གནས་ཚུལ། 详情

ཁྲི་ཀ་རྫོང་རྨ་སྲིབ་སློབ་ཆུང་གིས་རི་མོ་རིང་གྲས་འབྲི་བའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ།

གསར་བརྗེའི་རྨང་གཞི་བརྟན་པོ་དང་རྒྱང་སྐྱོད་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱས་ནས།ལོ་ཆུང་བྱིས་པ་ཚོས་གསར་བརྗེའི་ལོ་རྒྱུས་ཡིད་ལ་བརྟན་པོར་ངེས་པ་དང་རྒྱལ་གཅེས་ཀྱི་བརྩེ་སེམས་ཇེ་ཟབ་ཏུ་གཏོང་ཆེད།ཉེ་ཆར།ཁྲི་ཀ་རྫོང་རྨ་སྲིབ་སློབ་ཆུང་གིས་རི་མོའི་ལམ་བུར་བསྐྱོད་དེ་བྱིས་པའི་བློ་སྒོ་འབྱེད་པ་ཞེས་པའི་རི་མོ་རིང་གྲས་འབྲི་བའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཏེ། མཛེས་དཔྱོད་སློབ་གསོའི་སྟེང་ནས་བྱིས་པའི་བློ་སྒོ་འབྱེད་པ་དང་གསར་བརྗེའི་སྙིང་སྟོབས་སློབ་གྲྭའི་ནང་དུ་རྩ་བ་ཚུགས་པར་བྱས་ཡོད།

བྱེད་སྒོ་སྤེལ་ཡུལ་དུ་རིང་ཚད་ལ་སྨི20ཡོད་པའི་རི་མོ་རིང་གྲས་ཤིག་རིམ་གྱིས་བཀྲམས་པ་དང་།སློབ་བུ་ཚོས་སྨྱུ་གུ་བཟུང་ནས་ལས་བགོས་མཉམ་ལས་དང་ལྷག་བསམ་རྣམ་དག་གིས་གསར་རྩོམ་བྱས་པ་དང་།ཚང་མས་སྨྱུ་གུ་ལས་རྒྱང་སྐྱོད་ལམ་བུའི་སྟེང་གི་གངས་རི་བརྒལ་བ་དང་རྩྭ་ཐང་བརྒྱུད་ནས་བསྐྱོད་པ་སོགས་ཀྱི་གཏམ་རྒྱུད་བྲིས་ཡོད་པ་དང་།དུས་མཚུངས་སུ་མེས་རྒྱལ་གྱི་རི་ཆུ་དང་ཕ་ཡུལ་གྱི་རྣམ་པ་གསར་པ།དུས་རབས་ཀྱི་འཕེལ་རྒྱས་སོགས་རི་མོར་ཕབ་པ་དང་རྔམ་བརྗིད་ལྡན་པའི་ལོ་ཟླའི་དྲན་ཤེས་དང་དུས་རབས་ཀྱི་ཡར་ཐོན་རྣམ་པ་རི་མོར་བཀོད་ཡོད་པ་དང་།སྐར་ལྔའི་དར་དམར་དང་རི་བོ་བཅས་ཀྱི་མཛེས་ལྗོངས་སློབ་བུ་ཚོས་སྨྱུ་གུ་ལས་རིམ་བཞིན་མངོན་པ་དང་།ཚོན་མདངས་རྣམ་པར་བཀྲ་བའི་རི་མོར་གསོན་ཉམས་ལྡན་ལ།སྨྱུག་རྩེ་རེ་རེས་གསར་བརྗེའི་སྔོན་གཤེགས་དཔའ་བོར་བཀུར་བའི་བརྩེ་སེམས་མཚོན་པ་དང་ཡིག་འབྲུ་རེ་རེས་རླབས་ཆེན་མེས་རྒྱལ་ལ་དགའ་ཞེན་བྱེད་པ་མཚོན་ལ།གསོན་ཉམས་ལྡན་དོད་པའི་རི་མོ་ལས་འཕེལ་རྒྱས་ཡར་ཐོན་གྱི་དུས་རབས་ཀྱི་རྣམ་པ་གསར་བ་མངོན་པར་བྱས་ཡོད།

ཁྲི་ཀ་རྫོང་རྨ་སྲིབ་སློབ་ཆུང་གི་སློབ་མ་ལིའུ་ཞའོ་མེང་གིས་བཤད་རྒྱུར།ངའི་རི་མོའི་བརྗོད་དོན་ནི་ལོ་ཆུང་གིས་རྒྱང་སྐྱོད་གསར་པ་རྒྱུན་འཛིན་བྱ་རྒྱུ་དེ་ཡིན་ལ།རྒྱང་སྐྱོད་ལམ་བུའི་སྟེང་དུ་དམར་དམག་གིས་རྔུལ་ཁྲག་བཏོན་པ་དང་དཔའ་ངར་ཞུམ་མེད་སྒོས་ལེ་བར25000རྒྱང་སྐྱོད་བྱས་ལ།ང་དུས་རབས་གསར་པའི་ལོ་ཆུང་གདོང་ལེན་རུ་མི་ཞིག་ཡིན་པའི་ངོས་ནས་ང་ཚོས་རྒྱང་སྐྱོད་ཀྱི་སྙིང་སྟོབས་སློབ་སྦྱོང་དང་དར་སྤེལ་དུ་གཏོང་གང་ཐུབ་བྱས་ཏེ།དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུའི་སྟེང་སྐྱོད་པར་གྲ་སྒྲིག་ལེགས་པོ་བྱ་རྒྱུ་ཡིན་ཟེར།

ཐེངས་འདིའི་རི་མོ་རིང་གྲས་འབྲི་བའི་བྱེད་སྒོ་ནི་གསར་བརྗེའི་བསམ་བློ་ཆབ་སྲིད་སློབ་གསོ་དང་མཛེས་དཔྱོད་སློབ་གསོ་མཉམ་འདྲེས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན་པ་དང་།རི་མོའི་སྒྱུ་རྩལ་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱས་ཏེ།གསར་བརྗེའི་ལོ་རྒྱུས་མཐོང་རྒྱུ་ཡོད་པ་དང་རི་མོར་ཕབ་ནས་རྒྱང་སྐྱོད་ཀྱི་སྙིང་སྟོབས་ནི་སློབ་དེབ་ཁོ་ན་ཙམ་མ་ཡིན་པར། ལོ་ཆུང་གདོང་ལེན་རུ་མིའི་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་དང་།འབད་འབུངས་ཡར་བརྩོན་གྱི་སྤྲོ་སེམས་འཕེལ་བ་དང་བྱིས་པ་ཚོས་ལོ་ཆུང་གི་བློ་སྟོབས་ལ་བརྟེན་ནས་དུས་རབས་ཀྱི་ལས་འགན་འཁུར་བར་སྐུལ་མ་བཏང་བ་ཞིག་ཡིན།

ཁྲི་ཀ་རྫོང་རྨ་སྲིབ་སློབ་ཆུང་གི་ཏང་ཀྲི་པུའི་ཧྲུའུ་ཅིའམ་སློབ་གཙོ་ཀྲང་ཡུས་ཆིང་གིས་བཤད་རྒྱུར། རྒྱང་སྐྱོད་ཀྱི་སྙིང་སྟོབས་ནི་རིན་ཐང་བྲལ་བའི་གསར་བརྗེའི་ཉམས་མྱོང་གལ་ཆེན་ཞིག་ཡིན་པས།ང་ཚོས་སློབ་བུ་ཚོས་ལྟ་འདོད་ལ་སློབ་སྤྲོ་བའི་རི་མོ་རིང་གྲས་བྲིས་ནས་ལོ་ཆུང་གདོང་ལེན་རུ་མིས་རྒྱང་སྐྱོད་ཀྱི་ལམ་བུར་ཕྱིར་མིག་བལྟ་བ་དང་།གསར་བརྗེའི་སྙིང་སྟོབས་ལ་རྒྱུས་ལོན་བྱས་ནས་རྒྱལ་གཅེས་ཀྱི་བསམ་བློ་སེམས་སུ་འཇགས་པར་བྱ་རྒྱུ་དེ་ཡིན་ཟེར།


热门新闻

热门图库

热门排行