གནས་ཚུལ། 详情

གསར་རྩོམ་རོལ་དབྱངས་ཟློས་གར་གསོ་རིག་གི་འབྲེལ་ལམ་རིང་མོ་ཞེས་པ་གུང་ཧོ་རུ་འཁྲབ་སྟོན་བྱས།

ཟླ10པའི་ཚེས29ཉིན། ཅང་སུའུ་ཡིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་འཁོར16ལོན་པར་ལེགས་སྐྱེས་སུ་འབུལ་བའི་གསར་རྩོམ་རོལ་དབྱངས་ཟློས་གར་གསོ་རིག་གི་འབྲེལ་ལམ་རིང་མོཔ་ཞེས་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་གནས་སྨྱན་སྦྱོར་ལྟེ་གནས་ཀྱི་འཁྲབ་སྟོན་ཚོམས་ཆེན་དུ་འཁྲབ་སྟོན་བྱས། ཞིང་ཆེན་ཡོངས་ཀྱི་སློབ་གསོའི་འཇོན་མིའི་ཚོགས་སྒྲིག་རྣམ་པའི་མཚོ་སྔོན་གྱི་རོགས་སྐྱོར་བྱ་བར་ལྟ་སྦྱོང་དང་སློབ་གསོའི་རོགས་སྐྱོར་ཚོགས་འདུའི་ཆེད་དོན་རིག་གནས་བྱ་འགུལ་ཞིག་ཡིན་པའི་ཆ་ནས། རོལ་དབྱངས་ཟློས་གར་གྱིས་སྒྱུ་རྩལ་གྱི་ལམ་ནས་ཅང་སུའུ་དང་མཚོ་སྔོན་གཉིས་ཀྱི་ས་གནས་བརྒལ་བའི་རོགས་སྐྱོར་གྱི་བརྩེ་བ་ཟབ་མོ་དང་ཀྲུང་བོད་ལུགས་གསོ་རིག་སྨན་རྫས་མཉམ་འདྲེས་ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་བརྗོད་དེ། ཡུལ་དངོས་ཀྱི་ཚོགས་ཞུགས་འཐུས་མི་དང་ལས་རིགས་སོ་སོའི་ལྟད་མོ་བ260ལྷག་ལ་རིག་གནས་ཀྱི་གསོལ་སྟོན་རྒྱ་ཆེན་པོ་ཞིག་བཤམས།

རོལ་དབྱངས་ཟློས་གར་འདི་ནི་ཅང་སུའུ་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། ཅང་སུའུ་ཞིང་ཆེན་གྱི་མཚོ་ལྷོ་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཡུལ་དངོས་བཀོད་འདོམས་པུའུ་བཅས་ཀྱིས་མཛུབ་སྟོན་བྱས་ཤིང་། ཅང་སུའུ་འཕྲོད་བསྟེན་བདེ་ཐང་ལས་རིགས་ལག་རྩལ་སློབ་གླིང་དང་མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་ཀྱིས་མཉམ་འབྲེལ་སྒོས་ཕབ་སྐྲུན་བྱས་པ་རེད། ས་གནས་གཉིས་ཀྱི་སློབ་མ་རྣམས་ཀྱིས་འབྲི་ཆུའི་ལྷོ་རྒྱུད་ཀྱི་ཁྱད་ལྡན་ཀྲུང་ལུགས་གསོ་རིག་དང་གངས་ལྗོངས་བོད་ལུགས་གསོ་རིག་མཉམ་འདྲེས་ཀྱི་རྣམ་པ་མཐོ་སྒང་གི་གར་སྟེགས་བརྒྱུད་དེ་མངོན་པར་བྱས།

ཟློས་གར་གྱི་གོ་རིམ་ཡོངས་སུ་བོད་རིགས་བུད་མེད་སྒྲོལ་མས་ཕུགས་བསམ་འཚོལ་སྙེག་གི་ལམ་བུ་བརྗོད་དོན་དུ་བཟུང་སྟེ། སྒྲོལ་མ་ཅང་སུའུ་རུ་ཀྲུང་ལུགས་གསོ་རིག་སློབ་སྦྱོང་དུ་སོང་ནས། ཀྲུང་ལུགས་གསོ་རིག་སྦྱོང་མཁན་གྱི་སློབ་མ་ཀྲའོ་ཁང་ཁྲུན་དང་མཉམ་དུ་ཐོག་མར་ལྟ་བ་མི་མཐུན་པ་ནས་མཇུག་མཐར་མཉམ་འབྲེལ་བྱས་ཏེ། ཀྲུང་བོད་ལུགས་གསོ་རིག་སྨན་རྫས་ཀྱི་དགེ་མཚན་མཉམ་འདྲེས་བྱས་པར་མ་ཟད་གསེར་གྱི་རྟགས་མའི་བྱ་དགའ་བླངས་ཤིང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་མི་རབས་གཉིས་ཀྱི་སྨན་པའི་རྒྱུན་འཛིན་གྱི་གཏམ་རྒྱུད་གར་སྟེགས་ལས་མངོན་ཏེ་རི་ཆུ་སྟོང་ཕྲག་བརྒལ་བའི་མཛའ་འབྲེལ་ལ་དགའ་བསུ་ཆེན་པོ་ཐོབ།

ཅང་སུའུ་འཕྲོད་བསྟེན་དང་བདེ་ཐང་ལས་རིགས་སློབ་གླིང་གི་སློབ་མའམ་སྒྲོལ་མའི་འཁྲབ་སྟོན་པ་ཝང་དབྱི་ཞོན་གྱིས་བཤད་རྒྱུར། མཚོ་སྔོན་གྱི་བོད་རིགས་སློབ་མ་དང་མཉམ་དུ་འཁྲབ་སྟོན་བྱེད་ཐུབ་པ་འདི་ནི། ང་ལ་མཚོན་ན་དམིགས་བསལ་གྱི་རིན་ཐང་ལྡན་པའི་ཉམས་མྱོང་ཞིག་ཡིན། ང་ཚོ་ས་ཆ་མི་འདྲ་བ་ནས་ཡོང་ནའང་། གར་སྟེགས་གཅིག་གི་སྟེང་དུ་ང་ཚོས་སྒྱུ་རྩལ་ལ་བརྟེན་ནས།་ཕན་ཚུན་འབྲེལ་འདྲིས་བྱེད་ཐུབ་པ་བྱུང་། ཁོ་ཚོའི་ལྷད་མེད་དང་སྤྲོ་སེམས་རབ་ཏུ་འཁོལ་བའི་ཤུགས་རྐྱེན་གྱིས་གསོ་རིག་སྨན་བཅོས་ཀྱི་འབྲེལ་ལམ་གྱི་གཏམ་རྒྱུད་འདིར་མཐོ་སྒང་གི་ས་གཞིའི་སྟེང་སྔར་ལས་གསོན་ཉམས་ལྡན་པའི་སྟོབས་ཤུགས་ཤིག་བསྩལ་བྱུང་ཟེར།

རོལ་དབྱངས་ཟློས་གར་འདི་ནི། ལོ་ངོ་བཅུ་དྲུག་གི་རིང་ལ་ཅང་སུའུ་ཡིས་སློབ་གསོའི་ཐད་ནས་མཚོ་སྔོན་ལ་རོགས་སྐྱོར་བྱས་ཤིང་། རིག་གནས་ཕན་ཚུན་མཉམ་འདྲེས་བྱུང་བའི་དཔེ་མཚོན་ཞིག་ཡིན། ཅང་སུའུ་ཡིས་སློབ་གསོ་དང་སྨན་བཅོས་ཀྱི་ཐོན་ཁུངས་མུ་མཐུད་དུ་མཁོ་སྤྲོད་བྱས་ཏེ། ཚོགས་སྒྲིག་རྣམ་པས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པ་དང་། ཐོན་ལས་དང་སློབ་གསོ་ཟུང་འབྲེལ་བྱེད་པ། རྩོམ་རིག་སྒྱུ་རྩལ་མཉམ་དུ་གསར་གཏོད་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། ས་གནས་གཉིས་བར་བསམ་བློ་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་བཏང་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དེ་མཐོ་སྒང་དུ་རྩ་བ་ཚུགས་པར་བྱས་ཡོད།

མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མ་མཁར་བྱམས་ནོར་བུས་བཤད་རྒྱུར། སྒྲོལ་མས་བོད་སྨན་གྱི་ཕུགས་བསམ་ཡིད་ལ་བཅངས་ནས་ཅང་སུའུ་རུ་སློབ་གཉེར་བྱེད་དུ་སོང་བ་དང་། ཐོག་མར་ལྟ་བ་མི་མཐུན་པ་ནས་མཇུག་མཐར་ཀྲུང་བོད་ལུགས་སྨན་རྫས་ཕན་ཚུན་ཟུང་འབྲེལ་ཐུབ་པའི་བར། ཟློས་གར་འདིས་ང་ཚོའི་མཚོ་སྔོན་དང་ཅང་སུའུ་བར་གྱི་མཛའ་འབྲེལ་གསལ་པོར་བརྗོད་ཡོད་ཟེར།

སྐོར་ཁག་དྲུག་པའི་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བ་མུ་མཐུད་དུ་སྤེལ་བ་དང་བསྟུན་ནས། སྨན་པའི་བྱམས་བརྩེའི་ཡིས་བསྐྱངས་བའི་སྨན་བཅོས་ཀྱི་འབྲེལ་ལམ་འདི་མུ་མཐུད་དུ་རྒྱུན་སྲིང་བཞིན་ཡོད་ལ། ཅང་སུའུ་དང་མཚོ་སྔོན་བར་གྱི་རི་ཆུ་སྟོང་ཕྲག་བརྒལ་བའི་མཛའ་བརྩེ་དེ་ཡང་སློབ་གསོ་དང་རིག་གནས། འཕེལ་རྒྱས་བཅས་ཀྱི་མཉམ་ལས་ཁྲོད་མུ་མཐུད་དུ་གཏིང་ཇེ་ཟབ་ཏུ་འགྲོ་བཞིན་ཡོད།


热门新闻

热门图库

热门排行