གནས་ཚུལ། 详情

མཚོ་ལྷོ་ཁུལ་གྱིས་དུས་མཚམས་གཙོ་བོའི་བདེ་འཇགས་སྔོན་འགོག་བྱ་བའི་བཀོད་སྒྲིག་གི་བརྙན་རིས་གྲོས་ཚོགས་བསྡུས།

   ཟླ10པའི་ཚེས23ཉིན།ཞིང་ཆེན་ཡོངས་ཀྱི་བདེ་འཇགས་སྔོན་འགོག་བྱ་བའི་བརྙན་རིས་བཀོད་གཏོང་གྲོས་ཚོགས་མཇུག་བསྒྲིལ་རྗེས།མཚོ་ལྷོ་ཁུལ་གྱིས་དེ་མ་ཐག་ཏུ་ཁུལ་ཡོངས་ཀྱི་དུས་མཚམས་གཙོ་བོའི་བདེ་འཇགས་སྔོན་འགོག་བྱ་བའི་བརྙན་རིས་གྲོས་ཚོགས་བསྡུས་ཏེ།རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་བྱ་བའི་ཚོགས་འདུའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་གཙོ་བོའི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་བརྒྱུད་བསྒྲགས་ལག་བསྟར་བྱས་པ་མ་ཟད།མིག་སྔའི་ཁུལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་གནོད་འགོག་གནོད་སེལ་གནས་བབ་ལ་གནད་ཁེལ་ངང་དབྱེ་ཞིབ་དང་།དུས་མཚམས་གཙོ་བོའི་བདེ་འཇགས་སྔོན་འགོག་དང་སྟོན་དགུན་དུས་ཚིགས་ཀྱི་གནོད་འགོག་གནོད་སེལ་སོགས་ཀྱི་གཙོ་གནད་བྱ་བར་ཡང་དང་བསྐྱར་དུ་བཀོད་སྒྲིག་ཞིབ་ཚགས་བྱས། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ།ཁུལ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ་སུན་ཅུན་ཞཱ་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད་སྤེལ།

གྲོས་ཚོགས་ལས་མིག་སྔར་དུས་ཚིགས་བཞི་པའི་ལས་གཞི་མཇུག་བསྡུ་བ་དང་དགུན་དུས་ཀྱི་གནམ་གཤིས་མི་ལེགས་པ།ཉེན་ཁ་སྣ་ཚོགས་འབྱུང་སླ་བ་བཅས་ཀྱི་གནད་འགག་གི་དུས་རིམ་ལ་སླེབས་པས།བདེ་འཇགས་ཐོན་སྐྱེད་དང་གནོད་འགོག་གནོད་སེལ་གྱི་གནས་བབ་ཛ་དྲག་ཆེ་ལ་རྙོག་འཛིང་ཡིན་པ་དང་།ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་སུ་བཏང་སྟེ།ལོ་མཇུག་ལྷོད་གཡེང་མི་བྱེད་པ་དང་སྟེས་དབང་གི་བསམ་བློ་དོར་ནས།མཐའ་ཚད་བསམ་བློ་དང་མཚམས་ཐིག་བསམ་བློ་བརྟན་པོར་བཙུགས་ཏེ།ཁོངས་གཏོགས་ས་ཁུལ་དང་སྡེ་ཁག ཁེ་ལས་བཅས་ཕྱོགས་གསུམ་གྱི་བདེ་འཇགས་འགན་འཁྲི་ལག་བསྟར་ནན་མོ་བྱས་ནས།དུས་རྒྱུན་དུ་བྱུར་རྐྱེན་ལ་གྲལ་བཤེར་དང་བཅོས་སྐྱོང་བྱེད་པ་དང་དོན་རྐྱེན་གྱི་ཉེན་བརྡ་བཏང་སྟེ། དོན་རྐྱེན་ཚབས་ཆེན་མི་འབྱུང་བའི་འགོག་སྲུང་བརྟན་པོར་བཏང་སྟེ།ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་རྒྱལ་ཁའི་ངང་འཚོགས་པར་སྤྱི་ཚོགས་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས་ཞེས་བསྟན།

热门新闻

热门图库

热门排行