གནས་ཚུལ། 详情

གུང་ཧོ་རྫོང་གིས་ཁོར་ཡུག་འཕྲོད་བསྟེན་ལས་བཟོ་པའི་དུས་ཆེན་གྱི་འཚམས་འདྲིའི་བྱེད་སྒོ་སྤེལ།

 ཟླ10པའི་ཚེས26ཉིན་གུང་ཧོ་རྫོང་གིས་ཁོར་ཡུག་འཕྲོད་བསྟེན་ལས་བཟོ་པའི་དུས་ཆེན་གྱི་འཚམས་འདྲི་དང་ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ་ནས་རྒྱལ་ཡོངས་ཀྱི་ཁོར་ཡུག་འཕྲོད་བསྟེན་ལས་བཟོ་པའི་དུས་ཆེན་ཐེངས29པར་རྟེན་འབྲེལ་ཞུས་པ་རེད། བྱེད་སྒོའི་ཡུལ་དངོས་སུ་རྫོང་དུ་བཅའ་སྡོད་བྱས་ཡོད་པའི་བྱམས་ལྡན་ཁེ་ལས་བཞི་ཡིས་རོགས་རམ་བྱས་ཏེ་སྤྱོད་གོ་ཆོད་པའི་དངོས་ཟོག་རྟག་ཏུ་ཁྲོམ་གཞུང་དུ་ཁོར་ཡུག་གད་བདར་ལ་གཞོལ་བའི་ལས་བཟོ་པའི་ལག་ཏུ་བསྐྱལ་ནས་གྲོང་ཁྱེར་གྱི་ཁོར་ཡུག་གད་བདར་བྱེད་མཁན་ལ་གུས་འདུད་ཞུས་པ་རེད།

དུས་ཡུན་རིང་པོར་གུང་ཧོ་རྫོང་གི་རྒྱ་ཆེའི་ཁོར་ཡུག་འཕྲོད་བསྟེན་ལས་བཟོ་པས་མཐོ་སྒང་གི་ཁ་ཆར་བུ་ཡུག་དང་གྲང་ངར་ལ་མ་འཛེམ་པར་ལས་གནས་བརྟན་སྲུང་བྱས་ཏེ།འགྲོ་ལམ་གཙང་ཕྱགས་དང་འཚོ་བའི་གད་སྙིགས་བསྡུ་རུབ་དབོར་འདྲེན།ཐག་གཅོད་སོགས་ཀྱི་ལས་དོན་སྒྲུབ་འགན་འཁུར་བ་དང་། དུས་རྒྱུན་གྱི་དཀའ་སྤྱད་འབད་འབུངས་དང་བློས་གཏོང་ལ་བརྟེན་ནས་རྫོང་མཁར་གྱི་གཙང་ཞིང་གྲལ་དག་པའི་འཚོ་གནས་ཁོར་ཡུག་ལ་སྲུང་སྐྱོང་བྱས་ཤིང་།བྱེད་སྒོའི་ཡུལ་དངོས་སུ་ཞལ་འདེབས་འབུལ་བའི་མཛད་སྒོ་བསྡུས་ནས་ལོ་འཁོར་གྱི་ཁོར་ཡུག་འཕྲོད་བསྟེན་གྱི་ཕུལ་བྱུང་ལས་བཟོ་བར་གཟེངས་རྟགས་གནང་བར་མ་ཟད། རིན་མི་དགོས་པའི་གཟུགས་པོའི་བརྟག་དཔྱད་བྱང་བུ་དང་འཚམས་འདྲིའི་དངོས་ཟོག འབྲས་དང་གྲོ་ཕྱེ། བཟའ་སྣུམ་སོགས་འཚམས་འདྲིའི་དངོས་པོའང་སྤྲད་དེ་ཁེ་ལས་ཀྱིས་སྤྱི་ཚོགས་འགན་འཁྲི་ལག་བསྟར་བྱས།

ཞིང་ལས་དངུལ་ཁང་གུང་ཧོ་རྫོང་ཡན་ལག་དངུལ་ཁང་གི་སྤྱི་ཁྱབ་ཏང་ཀྲི་པུའུ་ཧྲུའུ་ཅིའམ་མགོ་གཙོ་ཀྲུང་ལིང་གིས་བཤད་རྒྱུར། ཐེངས་འདིར་མ་དངུལ་སྒོར་ཁྲི15གྲབས་གསོག་བྱས་ནས་རང་རེའི་རྫོང་གི་ཁོར་ཡུག་འཕྲོད་བསྟེན་ལས་བཟོ་པར་གྲང་འགོག་ལྭ་བ་ཆ་ཚང310ཞལ་འདེབས་སུ་ཕུལ་བ་དང་ཐེངས་འདིའི་གྲང་འགོག་དངོས་ཟོག་གིས་ཚང་མའི་དགུན་དུས་ཀྱི་ལས་སྒྲུབ་ལ་དྲོད་ཁོལ་སྦྱིན་ཐུབ་པའི་རེ་བ་ཡོད་ཟེར།

ཐེངས་འདིའི་འཚམས་འདྲིའི་བྱེད་སྒོ་སྤེལ་བ་ནི་ཁོར་ཡུག་འཕྲོད་བསྟེན་ལས་བཟོ་པར་དུས་ཆེན་གྱི་སྨོན་འདུན་ཞུས་པ་ཞིག་ཡིན་ལ།སྤྱི་ཚོགས་ཀྱི་སྟོབས་ཤུགས་སྔར་བས་མང་པོས་ཁོར་ཡུག་འཕྲོད་བསྟེན་ལས་དོན་ལ་རྒྱུས་ལོན་དང་ཕྱི་རོལ་གྱི་ངལ་རྩོལ་པར་གཅེས་སྐྱོང་བྱ་རྒྱུར་སྐུལ་ཁྲིད་བྱས་ཏེ། ཚང་མས་ངལ་རྩོལ་ལ་བརྩི་འཇོག་དང་ཁོར་ཡུག་ལ་གཅེས་སྐྱོང་བྱེད་པའི་རྣམ་པ་བཟང་པོ་ཞིག་གཏོད་རྒྱུའི་རེ་བའང་ཡོད།


热门新闻

热门图库

热门排行