སྲིད་དོན། 详情

མཚོ་ལྷོ་ཁུལ་གྱིས་ཞིང་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་པ།

རང་ཚགས་གྱི་འཕྲིན། ཟླ10པའི་ཚེས28ཉིན། མཚོ་ལྷོ་ཁུལ་གྱིས་ཞིང་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་། ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་གསུམ་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་གྱི་ལས་དོན་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་རྟེན་གཞི་གཏོད་རྒྱུའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཤིང་། ནས་དང་ལོག་དཀར། སྲན་མ། གྲང་ཚལ་རིགས་སོགས་ཁྱད་ཆོས་ལྡན་པའི་འདེབས་འཛུགས་ལས་རིགས་ལ་དམ་པོར་དམིགས་པ་དང་། སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཆེར་གཏོང་། ཐོན་ལས་སྦྲེལ་ཐག་རིང་དུ་བཏང་སྟེ་རིན་ཐང་འཕར་བ་བཅས་ཀྱི་གཙོ་རྐང་ལ་དམིགས་ནས། ཕན་འབྲས་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་བསྐྱར་ཞིབ་དང་། མི་འདང་སར་གནད་འཁེལ་ངང་དབྱེ་ཞིབ། འཕེལ་རྒྱས་ཀྱི་ལམ་བུར་མཉམ་དུ་འཆར་འགོད་བཅས་བྱས་པ་རེད།

    ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་དོན་གྲུབ་ཚོགས་འདུར་ཞུགས་ནས་གཏམ་བཤད་གནང་བ་དང་།  ཁུལ་དཔོན་གཞོན་པ་བཀྲ་ཤིས་ཕུན་ཚོགས་ཀྱིས་ཚོགས་འདུར་མགོ་འཛིན་གནང་ཞིང་།  ཞིང་ཆེན་གྱི་ཞིང་ལས་ཁྱབ་ཁོངས་ཀྱི་དམིགས་བསལ་གདན་ཞུའི་ཆེད་མཁས་པ་ཝུའུ་ཁུན་ལུན་དང་ཏང་པིན། ཐང་ཀུའོ་ཡུང་། ཐེང་ཁྲང་ཚའེ་བཅས་དང་། མཚོ་སྔོན་ཞིང་ཆེན་གཙང་གསུམ་སྡེ་ཚོགས་ཀྱི་སྤྱི་གཉེར་བ་གཞོན་པ་ཅིན་ཏུང་ཀྲེ་དང་ཞུས་ཧྲུའུ་ཞང་སོགས་ཚོགས་འདུར་ཞུགས་པ་རེད། 

   ཚོགས་འདུ་ལས་ཁུལ་ཞིང་ཕྱུགས་ཅུའུ་དང་རྫོང་ལྔའི་སྲིད་གཞུང་གིས་ཁྱད་ལྡན་འདེབས་འཛུགས་ལས་རིགས་འཕེལ་རྒྱས་དང་དེ་བཞིན་གོ་རིམ་རྗེས་མའི་བྱ་བའི་བསམ་ཕྱོགས་དང་བྱེད་ཐབས་སྐོར་སྙན་སེང་ཞུས་པ་དང་། ཁུལ་རིམ་པའི་ནས་དང་ལོག་དཀར་ཐོན་ལས་མཐུན་ཚོགས་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་མཉམ་ལས་ཁང་། སྣེ་ཁྲིད་ཁེ་ལས། ཁྱིམ་ཚང་ཞིང་ཕྱུགས་ར་བ། ཞིང་ལས་འཕྲུལ་ཆས་ཞབས་ཞུ་ཀུང་སི་སོགས་གཉེར་སྐྱོང་གཙོ་བོའི་འཐུས་མིས་སྤེལ་རེས་གཏམ་བཤད་གནང་བ་རེད། ཚོགས་ཞུགས་ཆེད་མཁས་པས་སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོང་དང་། སོན་བཟང་གསོ་སྤེལ། ཞིང་ལས་འཕྲུལ་ཆས་དང་ཞིང་ལས་ལག་རྩལ་མཉམ་འདྲེས། ནད་དང་འབུའི་གནོད་པ་འགོག་བཅོས་ཀྱི་ལྗང་མདོག་སྔོན་འགོག་ཚོད་འཛིན།   ལས་སྣོན་ཞིབ་ཚགས། ཐོན་རྫས་གསར་སྤེལ། ཐོན་ལས་སྦྲེལ་ཐག་ཧྲིལ་པོའི་རིམ་པ་སྤར་བ་སོགས་ལ་དམིགས་ནས་དམིགས་བསལ་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ལྡན་པའི་དགོངས་འཆར་དང་གྲོས་འགོ་བཏོན་པ་རེད།

ཚོགས་འདུ་ལས་ཁྱད་ལྡན་འདེབས་འཛུགས་ལས་རིགས་ནི་ཁུལ་ཡོངས་ཀྱི་རྨང་གཞིའི་ཐོན་ལས་དང་། མཁོ་སྤྲོད་འགན་ལེན་ཐོན་ལས། དམངས་ཕྱུག་ཐོན་ལས་བཅས་ཡིན་ལ། དེ་ནི་འབྲུ་རིགས་བདེ་འཇགས་ཀྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་རྟེན་གཞིའི་སྔོན་སྐྱོད་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་འདེགས་སྐྱོར་གལ་ཆེན་ཞིག་ཀྱང་ཡིན། ཉེ་བའི་ལོ་ཤས་རིང་། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྐྱེ་ཁམས་གཙོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། རྨོ་ཞིང་སྲུང་སྐྱོབ་དང་འབྲུ་རིགས་བདེ་འཇགས་ཀྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་སོན་བཟང་གསོ་སྤེལ་བྱེད་པ། ཚད་གཞི་མཐོ་བའི་རྨོ་ཞིང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ལྗང་མདོག་འདེབས་འཛུགས་ཁྱབ་གདལ་དུ་གཏོང་བ། ལས་སྣོན་ཐོན་ལས་ཀྱི་སྦྲེལ་ཐག་རིང་དུ་གཏོང་བ་བཅས་བྱས་པ་དང་། ནས་དང་ལོག་དཀར།  གྲང་ཚལ་སོགས་ཁྱད་ལྡན་ཐོན་ལས་སྒྲུབ་ཤུགས་ཆེ་རུ་བཏང་བ་བརྒྱུད། ཁུལ་ཡོངས་ཀྱི་ཁྱད་ལྡན་འདེབས་འཛུགས་ལས་རིགས་བརྟན་པོའི་ངང་འཕེལ་རྒྱས་དང་སྤུས་ཚད་མཐོ་རུ་ཕྱིན་ཡོད་ཅེས་བསྟན།

   ཚོགས་འདུ་ལས་ཁུལ་ཡོངས་ཀྱི་ནས་དང་ལོག་དཀར། སྲན་མ། གྲང་ཚལ་སོགས་ཁྱད་ལྡན་འདེབས་འཛུགས་ལས་རིགས་ཀྱི་གཞི་རྒྱ་ཅུང་ཆེ་བ་དང་རྨང་གཞི་ཅུང་ལེགས་པ། འཕེལ་ཕྱོགས་ཅུང་བཟང་བ་བཅས་ཀྱི་དོན་དངོས་ལ་གཞིགས་ནས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་རྟེན་གཞིའི་བྱ་བ་གཙོ་བོ་དང་དམ་པོར་སྦྲེལ་ཏེ། སྤུས་ཚད་མཐོར་འདེགས་དང་ཐོན་ཚད་བརྟན་པོ། འབྲེལ་ཐག་ཁ་གསབ། ཕྱིར་གཏོང་རྒྱ་བསྐྱེད་བཅས་ཚད་གཞིར་བཟུང་ནས། ནས་ཀྱི་ལས་རིགས་སྤུས་ལེགས་ཅན་དུ་བསྒྱུར་བ་དང་ལོག་དཀར་ལས་རིགས་སྟོབས་ཆེར་གཏོང་བ། སྲན་མའི་ལས་རིགས་རྒྱ་བསྐྱེད་པ། གྲང་ཚལ་ལས་རིགས་ཞིབ་ཚགས་སུ་གཏོང་བ་བཅས་བྱས་ཏེ། ཐོན་སྐྱེད་གཞི་ཁྱོན་ཅན་དང་འདེབས་འཛུགས་ཚད་ལྡན་ཅན། ལས་སྣོན་ཐོན་ལས་ཅན། ཐོན་རྫས་ཚོང་རྟགས་ཅན་བཅས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས། བདེ་འཇགས་ཀྱི་མཐའ་ཚད་བརྟན་སྲུང་བྱས་ནས། རྨོ་ཞིང་སྲུང་སྐྱོང་བྱ་རྒྱུར་ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་ཡིན་པ་དོན་འཁྱོལ་བྱས་ཏེ། རྨོ་ཞིང་ཞིང་མིན་ཅན་དུ་འགྱུར་བ་མཐའ་གཅིག་ཏུ་འགོག་པ་དང་འབྲུ་མིན་ཅན་དུ་འགྱུར་བར་ཚོད་འཛིན་ནན་མོ་བྱེད་པ། བེད་མེད་དུ་ལུས་པའི་རྨོ་ཞིང་བཅོས་སྐྱོང་བྱས་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། འབྲུ་རིགས་འདེབས་འཛུགས་ཀྱི་རྒྱ་ཁྱོན་བརྟན་པོར་གཏོང་བ་བཅས་བྱས་ཏེ། རྨོ་ཞིང་སྲུང་སྐྱོང་དང་འབྲུ་རིགས་བདེ་འཇགས། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་བཅས་ཀྱི་མཐའ་ཚད་བརྟན་པོར་སྲུང་དགོས། ས་བོན་ལས་རིགས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། ས་བོན་ལས་རིགས་དར་སྤེལ་དུ་གཏོང་བའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ།སོན་བཟང་ཞིབ་འཇུག་གསར་སྤེལ་གྱི་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་། སོན་བཟང་གསོ་སྤེལ་གྱི་རྟེན་གཞི་རྒྱ་བསྐྱེད་དང་རིམ་སྤོར་བཅས་བྱས་ཏེ། ས་གནས་རང་ནས་གྲང་ཚལ་མྱུ་གུ་གསོ་སྐྱོང་བྱེད་པའི་ཞན་ཆ་གསབ་དགོས། ཕྱོགས་བསྡུས་ཐོན་སྐྱེད་ཀྱི་ནུས་པ་མཐོར་འདེགས་སུ་གཏོང་བ་དང་། ཚད་གཞི་མཐོ་བའི་རྨོ་ཞིང་འཛུགས་སྐྲུན་དང་འཕྲུལ་ཆས་ཅན་དུ་བསྒྱུར་བཅོས་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། མཐོ་སྒང་ལ་འཚམ་པའི་ཞིང་ལས་འཕྲུལ་ཆས་ཀྱི་སྒྲིག་ཆས་ནང་འདྲེན་བཅས་བྱས་ནས། བསྐམ་ནས་མཛོད་ལ་འཇུག་པ། གྲང་སྦྱོར་སྡེབ་སྐྱེལ། འཁྱག་སྦྲེལ་ཟོག་འགྲེམས་བཅས་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་དགོས། ཐོན་ལས་སྦྲེལ་ཐག་མཐུན་སྦྱོར་དང་ཁ་གསབ་བྱེད་པར་སྐུལ་འདེད་གཏོང་བ་དང་། ས་གནས་རང་གི་ལས་སྣོན་བཟོ་གྲྭར་རོགས་སྐྱོར་བྱས་ཏེ། ནས་ཀྱི་ཁྱད་ལྡན་ཟས་རིགས་དང་ལོག་དཀར་སྤུས་ལེགས་སྣུམ། སྔོ་ཚལ་གཙང་མ་དང་སྔོན་བཟོས་ཟས་རིགས་སོགས་རིན་ཐང་ཆེ་བའི་ཐོན་རྫས་གསར་སྤེལ་བྱེད་པ་དང་། ཚན་རིག་ཞིབ་འཇུག་ཁང་དང་ཁེ་ལས་གཙོ་བོ། མཐུན་ཚོགས། མཉམ་ལས་ཁང་། འཕེལ་རྒྱས་ཀུང་ཟི། ཞིང་ཁྱིམ་བཅས་ཀྱི་ཁེ་ཕན་འབྲེལ་མཐུད་བྱེད་སྟངས་འཐུས་ཚང་དུ་གཏོང་དགོས། ཚོང་རྟགས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བའི་ལས་གཞི་ལག་བསྟར་བྱེད་པ་དང་། མཐོ་སྒང་གི་མཁའ་ལམ་དྲི་ཞིམ་ཞེས་པའི་སྤྱི་པའི་ཚོང་རྟགས་སྟོབས་ཆེར་གཏོང་བ། ས་ཁམས་མཚོན་རྟགས་ཀྱི་ཐོན་རྫས་ཐོན་ཁུངས་ལེགས་པར་སྤྱོད་པ། སྤུས་ཚད་ཁུངས་འདེད་མ་ལག་འཐུས་ཚང་དུ་གཏོང་བ། སྤུས་ལེགས་ཐོན་རྫས་ལ་གོང་མཐོ་བའི་དཀའ་གནད་སེལ་བ་བཅས་བྱས་ཏེ། ཕྱིར་འཚོང་གི་ལམ་བུ་རྒྱ་བསྐྱེད་དགོས། ལྗང་མདོག་སྐྱེ་ལྡན་ལ་ར་སྤྲོད་བྱེད་པར་སྐུལ་འདེད་གཏོང་བ་དང་། གཉེར་སྐྱོང་གཙོ་བོས་ལྗང་མདོག་ཟས་རིགས་དང་། སྐྱེ་ལྡན་ཞིང་ལས་ཐོན་རྫས། ས་ཁམས་མཚོན་རྟགས་བཅས་ལ་ར་སྤྲོད་བྱེད་པར་རྒྱབ་སྐྱོར་བྱེད་པ། ར་སྤྲོད་དཔང་ཡིག་ལ་ལྟ་སྐུལ་དོ་དམ་དང་དཔང་ཡིག་ཐོབ་རྗེས་ཀྱི་དོ་དམ་ལ་ཤུགས་སྣོན་བྱ་དགོས། ཚན་རིག་ནུས་སྩོལ་གྱི་ཞིབ་འཇུག་གསར་སྤེལ་མངོན་གསལ་ཡིན་པ། ཚན་རིག་ཞིབ་འཇུག་གླིང་དང་མཉམ་འབྲེལ་གཏིང་ཟབ་བྱས་ཏེ། སོན་བཟང་གསོ་སྤེལ་དང་ལྗང་མདོག་འགོག་སྲུང་། ལས་སྣོན་ཟབ་མོ་བཅས་ཀྱི་མཉམ་འབྲེལ་འགག་སྒྲོལ་ལ་དམ་པོར་དམིགས་ཏེ། ཚན་རྩལ་གྱི་གྲུབ་འབྲས་མགྱོགས་མྱུར་སྒོས་བེད་སྤྱོད་ཐུབ་པར་བྱ་དགོས། དངུལ་རྩའི་འགན་བཅོལ་གྱི་འགན་ལེན་ཆེ་རུ་བཏང་ནས་དངུལ་རྩའི་ལས་ཁུངས་ཀྱིས་ཞིང་འབྲེལ་དངུལ་བུན་གཏོང་ཤུགས་ཆེ་རུ་གཏོང་བར་ཁྲིད་སྟོན་བྱེད་པ། ཁྱད་ལྡན་འདེབས་འཛུགས་ལས་རིགས་ཀྱི་དངུལ་རྩའི་ཐོན་རྫས་གསར་གཏོད་དང་ཞིང་ལས་འགན་བཅོལ་གྱི་ཁྱབ་ཁོངས་ཆེ་རུ་བཏང་སྟེ། ཐོན་ལས་ཀྱི་ཉེན་འགོག་ནུས་པ་ཆེ་རུ་གཏོང་དགོས། ཐོན་སློབ་ཞིབ་སྤྱོད་བཅས་ཀྱི་མཉམ་འདྲེས་ལ་ཤུགས་སྣོན་རྒྱག་པ་དང་གཞི་རིམ་གྱི་ཞིང་ལས་ལག་རྩལ་སྟོབས་ཆེར་གཏོང་བ། ས་གནས་ཀྱི་ཉམས་མྱོང་ཡོད་པའི་མི་སྣ་སྐྱེད་སྲིང་བྱས་ཏེ། ཚན་རྩལ་གྱི་གྲུབ་འབྲས་དེ་མགྱོགས་མྱུར་སྒོས་བེད་སྤྱོད་ཐུབ་པར་འགན་ལེན་བྱ་དགོས་ཞེས་ནན་གྱིས་བསྟན།

   ཚོགས་འདུ་ལས་རྫོང་ཁག་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཚན་རིག་ཞིབ་འཇུག་གླིང་དང་ཞིང་འབྲེལ་སྣེ་ཁྲིད་ཁེ་ལས་ཀྱི་རྒྱུན་ལྡན་ཅན། གཏིང་ཟབ་པའི་འཐབ་ཇུས་མཉམ་ལས་བཅས་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་བ་དང་། སྤུས་མཐོའི་ཐོན་ལས་ལས་གཞི་ཁག་ཅིག་གནད་འཁེལ་གྱིས་འཆར་འགོད་དང་གྲབས་གསོག་བྱས་ཏེ། ཞིང་འབྲེལ་མ་དངུལ་སྣ་མང་གི་བསྡུ་སྒྲིག་ལ་གཅིག་འདོམས་བྱེད་པ། དངུལ་རྩའི་རོགས་སྐྱོར་དང་ཞིང་ལས་འགན་བཅོལ་གྱི་སྲིད་ཇུས་བེད་སྤྱོད་གང་ལེགས་བྱས་ནས་ཚོང་གཉེར་ཁང་དང་སྤྱི་ཚོགས་ཀྱི་མ་རྩ་མང་པོ་ཧུར་ཐག་གིས་ཟབ་ཞུགས་བྱེད་པར་ཁྲིད་སྟོན་བྱེད་པ། ཟུར་བལྟ་དང་ཁྱབ་སྤེལ་བྱ་ཆོག་པའི་དཔེ་སྟོན་མ་དཔེ་ཁག་ཅིག་བཏོད་དེ་མཉམ་ལས་ཀྱི་གྲུབ་འབྲས་སྔར་ལས་མང་པོ་ཞིག་དོན་འཁྱོལ་དང་ཕན་ཚུན་ལ་ཕན་ཐོགས་པར་བྱ་དགོས། འཇོན་མིའི་དཔུང་ཁག་འཛུགས་སྐྱོང་ལ་མུ་མཐུད་དུ་ཤུགས་སྣོན་དང་ཐོན་ལས་མཐུན་ཚོགས་ཀྱི་འབྲེལ་མཐུད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཚོང་གཉེར་ཁང་མང་པོ་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་ཁྲིད་སྟོན་བྱེད་པ་དང་འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་ཏུ་སྒྲིལ་ཏེ། ཁུལ་ཡོངས་ཀྱི་ཞིང་ལས་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་གྲོང་གསེབ་ཀྱི་ཁྱོན་ཡོངས་དར་སྤེལ་དང་རོང་འབྲོག་མང་ཚོགས་ཀྱི་འབབ་འཕར་མུ་མཐུད་དུ་བརྟན་པོ་ཡོང་བར་ཐོན་ལས་ཀྱི་རྨང་གཞི་འདིང་དགོས་པའི་བླང་བྱ་བཏོན།

   ཞིང་ཆེན་ཞིང་ལས་ཁྱབ་ཁོངས་ཀྱི་ཆེད་བསྐོས་ཆེད་མཁས་པས་བཤད་རྒྱུར། མཚོ་ལྷོ་ཁུལ་གྱི་ཚན་རིག་ཞིབ་འཇུག་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་ཐུན་མོང་གིས་ཚན་རིག་ཞིབ་འཇུག་རྟེན་གཞི་གཏོད་པ། ཚན་རྩལ་ནུས་སྩོལ་བྱེད་ཤུགས་ཆེ་རུ་བཏང་སྟེ། སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོབ་དང་སོན་བཟང་གསོ་སྤེལ། ལྗང་མདོག་འགོག་སྲུང་། ལས་སྣོན་ཞིབ་ཚགས་སོགས་ཀྱི་ཐད་ལག་རྩལ་མཁོ་འདོན་བྱ་རྒྱུ་ཡིན་ཟེར། མཚོ་སྔོན་ཞིང་ཆེན་གཙང་གསུམ་སྡེ་ཚོགས་ཀྱིས་བསྟན་དོན། ས་གནས་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ཐུན་མོང་གིས་ཐོན་ལས་སྦྲེལ་ཐག་བསྐྲུན་ཏེ། རྟེན་གཞི་འཛུགས་སྐྲུན་དང་ལས་སྣོན་གཞན་སྒྱུར། ཚོང་རྟགས་ཁྱབ་སྤེལ། ཁྲོམ་ར་རྒྱ་སྐྱེད་སོགས་ཀྱི་འབྲེལ་མཐུད་བྱ་བ་ལེགས་པོར་བསྒྲུབ་སྟེ། མཉམ་ལས་ལས་གཞིར་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན།


热门新闻

热门图库

热门排行