་ལུགས་ཀྱི་དགེ་མཚན་དེ་སྐྱེ་ཁམས་བཅོས་སྐྱོང་དང་། ལས་གཞིའི་འཆར་འགོད། ཐོན་ལས་འཕེལ་རྒྱས་བཅས་ཀྱི་བྱེད་ཐབས་ཞིབ་ཕྲར་བསྒྱུར་དགོས་ཞེས་བསྟན།
ཚོགས་འདུ་ལས་ཁུལ་ཡོངས་ཀྱི་གོང་འོག་བར་གསུམ་གྱིས་ཁྲིམས་གཞུང་གི་སྐྱེ་ཁམས་སྲུང་སྐྱོང་དང་འབག་བཙོག་འགོག་བཅོས། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་བཅས་གནས་གསུམ་གཞི་གཅིག་ལམ་ལུགས་ཀྱི་སྒྲོམ་གཞི་གནད་འཁེལ་སྒོས་དམ་འཛིན་བྱས་ཏེ། རི་ཆུ་སྔོན་མོ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ནས། ཁྲིམས་སྐྱོང་བསམ་བློ་དེ་སྐྱེ་ཁམས་བཅོས་སྐྱོང་དང་ཐོན་ལས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཡོངས་ལ་ཁྱབ་པར་བྱ་དགོས། ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ནས། གདུབ་ཟུམ་འགན་འཁྲིའི་མ་ལག་ཇེ་དམ་དུ་གཏོང་དགོས་ཏེ། རྒྱལ་ཁབ་ཀྱི་གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་སྲུང་སྐྱོང་བྱེད་པ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་སྲུང་གི་རྒྱལ་ཁབ་ཀྱི་དོན་ཆེན་དང་ཆབ་སྲིད་ཀྱི་འགན་འཁྲི་བཅས་ཕྲག་ཏུ་འཁུར་ཏེ།ཁྲིམས་གཞུང་གི་སྤྱི་དོན་དང་ཁུལ་རིམ་པའི་རྒྱལ་ཁབ་ལས་ཁུངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲིའི་རྩིས་ཐོ་གཞིར་བཟུང་ནས།ཏང་སྲིད་འགན་འཁྲི་མཉམ་ཁུར་དང་ལས་རྐང་གཅིག་གི་འགན་འཁྲི་གཉིས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། རང་རྟོགས་ངང་ཁྲིམས་སྐྱོང་བསམ་བློས་སྐྱེ་ཁམས་དོ་དམ་བྱེད་པ་དང་ཁྲིམས་སྐྱོང་བྱེད་ཐབས་ཀྱིས་བཅོས་སྐྱོང་དམ་འཛིན་སྒོས།ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེ་དེང་རབས་ཅན་དུ་བསྐྱོད་པར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས། ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ནས། སྐྱེ་ཁམས་ཀྱི་རིན་ཐང་ནུས་ལྡན་ངང་ལེགས་བསྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས་ཏེ། རྒྱལ་ཁོངས་དོ་དམ་ཚོད་འཛིན་དང་ཐོན་ཁུངས་གསར་སྤེལ་གྱི་ཆོག་མཆན།ནུས་ཁུངས་གྲོན་ཆུང་། སྐོར་བསྐྱོད་འཕེལ་རྒྱས་སོགས་ཁྲིམས་བཀོད་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ་དང་། ཁུལ་ཡོངས་ཀྱི་སྐྱེ་ཁམས་ཀྱི་དགེ་མཚན་དང་ཐོན་ལས་ཀྱི་རྨང་གཞི་ལ་གཞི་བཙུགས་ཏེ། རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཐོན་རྫས་རིན་ཐང་མངོན་འགྱུར་བྱེད་པའི་ལམ་ལུགས་ཀྱི་ཚོད་ལྟའི་འཛུགས་སྐྲུན་ལ་སྐུལ་འདེད་གང་ལེགས་བྱས་ཏེ།སྐྱེ་ཁམས་ཀྱི་འགག་སྒོ་དང་གསར་སྤེལ་གྱི་མཐའ་ཚད་བརྟན་སྲུང་བྱས་ནས། སྐྱེ་ཁམས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས།སྤྱི་ཚོགས་ཀྱི་ཕན་འབྲས་བཅས་གཅིག་གྱུར་ཡོང་བར་བྱ་དགོས། ཁྲིམས་ལྟར་ལས་འགན་སྒྲུབ་པ་རྒྱུན་འཁྱོངས་བྱས་ནས།ལག་བསྟར་ནན་མོ་བྱེད་པའི་ཐད་ནས་སྟོབས་ཤུགས་གཅིག་སྒྲིལ་བྱ་དགོས་ཏེ། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཁྲིམས་བཀུར་ཁྲིམས་སློབ་ཁྲིམས་སྲུང་ཁྲིམས་སྤྱོད་བཅས་བྱས་ནས། གཅིག་གྱུར་བཀོད་འདོམས་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་དང་སྲུང་སྐྱོང་གཅིག་གྱུར་ཡོང་བ་དང་། བདེ་འཇགས་དང་ཕན་འབྲས་མཉམ་དུ་གཅིག་གྱུར་ཡོང་བར་སྐུལ་འདེད་བྱས་ནས། ཁྲིམས་སྐྱོང་བྱེད་ཐབས་ལེགས་པོར་བརྟེན་ནས་མཐོ་སྒང་གི་སྐྱེ་ཁམས་བཅོས་སྐྱོང་གི་གནད་དོན་ཐག་གཅོད་དགོས་པ་དང་། ཁྲིམས་སྐྱོང་འགན་སྲུང་ལ་བརྟེན་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་བཀོད་སྒྲིག་སོ་སོ་ལག་བསྟར་བྱས་ཏེ་གྲུབ་འབྲས་ལེན་དགོས།སྡེ་ཁག་བར་གྱི་མཐུན་སྦྱོར་མཉམ་འགུལ་ལམ་ལུགས་མུ་མཐུད་དུ་འཐུས་ཚང་དུ་བཏང་སྟེ། སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་ལམ་ལུགས་ཀྱི་གཏན་འབེབས་དེ་འཕེལ་རྒྱས་ཀྱི་འཆར་འགོད་དང་ལས་གཞིའི་འཛུགས་སྐྲུན། དུས་རྒྱུན་གྱི་དོ་དམ། གནད་དོན་བཅོས་སྐྱོང་བཅས་ཀྱི་བརྒྱུད་རིམ་ཡོངས་སུ་ཁྱབ་པར་བྱས་ནས། སྐྱེ་ཁམས་ཁོར་ཡུག་དང་འབྲེལ་བའི་མངའ་ཁོངས་ཀྱི་སྲིད་འཛིན་སྤྱོད་ལམ་ཚད་ལྡན་དུ་བཏང་སྟེ། སྐྱེ་ཁམས་བདེ་འཇགས་ཀྱི་འགོག་སྲུང་བརྟན་པོར་གཏོང་དགོས། དཔྱད་ཞིབ་གཅུན་སྡོམ་ལ་ཤུགས་བསྣན་ཏེ།དོན་དངོས་སྒྲུབ་པའི་གྲུབ་འབྲས་ཇེ་ལེགས་སུ་གཏོང་དགོས་ཏེ།ཁྲིམས་གཞུང་ལག་བསྟར་བྱེད་པའི་གྲུབ་འབྲས་དེ་རིམ་པ་སོ་སོའི་ཚན་ཁག་དང་ལས་བྱེད་པའི་ཆབ་སྲིད་ཀྱི་དབྱེ་འབྱེད་ནུས་པ་དང་ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ལ་ཞིབ་བཤེར་བྱེད་པའི་ཚད་ཤིང་གལ་ཆེན་དུ་བཟུང་སྟེ། ལོ་རེའི་དམིགས་འབེན་འགན་འཁྲི་དང་ལས་བྱེད་པའི་བྱས་འབྲས་ཀྱི་དཔྱད་ཞིབ་མ་ལག་ནང་དུ་འཇོག་དགོས། སྐྱེ་ཁམས་ཁོར་ཡུག་གི་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་དང་འགན་འཁྲི་རྩད་གཅོད་ལམ་ལུགས་བེད་སྤྱོད་གང་ལེགས་བྱས་ཏེ། ཏང་ནང་ཁུལ་གྱི་ལྟ་སྐུལ་གཙོར་འཛིན་པ་དང་ཕྱོགས་སོ་སོའི་ལྟ་སྐུལ་འབྲེལ་མཐུད་བྱེད་པར་སྐུལ་འདེད་བྱས་ཏེ། རྒྱུན་རྣམ་ཅན་གྱི་ལྟ་སྐུལ་རྩད་གཅོད་བྱེད་ཐབས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་སྲུང་བརྟན་པོར་གཏོང་དགོས་ཞེས་ནན་གྱིས་བསྟན།
ཁུལ་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཁག་གི་ཁོངས་མི་དང་ཁུལ་ཨུའི་པུའུ་ཨུ་སོ་སོའི་འགན་ཁུར་བློ་མཐུན། ཁུལ་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་སོ་སོ། ཁུལ་སྡོད་ལས་ཁུངས་སོ་སོའི་རྫོང་རིམ་པ་གཞོན་པ་ཡན་ཆད་ཀྱི་མགོ་ཁྲིད་ལས་བྱེད་པ་དང་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡི་ལས་བྱེད་པ་ཡོངས་ཁུལ་གྱི་ཚོགས་ར་གཙོ་བོའི་ནང་ཞུགས་ཡོད་པ་དང་རྫོང་སོ་སོ་རུ་ཡན་ལག་ཚོགས་ར་བཀོད་སྒྲིག་བྱས་ཡོད།།