གནད་བསྡུས། 详情

མཚོ་སྔོན་གྱིས་དབང་པོ་སྐྱོན་ཅན31694ལ་ཁམས་གསོའི་ཞབས་ཞུ་མཁོ་འདོན་བྱས་པ།

   ད་ལོའི་ཟླ1པོ་ནས་ཟླ10པའི་བར། མཚོ་སྔོན་ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལོ་ཧྲིལ་པོའི་གཙོ་གནད་བྱ་བར་སྐྱོན་བྲལ་ངང་སྐུལ་འདེད་བཏང་བས་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ཞིང་ཆེན་སྲིད་གཞུང་གི་དམངས་ཚིས་དངོས་དོན་ཁྲོད་དབང་པོ་སྐྱོན་ཅན་དང་འབྲེལ་བ་དམ་ཟབ་ཡོད་པའི་ཁམས་གསོ་དང་གསོ་སྐྱོང་ལྟ་རྟོག ཁྱིམ་ཚང་གི་འགོག་རྐྱེན་མེད་པའི་བསྒྱུར་བཀོད་ལས་གཞི་བཅས་སྐྱོན་བྲལ་ངང་སྐུལ་འདེད་བཏང་སྟེ། ལས་གཞིའི་མ་དངུལ་སྒོར་ཁྲི6137.2དོན་འཁྱོལ་བྱས་པ་དང་། རིམ་རྩིས་བྱས་ན་དབང་པོ་སྐྱོན་ཅན31694ལ་གནད་ལ་འཁེལ་བའི་ཁམས་གསོའི་ཞབས་ཞུ་མཁོ་འདོན་བྱས་ཏེ། ལོ་ཧྲིལ་པོའི་དམིགས་ཚད་ཀྱི158.5%ལེགས་གྲུབ་བྱུང་ཡོད།

ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཀྲུང་དབྱང་གི་ཁ་གསབ་མ་དངུལ་སྒོར་ཁྲི4274བརྩོན་ལེན་བྱས་ཏེ། དབང་པོ་སྐྱོན་ཅན་གྱི་ཁམས་གསོ་དང་ལས་ཞུགས། ཁྱིམ་ཚང་གི་འགོག་རྐྱེན་མེད་པའི་བཟོ་བཅོས་སོགས་དམངས་ཚིས་ལས་གཞིར་གཙོ་བོར་མ་དངུལ་བཏང་བ་དང་།ད་ལྟ་དབང་པོ་སྐྱོན་ཅན་གྱི་བྱིས་པ2030ལ་ཁམས་གསོའི་རོགས་སྐྱོར་མཁོ་འདོན་བྱས་པ་དང་། ལོ་ན་མཐོ་དམན་མེད་པའི་དབང་པོ་སྐྱོན་ཅན336ལ་ཉན་ནུས་ལག་རྩལ་ཞབས་ཞུ་སྤེལ་བ་དང་། རྐང་ལག་བཟོས་མའི་བཅོས་སྒྲིག་འཕྲུལ་ཆས་ཀྱི་ཞབས་ཞུ་ཐེངས166ལེགས་གྲུབ་བྱུང་བ། རོང་འབྲོག་ཁུལ་གྱི་དབང་པོ་སྐྱོན་ཅན་ལ་དངོས་སྤྱོད་ལག་རྩལ་གསོ་སྦྱོང་ཐེངས2185ལ་རྒྱབ་སྐྱོར་བྱས་ནས་ལེགས་གྲུབ་བྱུང་བ་དང་། དབང་པོ་སྐྱོན་ཅན1385ལ་ལས་རིགས་སྣ་ཚོགས་ཀྱི་ལས་ཞུགས་ཞབས་ཞུ་མཁོ་འདོན་བྱས་ལ། དབང་པོ་སྐྱོན་ཅན279ལ་ལས་རིགས་རྩལ་ནུས་གསོ་སྦྱོང་བྱས་པ་དང་། དབང་པོ་སྐྱོན་ཅན1913ཡིས་གྲོང་ཁྱེར་དང་གྲོང་གསེབ་ཏུ་ལས་ཞུགས་ཐུབ་པར་བྱས་ལ། ཆ་རྐྱེན་དང་མཐུན་པའི་དབང་པོ་སྐྱོན་ཅན760ལ་འཕྲུལ་སྒུལ་རྐུབ་སྟེགས་འཁོར་ལོའི་སྣུམ་རིགས་ཁ་གསབ་རོགས་དངུལ་སྤྲད་པ་དང་། སྐབས་བཅུ་གཉིས་པའི་རབ་མཛེས་མཚོ་སྔོན་དབང་བོ་སྐྱོན་ཅན་གྱི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་སོགས་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་རིག་གནས་བྱེད་སྒོ་བདེ་བླག་ངང་སྤེལ་བ་རེད།

དབང་པོ་སྐྱོན་ཅན་གྱི་རིམ་པ་གཏན་འབེབས་ཡང་དག་མིན་པའི་གནད་དོན་ཡོ་བསྲང་བྱེད་པར་སྐུལ་འདེད་དང་། དཔང་ཡིག་ཡོད་པའི་དབང་པོ་སྐྱོན་ཅན174804ལ་ཞིབ་དཔྱད་དང་།རིགས་མི་གཅིག་པའི་གནད་དོན13009ལ་ཞིབ་བཤེར་ལེགས་སྒྲིག་བྱས་པ་དང་། གནད་དོན12659ལ་དག་ཐེར་བྱས་པ་དང་དག་ཐེར་བྱས་ཚད97.3%ལ་བསླེབས། དབང་པོ་སྐྱོན་ཅན་གྱི་ཁ་གསབ་རོགས་དངུལ་རིགས་གཉིས་གནད་ལ་འཁེལ་བའི་སྒོ་ནས་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ། དབང་པོ་སྐྱོན་ཅན་ཁྲི10.3ལ་ཁ་གསབ་རོགས་དངུལ་རིགས་དེ་གཉིས་ལོངས་སུ་སྤྱད་དུ་བཅུག་ཡོད།


热门新闻

热门图库

热门排行