གནད་བསྡུས། 详情

མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་གསོ་རིག་སྨན་རྫས་དར་སྤེལ་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅོ་ལྔ་པ་ཁྱབ་བསྒྲགས་བྱས་པ།

 ཟླ10 པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་གསོ་རིག་སྨན་རྫས་དར་སྤེལ་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅོ་ལྔ་པ(གཤམ་ནས《འཆར་འགོད》ཅེས་བསྡུ་རྒྱུ)དཔར་འགྲེམ་བྱས་ཏེ། 2026ལོ་ནས2030ལོའི་བར་གྱི་ཞིང་ཆེན་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་སྨན་རྫས(བོད་ལུགས་གསོ་རིག་དང་སོག་ལུགས་གསོ་རིག་ཀྱང་འདུས)དར་སྤེལ་འཕེལ་རྒྱས་ཀྱི་ལས་དོན་ཁག་རྒྱུད་ཁོངས་ལྡན་པར་བཀོད་སྒྲིག་བྱས། 《འཆར་འགོད》ནི་རྒྱལ་ཁབ་ཀྱི་ཀྲུང་ལུགས་གསོ་རིག་དར་སྤེལ་འཕེལ་རྒྱས་ཀྱི་སྤྱིའི་བཀོད་སྒྲིག་ལ་ཕྱོགས་ཡོངས་ནས་དཔྱད་བསྡུར་བྱས་པ་དང་། བདེ་ཐང་མཚོ་སྔོན་འཛུགས་སྐྲུན་གྱི་སྤྱིའི་བཀོད་སྒྲིག་ལ་དམ་པོར་སྦྲེལ་བ། མཚོ་སྔོན་མཐོ་སྒང་གི་དངོས་ཡོད་ལ་རྐང་བཙུགས་ཤིང་། མཐོ་སྒང་གི་རིམས་ནད་འགོག་བཅོས་ལ་དམིགས་ཏེ། མཐོ་སྒང་མི་དམངས་ཀྱི་འཚོ་བའི་ཟུར་ཡོངས་ལ་འཚམ་པའི་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་བདེ་ཐང་ཞབས་ཞུ་མ་ལག་བཙུགས་ཡོད།

《འཆར་འགོད》ལས། 2030ལོའི་བར་དུ། ཞིང་ཆེན་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ཞབས་ཞུ་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ཞབས་ཞུ་མུ་མཐུད་དུ་ཇེ་ལེགས་སུ་གཏོང་བ། ཀྲུང་ནུབ་གསོ་རིག་མཐུན་སྦྱོར་འཕེལ་རྒྱས་ཆུ་ཚད་མཐོར་འདེགས་བརྟན་པོར་གཏོང་བ། མཐོ་སྒང་གི་ཀྲུང་ལུགས་གསོ་རིག་སྨན་རྫས་རྒྱུན་འཛིན་གསར་གཏོད་ནུས་པ་ཇེ་དྲག་ཏུ་གཏོང་བ། འཇོན་མིའི་དཔུང་ཁག་གི་གྲུབ་ཚུལ་ཟམ་མ་ཆད་པར་ལེགས་སྒྱུར་བྱེད་པ། ཁྱད་ལྡན་ཐོན་ལས་སྤུས་འདེགས་ཕན་སྐྱེད་བྱེད་པ། རིག་གནས་སྒྲོག་སྤེལ་དང་ཕྱི་ཕྱོགས་སྒོ་འབྱེད། ལས་རིགས་བཅོས་སྐྱོང་བཅས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་སུ་བཏང་སྟེ། མཐོ་སྒང་ལ་འཚམ་པ་དང་དམངས་ཡོངས་ལ་ཞབས་ཞུ་བསྒྲུབ་པ། ཁྱད་ཆོས་འབུར་དུ་ཐོན་པའི་ཀྲུང་ལུགས་གསོ་རིག་སྨན་རྫས་འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་གཞི་རྩའི་ཆ་ནས་ཆགས་པར་བྱས་ཡོད།

《འཆར་འགོད》ལས། ཞབས་ཞུ་མ་ལག་འཛུགས་སྐྲུན་དང་ཆེད་ལས་ཚན་ཁག་གི་ནུས་པ་མཐོར་འདེགས་པ། འཇོན་མི་གསོ་སྐྱོང་། མཐོ་སྒང་གི་ཀྲུང་ལུགས་གསོ་རིག་སྨན་རྫས་ཚན་ཞིབ་འགག་སྒྲོལ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས། རིག་གནས་སྒྲོག་སྤེལ། གྲངས་འཛིན་རིག་ནུས་ཀྱིས་ནུས་སྩོལ། ཚད་ལྡན་ཅན་གྱི་འཛུགས་སྐྲུན། ཕྱི་ཕྱོགས་སྒོ་འབྱེད། ལས་རིགས་བཅོས་སྒྱུར་བཅོས་སྐྱོང་སོགས་ལས་འགན་ཁག་བཅུ་གཙོ་གནད་སྒོས་བཀོད་སྒྲིག་བྱས་ཡོད་པ་དང་། བོད་ལུགས་གསོ་རིག་སྨན་རྫས་ཐོན་ཁུངས་ཀྱི་དགེ་མཚན་ལ་བརྟེན་ནས། རྒྱུད་གཅིག་ལམ་གཅིག་གི་བརྗེ་རེས་མཉམ་ལས་ལ་ཞབས་ཞུ་བསྒྲུབ་རྒྱུ་རེད། 《འཆར་འགོད》ལས་རྩ་འཛུགས་འགན་ལེན་དང་དངུལ་གཏོང་། དཔྱད་འཇོག་བཅས་ལམ་སྲོལ་འཐུས་ཚང་འཛུགས་པ་དང་། སྲོལ་རྒྱུན་གསོ་རིག་སྨན་རྫས་ཀྱི་ཁྱད་ལྡན་དགེ་མཚན་མུ་མཐུད་དུ་འདོན་པ། བདེ་ཐང་མཚོ་སྔོན་འཛུགས་སྐྲུན་ལ་རོགས་འདེགས་བྱས་ཏེ། མི་རིགས་སོ་སོའི་མང་ཚོགས་ཀྱི་བདེ་ཐང་ཕན་འབྲས་མུ་མཐུད་དུ་མཐོ་རུ་གཏོང་རྒྱུ་རེད།  །


热门新闻

热门图库

热门排行