གནད་བསྡུས། 详情

《མཚོ་སྔོན་ཞིང་ཆེན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་བའི་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཆར་འགོད》ཁྱབ་བསྒྲགས་བྱས་པ།

《མཚོ་སྔོན་ཞིང་ཆེན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་བའི་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཆར་འགོད་》ལས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་དམ་པོར་དམིགས་ཏེ།2030ལོའི་བར་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་།མི་རིགས་ཁག་གི་བར་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་བྱེད་པ་ཉིན་བཞིན་གཏིང་ཟབ་ཏུ་ཕྱིན་ནས།མི་རིགས་ཁག་གི་མི་དམངས་ཐུན་མོང་ཕྱུག་འགྱུར་ཡོང་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་མི་རིགས་བྱ་བའི་བཅོས་སྐྱོང་ཁྲིམས་སྐྱོང་འཐུས་ཚང་དུ་སོང་ཡོད་ལ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ལུགས་དུ་འགྱུར་བའི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་།ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་སྔར་བས་མངོན་ཡིན་པ་དང་།ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྔར་བས་མི་སེམས་སུ་འཇགས་པར་བྱས་ཡོད།

《འཆར་འགོད》ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམིགས་ནས།མཚོ་སྔོན་གྱིས་ཕྱོགས་བཞིའི་བྱ་བར་གཙོ་གནད་སྒོས་དམ་འཛིན་བྱ་དགོས་ཏེ།ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་།ལོ་རྒྱུས་ལྔ་ཞེས་པར་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་ཏུ་བཏང་ནས་བརྟན་པོ་བཅུ་ལག་ལེན་དུ་བསྟར་བ་དང་།ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་བརྗོད་དོན་གཙོ་བོར་དམིགས་ནས།རིག་གནས་བྱེད་སྒོ་སྟེ་མཚོ་སྔོན་གྱི་ལེའུ་ཞེས་པ་སྤེལ་བ་དང་།རྒྱ་བོད་སྐད་གཉིས་ཀྱི་དཔེ་དེབ་རྩོམ་སྒྱུར་པར་སྐྲུན་ལ་སྐུལ་འདེད་གཏོང་བ།ཡུལ་སྐོར་ཁྱབ་གདལ་གྱི་ཆེད་དོན་འགུལ་སྐྱོད་སྤེལ་བ།ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་མཚོ་སྔོན་གྱི་གཏམ་རྒྱུད་ལེགས་པར་འཆད་པ་དང་། བློ་སེམས་གཅིག་མཐུན་གྱི་བསམ་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་བ།མི་རིགས་ཁག་གི་འགྲོ་འོང་དང་སྤེལ་རེས།མཉམ་འདྲེས་བཅས་ཡོང་བར་སྐུལ་སྤེལ་བཏང་ནས་སྡེ་ཁུལ་གྱི་སེ་འབྲུའི་ཁྱིམ་གཞིས་ཀྱི་རིམ་སྤར་བཟོ་སྐྲུན་ལག་བསྟར་བྱས་ཏེ།ཕན་ཚུན་འབྲེལ་འདྲིས་ཀྱི་སྤྱི་ཚོགས་སྒྲིག་གཞི་དང་སྡེ་ཁུལ་ཁོར་ཡུག་ལེགས་པོ་བསྐྲུན་ཡོད།མི་རིགས་ཁག་གི་འགྲོ་འོང་དང་།སྤེལ་རེས།མཉམ་འདྲེས་བཅས་ཡོང་བར་སྐུལ་སྤེལ་གཏིང་ཟབ་དུ་གཏོང་བའི་འགུལ་སྐྱོད་ཁག་བཅུ་ལག་བསྟར་བྱེད་པ་དང་།གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་དང་གཞོན་ནུའིBAལས་རྩལ་འགྲན་ཚོགས་སོགས་རིག་གནས་ལུས་རྩལ་བྱེད་སྒོ་ཡག་པོ་བསྒྲུབས་ནས་མཉམ་སྡོད་མཉམ་སྦྱོང་དང་།མཉམ་སྐྲུན་མཉམ་སྤྱོད།མཉམ་ལས་མཉམ་སྤྲོ་བཅས་ཀྱི་སྤྱི་ཚོགས་ཁོར་ཡུག་བསྐྲུན་དགོས།མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་།ཐོན་ཁུངས་ཀྱི་དགེ་མཚན་ལ་བརྟེན་ནས་ཁྱད་ལྡན་འདེབས་གསོ་དང་།མི་རིགས་ལག་ཤེས་བཟོ་རྩལ།སྐྱེ་ཁམས་རིག་གནས་ཡུལ་སྐོར་སོགས་དམངས་ཕྱུག་ཐོན་ལས་སྐྱེད་སྲིང་བྱས་ཏེ།དེང་རབས་ཅན་གྱི་ཚོད་ལྟའི་ནུས་པ་མཉམ་དུ་འདོན་སྤེལ་བྱེད་པ་དང་།དབུལ་པོར་སྐྱར་ལོག་དང་དབུལ་པོར་འགྱུར་བར་འགོག་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ།སློབ་གསོ་དང་སྨན་བཅོས།ལས་ཞུགས།རྒན་གསོ་དང་བཅོལ་གཉེར་སོགས་གཞི་རྩའི་སྤྱི་པའི་ཞབས་ཞུ་གཞི་རིམ་གྱི་རོང་འབྲོག་ཁུལ་དུ་ཁེབས་པར་སྐུལ་འདེད་གཏོང་བ།ཕྱུག་འགྱུར་གྱི་དངོས་པོའི་རྨང་གཞི་མཉམ་དུ་ཇེ་བརྟན་དུ་གཏོང་བ་བཅས་བྱས་ཏེ།མི་རིགས་བྱ་བའི་བཅོས་སྒྲིག་དང་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར《ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་བའི་བཅའ་ཁྲིམས》ལག་བསྟར་དོན་འཁྱོལ་བྱེད་པ།མི་རིགས་ཁྱབ་ཁོངས་ཀྱི་ཁྲིམས་སྲོལ་བཟོ་བ་དང་།བཟོ་བཅོས།དོར་བ།གསལ་འགྲེལ་བཅས་ལེགས་པར་བྱེད་པ། དགུ་ལྔའི་ཁྲིམས་ལུགས་ཁྱབ་གདལ་དང་བཅའ་ཁྲིམས་དགུ་སྤེལ་ཟབ་སྤེལ་དང་།གཞི་རིམ་ཏང་རྩ་འཛུགས་སྟོབས་ལྡན་འཛུགས་སྐྱོང་། འབྱུང་རྩ་ནས་ཉེན་ཁའི་བྱུར་རྐྱེན་ངན་སྔོན་འགོག་དང་སེལ་ཐབས་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ།བདེ་སྡོད་ལས་བརྩོན་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱ་དགོས།

热门新闻

热门图库

热门排行