གནས་ཚུལ། 详情

ཞིན་ཧེ་རྫོང་གིས་ཁྱིམ་མཚེས་ཕན་ཚུན་གྱི་རོགས་རེས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་བརྩེ་བ་ཟབ་ཏུ་བཏང་།

ཞིན་ཧེ་རྫོང་ཐང་ནག་ཤང་སེང་ལྡེང་སྡེ་བའི་ནག་རྒན་རུ་ཁག་གི་ཞིང་པའི་སྤྲོ་ཁྱིམ་གླིང་དུ་དྲོ་སྐྱིད་ལྡན་པའི་འཛུགས་སྐྲུན་གྱི་རྣམ་པ་ཞིག་གང་སར་མངོན་ཡོད་ལ།འཕྲུལ་འཁོར་གྱི་སྒྲ་དང་ཁྱིམ་མཚེས་ཕན་ཚུན་བར་གྱི་ལབ་གླེང་། དགོད་སྒྲ་བཅས་གཞི་གཅིག་ཏུ་འདྲེས་ནས།  མི་རིགས་ཁག་གི་ཁྱིམ་མཚེས་བར་རང་འགུལ་ངང་ཕན་ཚུན་ལ་རོགས་རམ་བྱས་ནས། ཉེན་ཡོད་ཁང་པ་ལེགས་བཅོས་ཀྱི་ཡུལ་དངོས་སུ་མཐུན་སྒྲིལ་མཛའ་མཐུན་གྱི་རྣམ་པ་ལེགས་པོ་ཞིག་གང་སར་མངོན་ཡོད།  

སྔོན་མའི་ས་ཡོམ་གནོད་འཚེའི་ཤུགས་རྐྱེན་ཐེབས་པ་དང་། ལོ་མང་པོར་ཉམས་གསོ་མ་བྱས་པ། གྱང་ངོས་རྙིང་པ་ཆགས་པ་བཅས་ཀྱི་རྐྱེན་གྱིས་སྡེ་མི་མའེ་སའེ་ཡི་ཁང་པ་རྙིང་པར་ཉེན་ཁ་བྱུང་སྟེ་སྡོད་ཐབས་བྲལ། གནས་སྡོད་ཆ་རྐྱེན་ཇེ་ལེགས་སུ་གཏོང་ཆེད། མའེ་སའེ་ཡིས་ས་གནས་དེ་གའི་ཁང་རྙིང་བཤིག་ནས་གསར་པ་རྒྱག་རྒྱུའི་སེམས་ཐག་བཅད་དེ། སོ་ཕག་གི་ཁང་མིག་བདུན་ཅན་ཞིག་བསྐྲུན་རྒྱུའི་འཆར་འགོད་བྱས་ནས། བདེ་འཇགས་ཀྱི་ཁྱིམ་གཞིས་ཤིག་བསྐྲུན་རྩིས་བྱས་ཤིང་། རྒྱལ་སྟོན་རྗེས་སུ།མའེ་སའེ་ཡིས་སྔར་གྱི་ཁང་རྙིང་བཤིག་མགོ་བརྩམས་ཏེ། ཁང་པ་གསར་པ་རྒྱག་པའི་གྲ་སྒྲིག་གི་དུས་མཚམས་སུ། སོ་ཕག་ལེབ་མོ་བདུན་བརྒྱ་ལྷག་ཙམ་སྡེ་བའི་ཐག་ཉེ་སར་སྐྱེལ་འདྲེན་བྱས་ཤིང་། སོ་ཕག་འབོར་ཆེན་སྐྱེལ་འདྲེན་དང་བརྩིག་པའི་ལས་འགན་ལྕི་མོ་ཡོད་ལ། གནས་ཚུལ་དེ་ཚང་མས་ཤེས་རྗེས། ཞིན་ཧེ་རྫོང་ཐང་ནག་ཤང་སེང་ལྡེང་སྡེ་བའི་ཕན་ཚུན་རོགས་རེས་ཚོགས་ཆུང་གིས་སྡེ་བའི་མི་རིགས་ཁག་གི་མང་ཚོགས་རྩ་འཛུགས་བྱས་ཏེ་རང་འགུལ་ངང་ལག་ཏུ་ཡོད་པའི་སྟོན་བསྡུའི་ལས་ཀ་ལས་མཚམས་བཞག་ནས་རང་མོས་སྒོས་རོགས་རམ་བྱེད་པར་ཕྱིན་པ་དང་།ཚང་མས་ལས་བགོས་མཉམ་ལས་དང་དཀའ་གནད་མཉམ་སེལ་བྱས་ཏེ།ཨར་ལས་རྒྱུ་ཆ་སྐྱེལ་འདྲེན་གྱི་ལས་དོན་སོགས་ལས་ཆོད་ཆེ་བའི་སྒོ་ནས་ལེགས་འགྲུབ་བྱས་པས། ཁང་པ་བདེ་བླག་ངང་ལས་མགོ་ཚུགས་པར་རྨང་གཞི་བརྟན་པོ་བཏིངས་ཡོད། ཁང་པ་གསར་པ་བཟོ་སྐྲུན་བྱེད་མགོ་ཚུགས་པ་ནས་བཟུང་། ཁྱིམ་མཚེས་ཕན་ཚུན་བར་རོགས་རེས་བྱེད་བཞིན་ཡོད།

ཞིན་ཧེ་རྫོང་ཐང་ནག་ཤང་སེང་ལྡེང་སྡེ་བའི་ནག་རྒན་རུ་ཁག་གི་སྡེ་མི་མའེ་སའེ། བོད་སྐད། ཕན་ཚུན་རོགས་རེས་ཚོགས་ཆུང་གི་རྩ་འཛུགས་འོག་རོགས་རམ་བྱེད་མཁན་ཡང་ཧ་ཅང་མང་པོ་འདུག   ངས་ཀྱང་སྔ་ཙམ་ནས་ལེགས་འགྲུབ་ཡོང་བར་འབད་བརྩོན་བྱས་ནས་ད་ལོར་ཁང་པ་གསར་པའི་ནང་དུ་ལོ་གསར་རོལ་རྒྱུ་ཡིན་ཟེར།

ཐེངས་འདིའི་ཁང་པ་བསྐྱར་སྐྲུན་གྱི་ཁྲོད་དུ། མའེ་སའེ་ཚང་གིས་ལས་རིམ་གཙོ་བོའི་འགག་རྩའི་འཛུགས་སྐྲུན་གྱི་ལས་འགན་འཁུར་མཁན་ཆེད་ལས་ལག་རྩལ་པ་བཞི་མ་གཏོགས་གླས་མེད་ལ། ལྷག་མའི་ལས་ཀ་ཙག་ཙིག་ཚང་མ་སྡེ་བའི་ཁྱིམ་མཚེས་རྣམས་ཀྱི་རོགས་རམ་འོག་ལེགས་གྲུབ་བྱུང་བ་རེད། ཉིན་ལྟར་བོད་རིགས་དང་ཧའེ་རིགས་ཀྱི་སྡེ་མི་བཅུ་ལྷག་རང་འགུལ་ངང་ལས་ཡུལ་དུ་ཡོང་ནས། འབོད་སྐུལ་བྱེད་མི་དགོས་པར་མ་ཟད་གླ་ཆའང་མི་ལེན་པར་རང་མོས་ཀྱིས་ཁང་པ་འཛུགས་སྐྲུན་གྱི་ངལ་རྩོལ་ནང་ཞུགས་བཞིན་ཡོད་ལ། ན་གཞོན་ཚོས་འཛུགས་སྐྲུན་རྒྱུ་ཆ་སྐྱེལ་འདྲེན་དང་། བྱེ་འདམ་སྦྱོར་བ། རྩིག་པ་རྒྱག་པ་བཅས་བྱེད་པ་དང་། ལོ་ན་ཅུང་མཐོ་བའི་རྒན་པ་རྣམས་ཀྱིས་དངོས་ཟོག་ལེགས་སྒྲིག་དང་ལག་ཆ་སྤྲོད་ལེན། ལས་ཡུལ་གཙང་སྦྲ་བཅས་བྱས་ཏེ། ཕན་ཚུན་མཐུན་སྦྱོར་ལེགས་པོས་སོ་སོའི་འགན་འཁྲི་བསྒྲུབས་ཤིང་ལས་ཡུལ་དུ་སྤྲོ་སེམས་ཀྱིས་ཁེངས་ཡོད། ས་རྡུལ་འཚུབ་པའི་འཛུགས་སྐྲུན་གྱི་ལས་ཡུལ་དུ་ཉེ་རིང་གི་དབྱེ་བ་མེད་པར། ཕན་ཚུན་བློ་སེམས་གཅིག་མཐུན་དང་རོགས་རེས་མཉམ་ལས་ཀྱི་བརྩེ་སེམས་ལྷད་མེད་ཅིག་མངོན་པར་བྱས་ཡོད།

 སོ་ཕག་རེ་རེས་ཁྱིམ་གཞིས་གསར་པ་བསྐྲུན། བྱ་སྤྱོད་རེ་རེས་ཐོག་མའི་བསམ་འདུན་མཚོན། མའེ་སའེ་ཡི་ཁང་པ་གསར་པའི་འཛུགས་སྐྲུན་ཁྲོད་ཀྱི་དྲོད་ཁོལ་ལྡན་པའི་རྣམ་པ་དེ་ནི། སེང་ལྡང་སྡེ་བས་མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གསོན་ཉམས་ལྡན་པའི་མཚོན་རྟགས་ཤིག་ཡིན་པ་མ་ཟད། གྲོང་གསེབ་དཀྱུས་མ་ཞིག་ནས་བྱུང་བའི་དྲོད་ཁོལ་ལྡན་པའི་རྣམ་པ་དང་ཁྱིམ་ཚང་བར་གྱི་མཐུན་སྒྲིལ་དེས། མཐོ་སྒང་གི་ས་གཞི་དེར་མི་རིགས་སོ་སོ་སེམས་པ་གཅིག་ཏུ་འདྲེས་པ་དང་སྐྱིད་སྡུག་མཉམ་མྱོང་གི་རྣམ་པ་བཟང་པོ་མངོན་སུམ་དུ་མཚོན་ཡོད།

ཞིན་ཧེ་རྫོང་ཐང་ནག་ཤང་སེང་ལྡེང་སྡེ་བའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་གཞོན་པ་བཀྲ་ཤིས་དོན་གྲུབ་ཀྱིས་བཤད་རྒྱུར། ཅན་བཅུའི་ཏང་འཛུགས་སྐྱོང་སྤེལ་བ་ནས་བཟུང་། སྡེ་བའི་ནང་དུ་ཕན་ཚུན་རོགས་རེས་ཚོགས་ཆུང་བཙུགས་པ་རེད། ནག་རྒན་རུ་ཁག་ནི་མི་རིགས་མང་པོ་འདུས་སྡོད་བྱེད་པའི་རུ་ཁག་ཅིག་ཡིན་ལ། དུས་རྒྱུན་འཚོ་བའི་ཁྲོད་མི་རིགས་སོ་སོའི་མང་ཚོགས་ཀྱིས་ཕན་ཚུན་རོགས་རེས་བྱས་ཏེ་ཞི་མཐུན་མཉམ་གནས་ཀྱིས་འཚོ་བཞིན་ཡོད། དུས་མཚུངས་སུ་ཚོགས་ཆུང་གཞན་དག་གིས་ཀྱང་རང་གི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཕན་འབྲས་དངོས་ཐོན་པར་འབད་བཞིན་ཡོད་ཟེར།

ཞིན་ཧེ་རྫོང་ཐང་ནག་ཤང་སེང་ལྡེང་སྡེ་བའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་ཨོ་རྒྱན་ཚེ་རིང་གིས་བཤད་རྒྱུར། སེང་ལྡེང་སྡེ་བར་ཁྱོན་བསྡོམས་རུ་ཁག6ཡོད་པ་དང་ཁྱིམ་ཚང320ཡོད་པ་དེར་ཁྱོན་བསྡོམས་མི་གྲངས1298ཡོད། ཅན་བཅུའི་ཏང་འཛུགས་སྐྱོང་སྤེལ་བ་ནས་བཟུང་། སྡེ་བའི་ནང་དུ་ཕན་ཚུན་རོགས་རེས་ཚོགས་ཆུང་བཙུགས་པ་རེད། ནག་རྒན་རུ་ཁག་ནི་མི་རིགས་མང་པོ་འདུས་སྡོད་བྱེད་པའི་རུ་ཁག་ཅིག་ཡིན་ལ། དུས་རྒྱུན་འཚོ་བའི་ཁྲོད་མི་རིགས་སོ་སོའི་མང་ཚོགས་ཀྱིས་ཕན་ཚུན་རོགས་རེས་བྱས་ཏེ་ཞི་མཐུན་མཉམ་གནས་ཀྱིས་འཚོ་བཞིན་ཡོད། དུས་མཚུངས་སུ་ཚོགས་ཆུང་གཞན་དག་གིས་ཀྱང་རང་གི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཕན་འབྲས་དངོས་ཐོན་པར་འབད་བཞིན་ཡོད་ཟེར།

热门新闻

热门图库

热门排行