2026ལོའི་རབ་མཛེས་མཚོ་སྔོན་རིག་རྩལ་འཁྲབ་སྟོན་རུ་ཁག་གི་དམངས་ཕན་འཁྲབ་སྟོན་བྱ་འགུལ་དེ་ཐུན་ཏེ་རྫོང་དུ་སྤེལ།
རིག་གནས་དམངས་ཕན་མི་སེམས་ལ་འཇགས་པ། རིག་རྩལ་སྒྲོག་འགྲེལ་གཞི་རིམ་དུ་བསྐྱོད་པ། ཟླ10པའི་ཚེས26ཉིན། 2026ལོར་རབ་མཛེས་མཚོ་སྔོན་རིག་རྩལ་འཁྲབ་སྟོན་རུ་ཁག་གི་དམངས་ཕན་འཁྲབ་སྟོན་བྱ་འགུལ་དེ་ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་བརྡལ་དུ་སྤེལ་ཞིང་། རིག་རྩལ་འཁྲབ་ཚན་དང་སྲིད་ཇུས་ཞབས་ཞུ་སྣ་ཚོགས་མང་ཚོགས་ཀྱི་སྒོ་འགྲམ་དུ་བསྐྱལ་བ་རེད།
འཁྲབ་སྟོན་ཡུལ་དངོས་སུ་འདུ་འཛི་རབ་ཏུ་རྒོད་ཅིང་། གླུ་གར་དང་ཟློས་གར་སོགས་ཁྱད་ཆོས་ལྡན་པའི་ལེ་ཚན་མང་པོ་བསྟུད་མར་འཁྲབ་སྟོན་བྱས་པས་ལྟད་མོ་བ་མི་ཉུང་བ་ཞིག་གི་ཡིད་སེམས་དབང་མེད་དུ་བཀུག་ཡོད། ཐེངས་འདིའི་དམངས་ཕན་འཁྲབ་སྟོན་བྱ་འགུལ་སྤེལ་བའི་དུས་ཡུན་ནི་ཉིན10ཡིན་པ་དང་། ཁུལ་ཡོངས་ཀྱི་སྲིད་འཛིན་སྡེ་བ་དང་སྡེ་ཁུལ50ལྷག་ཏུ་བསྐྱོད་རྒྱུའི་འཆར་གཞི་ཡོད་པ་རེད། བྱ་འགུལ་ལས་རིག་རྩལ་དང་ཞབས་ཞུ་ཟུང་འབྲེལ་གྱི་རྣམ་པ་སྤྱད་དེ། རིག་རྩལ་འཁྲབ་སྟོན་དང་སྲིད་ཇུས་སྒྲོག་འགྲེལ། ཁྲིམས་ལུགས་ཁྱབ་གདལ་དྲིལ་སྒྲོག ཤེས་བྱའི་དྲི་ལན་སོགས་ཀྱི་བྱ་འགུལ་དུས་མཉམ་དུ་སྤེལ་ནས། མང་ཚོགས་ལ་ལྟད་མོ་གྱ་ནོམ་པ་ཞིག་མྱོང་རོལ་ཐུབ་པར་བྱས་པ་མ་ཟད། སྲིད་ཇུས་དང་ཁྲིམས་སྲོལ་གྱི་ཤེས་བྱ་ལའང་སློབ་སྦྱོང་བྱེད་ཐུབ་པར་བྱས།
མཚོ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པའི་འཁྲབ་སྟོན་པ་ཀླུ་མོ་ཚེ་རིང་གིས་བཤད་རྒྱུར། ཐེངས་འདིར་རིག་རྩལ་འཁྲབ་སྟོན་རུ་ཁག་གིས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རྣམ་པར་བཞད་པ་ཞེས་པའི་དམངས་ཕན་འཁྲབ་སྟོན་གྱི་བྱ་འགུལ་སྤེལ་ཞིང་། ང་ཚོས་ས་ཆ་གང་དུ་འཁྲབ་སྟོན་བྱས་ན་གནས་དེ་གར་དྲིལ་སྒྲོག་དང་ཞབས་ཞུ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་པ་ཡིན་ལ། ཅན་བཅུའི་ཏང་འཛུགས་སྐྱོང་ལ་གཞི་བཙུགས་ནས་སྲིད་ཇུས་སྒྲོག་འགྲེལ་དང་ཁྲིམས་སྐྱོང་ཁྱབ་གདལ། ཤེས་བྱའི་དྲི་ལན། ཟློས་གར་བཅས་སྡེ་བ་དང་རིག་རྩལ་འཁྲབ་སྟོན་གྱ་ནོམ་པ་ཞིག་མང་ཚོགས་ཀྱི་སྒོ་ཁར་བསྐྱལ་ཏེ། མང་ཚོགས་ཀྱིས་གོ་ཐུབ་པ་དང་ལྟ་འདོད་པའི་བྱེད་ཐབས་སྤྱད་དེ་ཏང་གི་བཀའ་དང་ཁྲིམས་སྐྱོང་གི་འདུ་ཤེས། མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་བཅས་སྡེ་བ50ལྷག་ལ་བསྐྱལ་ནས། རིག་གནས་དམངས་ཕན་དང་གཞི་རིམ་སྒྲོག་འགྲེལ་ཕན་འབྲས་མངོན་པ་ཡིན་ཟེར།
ཐེངས་འདིའི་བྱ་འགུལ་ལས་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པས་ཏང་གི་སྲིད་ཇུས་བརྒྱུད་བསྒྲགས་དང་མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ། གཞི་རིམ་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་མུ་མཐུད་དུ་ཕུན་སུམ་ཇེ་ཚོགས་བཅས་སུ་བཏང་ནས། རིག་གནས་དམངས་ཕན་གྱི་གྲུབ་འབྲས་མངོན་པར་བྱས།