སྒྲོན་བརྙན། 详情

ཞི་ཅིན་ཕིང་གིས་ཨ་མན་གྱི་སུའུ་ཏེན་ཧའེ་སའེ་མུའུ་དང་གྲོས་མོལ་མཛད་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས2ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཨ་མན་གྱི་སུའུ་ཏེན་ཧའེ་སའེ་མུའུ་དང་གྲོས་མོལ་མཛད།

ཟླ11པའི་ཚེས2ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཨ་མན་གྱི་སུའུ་ཏེན་ཧའེ་སའེ་མུའུ་དང་གྲོས་མོལ་མཛད།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨ་མན་གྱི་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། གསོག་འཇོག་གཏིང་ཟབ་ཅིང་རྨང་གཞི་བརྟན་ལ། མདུན་ལམ་རྒྱ་ཆེན་པོ་ཡོད། ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཡིད་ཆེས་ཀྱི་ཐོག་ནས་ཕན་ཚུན་འབྲེལ་བ་དང་། ཕན་ཚུན་ལ་ལྷག་བསམ་རྣམ་དག་གི་སྤྱོད་ཚུལ་འཛིན་པ། གུས་ལུགས་ཀྱི་ཐོག་ནས་ཕན་ཚུན་བརྩི་བཀུར་བྱེད་པ། དྲང་བདེན་གྱི་ཐོག་ནས་ཕན་ཚུན་མཉམ་སྐྱོད་བྱེད་པ་བཅས་ཀྱིས་ལོ་ངོ་སྟོང་རིང་གི་ཀྲུང་ཨའི་འགྱུར་མེད་བརྩེ་བ་རྒྱུན་བསྲིངས་བྱས་ཡོད། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཉིན་བཞིན་སྲ་བརྟན་དུ་ཕྱིན་པ་དང་། གཉིས་ཕན་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས། སྲོལ་རྒྱུན་གྱི་མཛའ་མཐུན་མི་སེམས་སུ་ཟུག་ཡོད། ཀྲུང་གོ་དང་ཨ་མན་གྱི་འབྲེལ་བ་རྒྱ་ཆེར་གཏོང་བ་དང་གཏིང་ཟབ་ཏུ་གཏོང་རྒྱུ་ནི་ཕྱོགས་གཉིས་ཀྱི་ཐུན་མོང་གི་འཐབ་ཇུས་ཀྱི་གདམ་ག་ཞིག་ཡིན་པ་དང་། དུས་རབས་ཀྱི་རླབས་རྒྱུན་དང་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་མཐུན་ལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རེ་བ་དང་མཐུན། ཀྲུང་གོ་ཕྱོགས་ཀྱིས་ཨ་མན་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཨ་མན་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་དེ་བས་ལེགས་པོ་བསྐྲུན་ཏེ། ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས། དར་རྒྱས་བཅས་ཀྱི་བྱས་རྗེས་འཇོག་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ཐེངས་ཀྱི་འཚམས་འདྲི་ནི་ཀྲུང་གོ་དང་ཨ་མན་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ48སོང་རིང་། ཨ་མན་རྒྱལ་ཁབ་ཀྱི་གཙོ་བདག་ཀྲུང་གོར་འཚམས་འདྲི་བྱེད་ཐེངས་དང་པོ་ཡིན་པས། ད་ཐེངས་ཀྱི་གྲོས་མོལ་དེ་ཀྲུང་གོ་དང་ཨ་མན་དབར་གྱི་འབྲེལ་བའི་ལོ་རྒྱུས་ཐོག་གི་ཤོག་ལྷེ་གལ་ཆེན་ཞིག་ཏུ་གྱུར་ནས་ཕྱོགས་གཉིས་ཀྱི་འབྲེལ་བར་སྟོབས་ཆེའི་སྒུལ་ཤུགས་བསྣོན་ཐུབ། ཀྲུང་གོ་དང་ཨ་མན་གྱིས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་སྐྱོང་སྲིད་གཉེར་གྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ། ཀྲུང་གོ་དང་ཨ་མན་གྱི་འབྲེལ་བའི་འཐབ་ཇུས་ཀྱི་རྨང་གཞི་སྔར་བས་གསལ་པོར་བཟོ་དགོས། ཀྲུང་གོས་ཨ་མན་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་རང་བཙན་དང་བདག་དབང་། བདེ་འཇགས། བརྟན་ལྷིང་བཅས་སྲུང་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། རང་བདག་ངང་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་བགྲོད་ལམ་འཚོལ་ཞིབ་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ། ཨ་མན་ཕྱོགས་དང་མཉམ་དུ་མཐའ་གཅིག་ཏུ་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་པ་རྒྱུན་འཁྱོངས་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་དངོས་སྒྲུབ་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་མཉམ་རྒྱལ་གྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་མཐའ་འཁྱོངས་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བ་དེས་ཨ་མན་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་ལ་གོ་སྐབས་དེ་བས་མང་པོ་བསྐྲུན་ཐུབ། ཀྲུང་གོ་ཕྱོགས་ཀྱིས་ཨ་མན་ཕྱོགས་དང་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་གཏིང་ཟབ་ཏུ་བཏང་ནས། བརྟན་ལྷིང་དང་བློས་འགེལ་ཆོག་པའི་ནུས་རྒྱུའི་མཉམ་ལས་རོགས་ཟླ་དང་། མི་མངོན་པའི་སྟོབས་ཤུགས་ལྡན་པའི་མ་འཇོག་མཉམ་ལས་རོགས་ཟླ། མཐུན་སྦྱོར་གསར་གཏོད་ཀྱི་ལག་རྩལ་མཐོ་བའི་མཉམ་ལས་རོགས་ཟླ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ནུས་རྒྱུའི་མཉམ་ལས་སྔར་བས་ལངས་གཟུགས་དང་ཁྱོན་ཡོངས་ལ་སྐུལ་འདེད་གཏོང་བ་དང་། ཐོན་ལས་དང་མ་འཇོག མི་ཐབས་རིག་ནུས། ཚན་རྩལ་དང་མི་ཆོས་སྤེལ་རེས་བཅས་ལ་ཤུགས་སྣོན་བརྒྱབ་སྟེ། སོ་སོའི་འཕེལ་རྒྱས་དར་རྒྱས་དང་དེང་རབས་ཅན་མངོན་འགྱུར་གྱི་བགྲོད་ལམ་སྟེང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པར་སཀྭལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱིས་སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་འཁྱོངས་དང་། དམངས་སེམས་འབྲེལ་མཐུད་ཀྱི་འབྲེལ་ཐག་ཇེ་དམ་དུ་གཏོང་བ། སློབ་གསོ་དང་ཡུལ་སྐོར། འཕྲོད་བསྟེན། གསར་འགྱུར། ལུས་རྩལ་སོགས་ཀྱི་མཉམ་ལས་དམ་ཟབ་བཅས་བྱས་ཏེ། ཀྲུང་ཨ་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར་འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་ངང་བྱུང་བ་དང་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་རྒྱུན་ཆད་མེད་པར་ཐོན་གྱིན་ཡོད། དབུས་ཤར་མཚོ་ཁུག་ས་ཁུལ་དེ་རྒྱལ་ཁབ་ཆེན་པོའི་འགྲན་རྩོད་དང་ས་བབ་ཐད་ཀྱི་གདོང་གཏུག་གི་འགྲན་རྩོད་བྱ་ཡུལ་དུ་འགྱུར་མི་རུང་། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་ཕྱོགས་སོ་སོས་ཐུན་མོང་ཐོག་གཅེས་སྐྱོང་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་དམག་འཁྲུག་མཚམས་འཇོག་པ་དང་ཞི་བདེར་སྐུལ་འདེད་གཏོང་རྒྱུར་གཞོལ་ནས། ས་ཁུལ་གྱི་བདེ་འཇགས་དཀའ་ངལ་སེལ་ཆེད་བློ་གྲོས་དང་ཇུས་གཞི་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་བྱེད་ཀྱིན་ཡོད། ང་ཚོས་ཆབ་སྲིད་དང་ཕྱི་འབྲེལ་གྱི་ཐབས་ལམ་བརྒྱུད་དེ་རྩོད་གཞི་སེལ་རྒྱུ་མུ་མཐུད་དུ་དར་སྤེལ་གཏོང་བ་དང་། ས་ཁུལ་རྒྱལ་ཁབ་ཀྱིས་ཁྱིམ་མཚེས་རྒྱལ་ཁབ་དང་འཕེལ་རྒྱས། བདེ་འཇགས། མཉམ་ལས་བཅས་ཀྱི་ཐུན་མོང་གི་ཁྱིམ་གཞིས་བསྐྲུན་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་མན་ཚུད་པའི་ཨ་རབ་རྒྱལ་ཁབ་དང་མཚོ་ཁུག་ཨ་རབ་མཉམ་ལས་ལྷན་ཚོགས་ཀྱི་རྒྱལ་ཁབ་དང་འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས། ཐུན་མོང་ཐོག་ས་ཁུལ་གྱི་ཞི་བདེ་གཏན་འཇགས་སྔ་མོ་ནས་སླར་གསོ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་འབད་བརྩོན་བྱེད་འདོད་ཡོད།

ཟླ11པའི་ཚེས2ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཨ་མན་གྱི་སུའུ་ཏེན་ཧའེ་སའེ་མུའུ་དང་གྲོས་མོལ་མཛད།

ཧའེ་སའེ་མུའུ་ཡིས་བསྟན་དོན། རླབས་ཆེའི་མཛའ་བརྩེ་ལྡན་པའི་ཀྲུང་གོར་འཚམས་འདྲིར་ཕེབས་པར་དགའ་སྤྲོ་སྐྱེས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག ཀྲུང་གོ་ནི་འཛམ་གླིང་གི་ཆབ་སྲིད་དཔལ་འབྱོར་གྱི་རྒྱལ་ཁབ་ཆེན་མོར་གྱུར་ནས། འཛམ་གླིང་གི་དར་རྒྱས་གཏན་འཇགས་ལ་བྱས་རྗེས་གལ་ཆེན་བཞག་ཡོད། ཨ་ཀྲུང་ལ་སྲོལ་རྒྱུན་གྱི་མཛའ་བརྩེ་ལྡན་པ་དང་། ཡུན་རིང་བོར་ཕན་ཚུན་བརྩི་བཀུར་དང་ཕན་ཚུན་ཡིད་ཆེས་བྱེད་ཀྱིན་ཡོད། ཨ་མན་གྱིས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་གཅིག་ཏུ་བརྩི་སྲུང་ཞུས་ནས། ཀྲུང་གོས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཐེབས་འདིའི་འཚམས་འདྲི་གོ་སྐབས་སུ་བྱས་ཏེ། སྔར་ལས་མང་བའི་མཉམ་ལས་ཀྱི་གོ་སྐབས་སྔོག་འདོན་དང་མ་འོངས་པར་ཁ་ཕྱོགས་པའི་རོགས་ཟླའི་འབྲེལ་བ་འཛུགས་སྐྲུན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་སྔར་ལས་ཆེ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ནི་ཨ་མན་གྱི་ལོ་མང་པོའི་ཉོ་ཚོང་གི་རོགས་ཟླ་ཆེན་མོ་ཡིན་པ་དང་། ཀྲུང་གོའི་ཁེ་ལས་ཀྱིས་ཨ་མན་ལ་མ་དངུལ་གཏོང་ཚད་མུ་མཐུད་དུ་ཇེ་ཆེར་ཕྱིན་ནས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་འབྲེལ་བ་སྔར་ལས་ཕྱོགས་ཡོངས་དང་སྣ་མང་དུ་གྱུར་ཡོད། ཨ་མན་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་བྱས་ཏེ། ཉོ་ཚོང་དང་དངུལ་གཏོང་། བཟོ་ལས། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན། མིས་བཟོས་རིག་ནུས། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣོན་འདོད་ཡོད། མི་ཆོས་བརྗེ་རེས་ལ་སྐུལ་སྤེལ་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཤེས་རྟོགས་དང་མཛའ་བརྩེ་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོས་འཛམ་གླིང་གི་ཞི་བདེ་གཏན་འཇགས་ཐད་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་སྣེ་ཁྲིད་ཀྱི་བྱེད་ནུས་འདོན་སྤེལ་བྱས་ཡོད། ཨ་མན་ཕྱོགས་ཀྱིས་ཀྲུང་གོས་དབུས་ཤར་གནད་དོན་ཐད་དྲང་བདེན་གྱི་ལངས་ཕྱོགས་བཟུང་བར་བསྟོད་བསྔགས་བྱེད་པ་དང་། ཀྲུང་གོ་དང་མཉམ་དུ་མཐུན་སྦྱོར་དམ་ཟབ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་ལ་སྲུང་སྐྱོང་བྱས་ཏེ། ཞི་བདེའི་རྣམ་པས་འགལ་བ་ཐག་གཅོད་བྱེད་པ་རྒྱུན་འཁྱོངས་དང་། ཐུན་མོང་ཐོག་ས་ཁུལ་དང་འཛམ་གླིང་གི་བདེ་འཇགས་བརྟན་ལྷིང་ལ་སྐུལ་འདེད་གཏོང་འདོད་ཡོད།

གྲོས་མོལ་རྗེས་སུ། རྒྱལ་ཁབ་གཉིས་ཀྱིས་གཙོ་བདག་གིས་མཉམ་དུ་ཐོན་སྐྱེད་མཁོ་སྤྲོད་སྦྲེལ་ཐག་དང་ལྗང་མདོག་འཕེལ་རྒྱས། གྲངས་འཛིན་དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་འགོད་པར་བདེན་དཔང་གནང་།

ཟླ11པའི་ཚེས2ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཨ་མན་གྱི་སུའུ་ཏེན་ཧའེ་སའེ་མུའུ་དང་གྲོས་མོལ་མཛད། གྲོས་མོལ་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་མཉམ་དུ་ཐོན་སྐྱེད་མཁོ་སྤྲོད་སྦྲེལ་ཐག་དང་ལྗང་མདོག་འཕེལ་རྒྱས། གྲངས་འཛིན་དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་འགོད་པར་བདེན་དཔང་གནང་།

འཚམས་འདྲིའི་སྐབས་སུ། ཕྱོགས་གཉིས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨ་མན་སུའུ་ཏེན་རྒྱལ་ཁབ་ཀྱི་ཀྲུང་ཨ་འཐབ་ཇུས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》ཁྱབ་བསྒྲགས་བྱས།

གྲོས་མོལ་སྔོན་དུ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་ཧའེ་སའེ་མུའུ་ལ་དགའ་བསུའི་མཛད་སྒོ་སྤེལ།

ཟླ11པའི་ཚེས2ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཨ་མན་གྱི་སུའུ་ཏེན་ཧའེ་སའེ་མུའུ་དང་གྲོས་མོལ་མཛད། འདི་ནི་གྲོས་མོལ་སྔོན་དུ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་ཧའེ་སའེ་མུའུ་ལ་དགའ་བསུའི་མཛད་སྒོ་སྤེལ་བའི་ཚུལ་རེད།

ཧའེ་སའེ་མུའུ་འབྱོར་སྐབས། གུས་དམག་གྲལ་བསྒྲིགས་ནས་གུས་འདུད་ཞུས། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གཟིགས་ཞིབ་སྟེགས་བུའི་སྟེང་ཕེབས་པ་དང་། དམག་མིའི་རོལ་དབྱངས་རུ་ཁག་གིས་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་ལ། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གུས་སྒྱོགས་ཐེངས21འཕངས། ཧའེ་སའེ་མུའུ་ཡིས་ཞི་ཅིན་ཕིང་གིས་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་མ་ཟད་དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལ་གཟིགས།

ཟླ11པའི་ཚེས2ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཨ་མན་གྱི་སུའུ་ཏེན་ཧའེ་སའེ་མུའུ་དང་གྲོས་མོལ་མཛད། འདི་ནི་གྲོས་མོལ་སྔོན་དུ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་ཧའེ་སའེ་མུའུ་ལ་དགའ་བསུའི་མཛད་སྒོ་སྤེལ་བའི་ཚུལ་རེད།

ཉིན་དེའི་སྔ་དྲོར། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཆེན་དུ་ཧའེ་སའེ་མུའུ་ལ་དགའ་བསུའི་གསོལ་སྟོན་བཤམས།

ཝང་དབྱི་གོང་གསལ་གྱི་བྱ་འགུལ་ལ་ཞུགས། །

热门新闻

热门图库

热门排行