གནད་བསྡུས། 详情

མཚོ་ལྷོ་ཁུལ་གྱི་ངལ་ལས་མི་སྣ50ཅང་སུའུ་རུ་ལས་ཀར་ཞུགས་པ།

ལས་ཞུགས་ནི་དམངས་འཚོ་གལ་ཆེན་དེ་ཡིན་ལ། ཅང་སུའུ་དང་མཚོ་སྔོན་གྱི་ཤར་ནུབ་རྒྱུད་ཀྱི་མཉམ་ལས་གོ་སྐབས་ལ་བརྟེན་ནས། མཚོ་ལྷོ་ཁུལ་གྱིས་རྩ་འཛུགས་ཡོད་པའི་ངལ་ལས་མི་སྣ་མངགས་གཏོང་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ། བུད་མེད་ཚོགས་སྤྱི་གཙོ་བོར་དམིགས་ནས་ཡོང་འབབ་འཕར་སྣོན་གྱི་ཐབས་ལམ་རྒྱ་ཆེར་བཏང་ཞིང་། ཟླ10ཚེས28ཉིན། མཚོ་ལྷོ་ཁུལ་གྱིས་ཅང་སུའུ་རུ་ལས་ཀར་འགྲོ་མཁན་བུད་མེད་ཀྱི་སྐྱེལ་མའི་མཛད་སྒོ་བསྡུས་ཤིང་། སྐོར་ཐེངས་དང་པོའི་ངལ་ལས་མི་སྣ50ཡིས་ཅང་སུའུ་རུ་ལས་ཀར་འགྲོ་བའི་ལམ་ལ་ཆས་པ་དང་། དེ་ལས་རང་ཁྱིམ་སྒོ་ཁ་ནས་བཟོ་གྲྭའི་བར་གྱི་དམིགས་ས་གཏན་འཁེལ་གྱི་རིམ་པ་གཅིག་ཅན་གྱི་ལས་ཞུགས་མངགས་གཏོང་མངོན་གྱུར་བྱུང་ཡོད།

  སྐྱེལ་མའི་མཛད་སྒོའི་ཡུལ་དངོས་སུ་ཕྱི་རུ་ལས་ཀ་བྱེད་པར་འགྲོ་བའི་བུད་མེད་ཚོས་རང་རང་གི་ཅ་ལག་བསྡུ་བསྒྲིགས་བྱས་ཏེ། ཁྱིམ་མིའི་རེ་བ་དང་མཛེས་སྡུག་ལྡན་པའི་འཚོ་བའི་ཕུགས་བསམ་སེམས་ལ་བཅངས་ནས་ལམ་ལ་ཆས་མགོ་བརྩམས་ཡོད།  ཐེངས་འདིར་ལས་ཀར་འགྲོ་མཁན་རྣམས་ཧན་ཤུའུ་ཚའོ་ཅང་སུའུ་ཡི་ཟས་རིགས་ཚད་ཡོད་ཀུང་ཟིར་ལས་ཀ་བྱེད་པར་འགྲོ་རྒྱུ་ཡིན་ཞིང་། ལས་གནས་ནི་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཁག་མང་པོས་མཉམ་འབྲེལ་སྒོས་འབྲེལ་གཏུག་གནང་བ་དང་།ཡུལ་དངོས་རྟོག་ཞིབ་དང་ཕུལ་བྱུང་གདམ་གསེས་བྱས་ནས་གཏན་འཁེལ་བྱས་པ་ཞིག་ཡིན། ལས་ཚོགས་ལ་ཞུགས་རྗེས་ཟླ་རེའི་ཡོང་འབབ་སྒོར6000ཡས་མས་ཟིན་གྱི་ཡོད། དེ་ལས་ཁྱིམ་ཚང་གི་དཔལ་འབྱོར་གྱི་གནས་ཚུལ་ལེགས་བཅོས་བྱེད་ཐུབ་པ་མ་ཟད། ལས་ཀའི་ཁྲོད་དུ་སྔོན་ཐོན་གྱི་ཐོན་སྐྱེད་ལག་རྩལ་ལ་སློབ་སྦྱོང་དང་མཐོང་རྒྱ་སྐྱེད་ནས། ཡོང་འབབ་འཚོལ་བ་དང་ནུས་རྩལ་སྦྱོང་བ་གཉིས་ཀར་གྲུབ་འབྲས་ལེན་ཐུབ།

གུང་ཧོ་རྫོང་རྐ་གསར་སྡེ་བའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་རེན་ཚེ་རིང་ལྷ་མོས་བཤད་རྒྱུར། དེ་རིང་སྲིད་གཞུང་གིས་ང་ཚོ་རྩ་འཛུགས་བྱས་ཏེ་ཅང་སུའུ་རུ་ཞོར་ལས་གཉེར་དུ་འགྲོ་བར་བཅུག་པས། ང་ཚོའི་སེམས་སུ་དགའ་སྤྲོ་ཚད་མེད་སྐྱེས་བྱུང་། ལས་གནས་སུ་སླེབས་རྗེས། ངས་ནན་ཏན་གྱིས་ལས་ལ་བརྩོན་ཞིང་ལས་ཀ་ཡག་པོ་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཁྱིམ་ཚང་གི་ཡོང་འབབ་མང་དུ་གཏོང་རྒྱུ་ཡིན་ཟེར།

བདེ་འཇགས་ངང་ཕྱིར་བསྐྱོད་པའི་རྒྱབ་ཕྱོགས་སུ་ཅང་སུའུ་དང་མཚོ་སྔོན་གྱི་ཤར་ནུབ་རྒྱུད་ཀྱི་མཉམ་ལས་ལས་བསྐྲུན་པའི་ངལ་ལས་ཕྱིར་གཏོང་གི་གདུབ་ཟུམ་ཞབས་ཞུའི་འགན་སྲུང་དང་ཁ་འབྲལ་ཐབས་མེད་པ་དང་། ཉེ་བའི་ལོ་འགའི་རིང་ལ།མཚོ་ལྷོ་ཁུལ་གྱིས་ཤར་ནུབ་རྒྱུད་ཀྱི་མཉམ་ལས་སྟེགས་བུའི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ།རྩ་འཛུགས་རང་བཞིན་གྱི་ངལ་ལས་ཕྱིར་གཏོང་དེ་རོང་འབྲོག་པའི་ཡོང་སྒོ་འཕར་བར་སྐུལ་ཁྲིད་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་བརྩིས་ཡོད་ལ།མང་ཚོགས་ཀྱི་ངལ་ལས་འདོད་བློར་གནད་ཁེལ་སྒོས་གྲལ་བཤེར་བྱས་པ་བརྒྱུད་ནས།ཞིང་ཆེན་ཕྱིའི་སྤུས་ལེགས་ལས་རྐང་ལ་དངོས་སུ་གདམས་བསེས་བྱས་པ་མ་ཟད།ཕྱིར་གཏོང་ལ་རྩ་འཛུགས་ཡོད་པ་དང་ལམ་བར་དུ་འགན་སྲུང་ཡོད་པ།ལས་རྐང་ལ་དོ་དམ་བྱེད་པ།ཁེ་དབང་སྲུང་སྐྱོང་ལ་ཐབས་ལམ་ཡོད་པ་བཅས་ཀྱི་བརྒྱུད་རིམ་ཡོངས་ཀྱི་ངལ་ལས་ཞབས་ཞུའི་མ་ལག་མུ་མཐུད་དུ་འཐུས་ཚང་དུ་བཏང་ནས།མཐོ་སྒང་མང་ཚོགས་ཞིང་ཆེན་ཕྱི་རུ་ལས་ཞུགས་བྱེད་དུ་བསྐྱོད་པའི་ལམ་བུ་བཏོད་ཡོད།

     མིག་སྔའི་བར་དུ་ཁུལ་ཡོངས་སུ་ཁ་གཏད་རང་བཞིན་གྱི་རྣམ་པ་བརྒྱུད་དེ་ངལ་ལས་མི་སྣ1127ཞིང་ཆེན་ཕྱི་རུ་བསྐྱོད་ནས་ལས་ཞུགས་གཏན་འཇགས་ཡོང་བར་བྱས་པ་དང་།རོང་འབྲོག་མང་ཚོགས་མང་པོ་ཞིག་མཐོ་སྒང་ནས་ས་ཁུལ་གཞན་པར་སོང་སྟེ་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་ཡོང་སྒོ་ཇེ་མང་དུ་བཏང་ཡོད་པས།ངལ་ལས་ཕྱིར་གཏོང་ནི་མཚོ་ལྷོ་ཁུལ་གྱིས་མང་ཚོགས་ཀྱི་འབབ་འཕར་ལམ་བུ་རྒྱ་བསྐྱེད་པ་དང་གྲོང་གསེབ་དར་སྤེལ་གྱི་རྨང་གཞི་བརྟན་པོར་གཏོང་བའི་དམངས་ཚིས་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད།


热门新闻

热门图库

热门排行